ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་རྟོག་ཞིབ་བྱས།
2019.08.01 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 13

 ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱས་ནས་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་ལྟ་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྗོད་དོན་སློབ་གསོ་བརྟན་བརླིང་ངང་སྤེལ་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། རྒྱལ་ཁོངས་ལྗང་བསྒྱུར་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བར་དོ་སྣང་བྱེད་པ། རྒྱལ་ཁོངས་ལྗང་བསྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དེ། ཁོར་ཡུག་སྲུང་སྐྱོབ་དེ་མཚོ་སྔོན་འཕེལ་རྒྱས་ཀྱི་རང་མདངས་སུ་འགྱུར་བར་བྱེད་དགོས་ཟེར།

ལིག་ཉིང་སོགས་ཀྱིས་བྱང་རིའི་སྐལ་བཟང་གི་སྙིང་སྟོབས་སློབ་གསོ་རྟེན་གཞི་རུ་ལྟ་སྐོར་བྱས་པར་མ་ཟད་ཁོའི་དུར་སའི་མདུན་དུ་མེ་ཏོག་སི་ར་ཕུལ། ལྷོ་རི་དང་བྱང་རིའི་ཡུལ་དངོས་ནས་ལྗང་བསྒྱུར་གྲུབ་འབྲས་ལྟ་ཞིབ་བྱེད་པ་དང་རྒྱལ་ཁོངས་ལྗང་བསྒྱུར་བྱ་བའི་གནས་ཚུལ་ཐད་ཀྱི་བཞུགས་མོལ་བྱེད་སྐབས། ལིག་ཉིང་གིས་བཤད་རྒྱུར། སྐལ་བཟང་གིས་ལོ་བཅོ་བརྒྱད་ལ་རི་རྒོད་དམ་སྲུང་བྱས་པ་དང་ལྗང་བསྒྱུར་ནགས་བསྐྲུན་བྱས་ནས། འགུལ་སྐྱོད་དངོས་དང་རང་ཉིད་བློས་གཏོང་ཕོད་པའི་སྙིང་སྟོབས་ཀྱིས་གུང་ཁྲན་ཏང་མིའི་རང་མདངས་དང་མང་ཚོགས་ཀྱི་རང་མདངས་མངོན་པར་བྱས་པ་དང་། དེ་ནི་ང་ཚོས་རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་སྤེལ་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན། སྐལ་བཟང་གི་བརྟན་སྲུང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་པ་དང་འགན་འཁྲི་ཕྲག་ཏུ་བླངས་ནས། བརྗོད་དོན་སློབ་གསོར་བརྟེན་ནས་བྱ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། བྱ་བ་ལག་བསྟར་གྱི་གྲུབ་འབྲས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ལྟ་ཞིབ་རྩིས་ལེན་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་ན། སློབ་སྦྱོང་དང་ངོས་འཛིན། ལག་བསྟར་གསུམ་སྦྲེལ་མཐུད་བྱེད་པ་དང་། རྒྱུས་ལོན་དང་ཡིད་ཆེས། འགུལ་སྐྱོད་གསུམ་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། གྲུབ་འབྲས་དངོས་ལ་དོ་སྣང་བྱས་ཏེ། གནད་དོན་དངོས་ཐག་གཅོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རི་ལྗང་ཆུ་དྭངས་གསེར་དངུལ་རུ་ལས་ལྷག་པའི་གཞུང་ལུགས་ལག་བསྟར་ནན་མོ་བྱེད་པ། ཆེས་ཆེ་བ་གསུམ་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ལྷོ་བྱང་རིའི་དུས་སྐབས་བཞི་བའི་ལྗང་བསྒྱུར་བཟོ་སྐྲུན་དང་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ནགས་རྩྭའི་འཕེལ་རྒྱས་འཆར་འགོད་ཞིབ་འཇུག་དང་རྣམ་པ་གསར་བའི་གྲོང་གསེབ་ཅན་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། མིག་རྒྱ་སྔར་ལས་ཆེན་པོས་གྲུབ་ཚུལ་ལ་འཆར་འགོད་བྱེད་པ་དང་། ལྗང་མདོག་རང་མདངས་སུ་བྱེད་པ། ཕྱོགས་བསྡུས་སྒོས་ཤུགས་འདོན་པ། འཐུས་ཚང་བའི་སྒོ་ནས་བཅོས་སྐྱོང་བྱེད་པ། འཆམ་མཐུན་མཉམ་གནས་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་རྒྱབ་ལྗོངས་ཆེན་པོའི་འོག་དང་ད་ཡོད་ཀྱི་ལྗང་བསྒྱུར་ནགས་བསྐྲུན་གྱི་རྨང་གཞིའི་འོག ལག་རྩལ་དང་དོ་དམ། འདེབས་འཛུགས་ཟུང་འབྲེལ་བྱེད་པ་དང་རི་ཆུ་གླིང་གསུམ་མཉམ་བསྲེས་བྱེད་པ། གྲོང་ཁྱེར་དང་རྫོང་། གྲོང་གསེབ་གསུམ་མཉམ་མཐུད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཟི་ལིང་ལྗང་མདོག་གི་ལྷོ་བྱང་རིའི་བསྐོར་བའི་སྤྱི་གླིང་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། སྟེགས་བུ་སྔར་ལས་ཆེན་པོའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་སྐུལ་འདེད་གཏོང་བ་དང་། ཚན་རིག་རང་བཞིན་དང་རྒྱུན་མཐུད་རང་བཞིན། ལག་བསྟར་རང་བཞིན་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁོངས་ལྗང་བསྒྱུར་བྱེད་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ། རྒྱལ་ཁོངས་ལྗང་བསྒྱུར་གྱི་དངུལ་གཏོང་རྐྱེན་སྲོལ་གསར་གཏོད་བྱེད་པ། སྟོབས་ཤུགས་སྔར་ལས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་བྱས་ནས། ལྗང་རྒྱལ་ཁོངས་ལྗང་བསྒྱུར་ལ་བརྟེན་ནས་མི་དམངས་ཕྱུག་པོར་བསྒྱུར་བ་དང་སྐྱེ་ཁམས་ལ་བརྟེན་ནས་མི་དམངས་ལ་ཁེ་ཕན་བསྐྲུན་དགོས་ཟེར།

གཞན་ཡང་། ལིག་ཉིང་གིས་མཚོ་ཤར་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ལེགས་སྒྲིག་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱས།

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས། དེ་གའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ལེགས་སྒྲིག་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དངོས་འབེབས་མཐར་ཕྱིན་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་གྱི་གོ་སྐབས་ལ་བརྟེན་ནས། གནད་དོན་ལ་ཞིབ་བཤེར་ནན་མོ་བྱེད་དགོས་ཤིང་། དུས་ལྟར་མང་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་ལ་ཨ་ལན་སྤྲད་དེ། ལེགས་སྒྲིག་བྱ་བ་དམ་པོར་འཛིན་དགོས་པ་ལས་གཞན། རང་སྟེང་གི་སད་རྟོགས་དང་བྱེད་ནུས་ཇེ་མཐོར་འགྲོ་བ་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལམ་ལུགས་བསྐྲུན་རྒྱུ་དང་དེ་ལག་བསྟར་བྱེད་རྒྱུ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ནང་སྙིང་གལ་ཆེན་ཡིན། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བར་བྱེད་རྒྱུ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་བླ་མེད་བྱས་ཏེ། ཏང་དང་མི་དམངས་ཀྱི་ལས་དོན་ལ་འགན་གཙང་ལེན་བྱེད་ཀྱིན་པའི་སྙིང་སྟོབས་ཀྱི་ཁུར་འདེགས་ལ་བརྟེན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་སྟེང་དུ་ལེན་དགོས་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།