ཝང་ཅན་ཅུན་གྱིས་མཚོ་སྐོར་ས་ཁུལ་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལེགས་སྒྲིག་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས།
2019.08.05 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 9

 ཟླ་བརྒྱད་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་མཚོ་སྔོན་པོའི་ཉེ་འཁོར་གྱི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུག་ས་ཁུལ་ཏུ་སོང་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལེགས་སྒྲིག་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་ལེགས་སྒྲིག་བྱ་བ་བློ་ཐག་ཆོད་པའི་སྒོ་ནས་ཡོངས་འགྲུབ་བྱེད་རྒྱུ་དང་། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་རིན་ཐང་ལྟ་བ་སྔར་ལས་ཇེ་དྲག་ཏུ་གཏོང་བ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་པོ་བྱེད་པ་བཅས་ལ་འབད་དེ། གནས་འདི་རུ་གཞིས་ཆགས་པའི་མང་ཚོགས་རྣམས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་དུ་འཇུག་པ་དང་། གནམ་སྔོན་ཞུན་མ་ས་ལ་འཕོས་འདྲའི་མཚོ་སྔོན་པོ་འདི་ཉིད་ང་ཚོའི་འཛད་མེད་ཀྱི་རྒྱུ་ནོམ་ལེགས་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་པོའི་ཉེ་འཁོར་ནས་མཚོ་སྐོར་ནུབ་ངོགས་ཀྱི་སྒྲིག་འགལ་ངང་མགྲོན་ཁང་དང་ཟ་ཁང་འཛུགས་སྐྲུན་བྱེད་པའི་ལེགས་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཡུལ་དངོས་ནས་རྟ་ནག་མ་ཆུ་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་བཙོག་ཆུ་འདོར་ལེན་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཞིབ་ལྟ་བྱས། ཁོས་བསྟན་དོན། མཚོ་སྔོན་པོ་ཧ་ཅང་ཆེ་བས་ཇེ་ཆུང་དུ་བྲི་མི་རུང་། བསྟུད་མུར་ལོ་བཅུ་གཅིག་གི་རིང་ལ་མཚོ་མོ་འདིའི་ཆུ་རྒྱུན་ཆད་མེད་པར་ཆེ་ནས་ཆེ་རུ་རྒྱས་ཀྱིན་འདུག་པས། སྐྱེ་ཁམས་ཀྱི་འཕེལ་སྟངས་ལེགས་པོ་འདི་ལྟ་བུ་རྒྱུན་འཁྱོངས་གང་ལེགས་བྱེད་དགོས། མཚོ་སྔོན་པོ་ཧ་ཅང་མཛེས་པས་ཇེ་བཙོག་ཏུ་འགྲོ་མི་རུང་། མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་མཛེས་པའི་མཚོ་ཆེན་པོ་ལྔའི་རབ་དང་རྩེ་མོ་ན་གནས་ཡོད་པས། མཚོ་སྔོན་པོར་སྲུང་སྐྱོབ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། མཚོ་མོ་འདི་སྔར་ལས་མཛེས་སྡུག་ལྡན་ཞིང་སྔོ་ལྟེམས་མེར་འཁྱིལ་བ། འབག་བཙོག་བག་ཙམ་ཡང་མི་འབྱུང་བར་ཁག་ཐེག་བྱས་ནས། ཀུན་གྱིས་མཚོ་སྔོན་པོ་ནི་ས་སྒང་འདིའི་བླ་གབ་སྟེང་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་ཏུ་བསྔགས་ཀྱིན་ཡོད་ན། ང་ཚོས་ཁོ་མོ་དུས་རྟག་པར་བཀྲག་མདངས་ལམ་ལམ་འཚེར་ཞིང་མིག་གི་རྣོ་ངར་འཕྲོག་པའི་སྐར་མ་འོད་ཆེན་ཞིག་ཏུ་འགྱུར་རུང་བའི་འགན་འཁྲི་ལྕི་མོ་ཕྲག་སྟེང་དུ་བླངས་ནས། མཚོ་སྔོན་པོའི་རླབས་ཕྲེང་ནམ་ཡང་ཆལ་ཆིལ་ཡམ་ཡོམ་ངང་མཆེད་ཐུབ་པར་འགན་སྲུང་བྱས་ཏེ། ཆེས་ཆེ་བ་དང་ཆེས་མཛེས་པ། ཆེས་གཙང་བ། ཆེས་བཟང་བ་བཅས་སུ་འགྱུར་བར་བྱས་མཐར། མཚོ་སྔོན་པོའི་གཟི་བརྗིད་དང་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།