རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ཟི་ལིང་ནས་བསྡུས།
2019.08.21 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 41

 ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ནགས་ལས་རྩྭ་ས་ཅུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་སྒོས་བསྒྲུབས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ཟི་ལིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

གླེང་སྟེགས་འགོ་རྩོམ་མཛད་སྒོའི་སྟེང་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཞའོ་ཀོང་གིས་ཤིས་ཚིག་ཕུལ་བར་མ་ཟད་བརྗོད་དོན་གཏམ་བཤད་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་ཤིས་ཚིག་ཕུལ། རྒྱལ་ཁབ་ནགས་ལས་རྩྭ་ས་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཅན་ལུང་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཧུང་རོན་ཆིག  ཆིན་ཧྭ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཞུའུ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཀྲང་གཞོན་པ་ཀྲང་ཡ་ཕིང་སོགས་ཀྱིས་རིམ་པ་བཞིན་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་རྩོམ་མཛད་སྒོར་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་མཛད་སྒོར་ཞུགས།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གླེང་སྟེགས་སྟེང་ཕེབས་པའི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལས་བྱུང་བའི་གྲུབ་འབྲས་རྨ་མེད་པ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་གྲོས་ཚོགས་ལ་དབུ་འཛིན་གནང་ནས། ཀྲུང་གོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིར་གྲོས་མོལ་མཛད་དེ་གྲོས་འཆམ་བྱུང་བར་མ་ཟད། མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཆེས་ཆེ་བ་གསུམ་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བར་མ་ཟད། ད་ཐེངས་ཀྱང་གླེང་སྟེགས་སྐབས་དང་པོ་བསྡུས་པར་རྟེན་འབྲེལ་འཕྲིན་ཡིག་བསྐུར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཁྲིད་སྟོན་འོག་ཏུ། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ངེས་པར་དུ་བླ་ན་མེད་པ་ཞིག་འཁྱོངས་པར་ཡིད་ཆེས་ཡོད། མཚོ་སྔོན་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དངོས་འབེབས་མཐར་ཕྱིན་བྱེད་པའི་གདམ་ག་ཆེན་པོ་ཞིག་ཡིན། གདམ་ག་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱེད་པའི་གདམ་ག་ཞིག་དང་། ཆབ་སྲིད་བརྩི་བ་དང་སྐྱེ་ཁམས་གཙིགས་སུ་འཛིན་པ། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་བཅས་ཀྱི་གདམ་ག་ཞིག་ཀྱང་ཡིན་པར་མ་ཟད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་རིན་ཐང་ཅིག་ཅར་མངོན་ས་དང་མི་དམངས་ཀྱི་ལག་ལེན་དང་ལོ་རྒྱུས་ཉམས་སད་ཐེག་ཐུབ་པའི་གདམ་ག་ཞིག་ཀྱང་ཡིན། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མཚོ་སྔོན་དུ་བསྡུས་པ་དེས་མཚོ་སྔོན་རྒྱལ་ཡོངས་ལ་ཕྱོགས་པ་དང་འཛམ་གླིང་ལ་བསྐྱོད་པའི་སྒེའུ་ཁུང་ཡངས་པོར་ཕྱེས་པ་མཚོན། དེ་མིན་ད་དུང་ང་ཚོས་ངེས་པར་དུ་ཁེངས་སྐྱུང་གི་བསམ་པ་དང་རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པ། རང་བྱུང་ཁམས་ལ་རུང་བསྟུན་བྱེད་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་གལ་ཆེན་རང་བཞིན་སེམས་ལ་ངེས་སུ་བཅུག་ནས། ཤེས་རབ་དང་འདུ་ཤེས། ལག་ལེན་བཅས་ལ་བརྟེན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བའི་དེང་རབས་ཅན་གྱི་རྣམ་པ་གསར་བ་ཞིག་ཀྱང་ཡིན། དེ་མིན་ད་དུང་རྒྱལ་ཡོངས་དང་འཛམ་གླིང་ལ་ཁ་ཕྱོགས་པ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དྲིལ་སྒྲོག་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཀྱང་ཡིན་ཟེར།

ལིག་ཉིང་གིས་འགོ་འཛིན་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ནི་རང་རྒྱལ་ནས་བསྡུས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཐོག་མ་ཡིན་ལ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གསར་ཤོས་ཆེ་བའི་གྲུབ་འབྲས་མངོན་སའི་བརྒྱུད་ལམ་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་བསྐུར་གནང་མཛད་པ་དེས། མི་སེམས་ལ་དྲོད་ཁོལ་དང་སྐུལ་འདེད་ཀྱི་ངར་ཤུགས་བསྩལ་བར་མ་ཟད། ཀྲུང་དབྱང་གི་ཐུགས་ཁུར་ཟབ་བཞེས་དང་སྐྱེ་ཁམས་དཔལ་ཡོན་དགོངས་པ་འབུར་དུ་ཐོན་པའི་ཆ་མངོན་ཡོད། དེ་མིན་ད་དུང་གླེང་སྟེགས་བཟང་བོར་བསྒྲུབ་པ་དང་རྒྱལ་ཁབ་སྤྱི་གླིང་བཟང་པོར་བསྐྲུན་པ་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་དང་གཞི་རྩའི་ཆོས་ཉིད་འདོན་སྤྲོད་བྱས་ཟེར།

ལིག་ཉིང་གིས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་བསྐྲུན་རྒྱུ་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ནང་དོན་གལ་ཆེན་ཡིན་ལ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་བསྐྲུན་པའི་གསར་གཏོད་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འོས་འགན་ཕྲག་སྟེང་དུ་འཁུར་བའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རེ་ལྟོས་དང་མངགས་བཅོལ་ཟབ་མོ་ཡིད་ལ་རྟག་པར་ཉར་ཏེ། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་ནན་མོ་བྱེད་དགོས་ལ། སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། མཉམ་སྤྱོད་རྐྱེན་སྲོལ་འཛུགས་པ། ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་བཅས་ལ་འབད་དེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཝེ་མེན་དང་། རྒྱལ་ཁབ་ནགས་ལས་རྩྭ་ས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཁྲོན་ལེང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་བཅས་མཛད་སྒོར་ཞུགས། 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།