མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྐྱེ་ཁམས་འཕོ་འགྱུར།
2019.09.05 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 24

 མཚོ་སྔོན་ནི་ཀྲུང་གོའི་ནུབ་བྱང་དུ་གནས་ཤིང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ། “ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ཡོད། ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་མགོ་ནས་གདང་ལ་རི་བོ་དང་། མཚོ་སྔོན་པོ་ནས་ཁུ་ནུ་རི་བོ་བར་མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད། དེའི་ནང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལྟ་སྲུང་པར“ཁྱིམ་ཚང་རེར་ལས་རྐང་རེ”ཁྱབ་ཡོད་པ་དང་། འབྲོག་པ་ཁྲི་གཅིག་དང་སྟོང་བདུན་ལྷག་གིས་ཕྱུགས་རིགས་བསྐྱུར་ནས་སྐྱེ་ཁམས་བསྲུང་བ་དང་། མཚོ་སྔོན་པོའི་སྐྱེ་ཁམས་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ཙོང་ཉའི་ཐོན་ཁུངས་གསོག་ཚད2002ལོ་ལས་ལྡབ34འཕར་བ་དང་། གཙོད་ཀྱི་གྲངས་ཀ་ཐོག་མའི་སྲུང་སྐྱོབ་དུས་ལས་ལྡབ་3ལྷག་ཙམ་འཕར་ཡོད། མཚོ་སྔོན་གྱི་མི་རིགས་ཁག་གི་མི་གྲངས་ས་ཡ་དྲུག་གིས་སྤྱི་ལེ་གྲུ་བཞི་མ་འབུམ་བདུན་ཁྲི་གཉིས་ཀྱི་མཚོ་བོད་ས་མཐོའི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་མགོ་དང་། སྔོ་ཞིང་དྭངས་པའི་རི་ཀླུང་ཆུ་གསུམ། མཛེས་ཤིང་སྡུག་པའི་འཚོ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་བཀྲག་མདངས་འཚེར་བའི་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་ཞིག་བསྐྲུན་ཡོད་པ་རེད།

མཚོ་སྔོན་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་པ་སྔ་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་ལ། མིག་སྔར་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གཅིག་པུའང་ཡིན། ལོ་འགའི་རིང་ལ། ས་གནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས། རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལག་ལེན་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་ཞིག་གཏོད་ཆེད་འཛམ་གླིང་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།

གཙང་གསུམ་འབྱུང་ཡུལ་ནི་འཛམ་གླིང་གི་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་ཤིག་ཡིན་པས། དེ་ནི་ཨེ་ཤེ་ཡའི་གལ་ཆེ་བའི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡིན་པ་ཀུན་གྱིས་ཁས་ལེན་བྱེད་ཀྱིན་ཡོད།

ས་གཙང་འདིར་སྲུང་སྐྱོང་བྱ་ཆེད། 2005ལོ་ནས་བཟུང་རང་རྒྱལ་གྱིས་སྔ་རྗེས་སུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པའི་ལས་གཞི་ལག་བསྟར་བྱས་པ་དང་། ད་ལྟའི་བར་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར180ལྷག་ཙམ་བཏང་ཡོད་པ་རེད། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་འདི་གར་མགོ་ཚུགས་ཤིང་། གླིང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་སྟོང་གསུམ་ཆིག་བརྒྱ་ཟིན་པ་དང་། དེའི་མངའ་ཁོངས་སུ་འབྲི་ཆུའི་མགོ་ཁུངས་དང་། རྨ་ཆུའི་མགོ་ཁུངས། རྫ་ཆུའི་མགོ་ཁུངས་བཅས་ཡན་ལག་གླིང་ཁུལ3བཙུགས་ཡོད་པ་རེད།

2004ལོ་ནས་བཟུང་། གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབུམ་གཅིག་ཙམ་རྩྭ་ཐང་ནས་གནས་སྤོས་པ་དང་། 2006ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་དུ་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་ལ་དཔྱད་ཞིབ་མེད་པར་བཟོས་པ་དང་། སྨད་རྒྱུད་དུ་སྐྱེ་ཁམས་རྒྱུ་ནོར་དེ་བས་མང་བོ་སོར་འཇོག་བྱ་ཆེད། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོའི་ཁོངས་གཏོགས་རྫོང8དང་གཙོ་གནད་སྐྱེ་ཁམས་ཁོངས་གཏོགས་རྫོང20ཡི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་དང་། བཟོ་ལས་ཀྱི་འཕར་སྣོན་རིན་ཐང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག ནོར་སྲིད་ཡོང་འབབ་བཅས་ཀྱི་དཔྱད་ཞིབ་དམིགས་ཚད་ཁག་བཞི་མེད་པར་བཟོས་པ་རེད། 2018ལོའི་ཟླ10པར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད།

རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བ་མགྱོགས་མྱུར་ངང་སྤེལ་བཞིན་ཡོད་ལ།  ས་གནས་མང་ཚོགས་སྔར་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོབ་དང་དོ་དམ་ནང་ཞུགས་ཆེད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྤྱི་ཕན་ལས་རྐང་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཙུགས་པ་དང་། ཁྱིམ་ཚང་རེར་ཡོང་འབབ་ཆ་སྙོམས་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་།

འཛམ་གླིང་གི་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན་པའི་མཚོ་སྔོན་གྱིས་ཉེ་བའི་ལོ་ཤས་རིང་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་ཐོག་མ་བསྐྲུན་མགོ་ཚུགས་པ་རེད།

སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཐོག་ཆེད་མཁས་པས་བསྟན་དོན། མི་རབས་ནས་མི་རབས་བར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཁུལ་དུ་གནས་པའི་འབྲོག་པ་མང་ཚོགས་ལ་མཚོན་ནས་བཤད་ན། གཙང་གསུམ་འབྱུང་ཡུལ་ནི་ཁོ་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ས་གནས་མང་ཚོགས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཁྲོད་ཐད་ཀར་ཞུགས་སུ་བཅུག་པ་དེ་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཀྱི་ཁྱད་ཆོས་ཞིག་ཡིན་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་དེའང་འབྱུང་འགྱུར་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་གནད་འགག་ཞིག་ཏུ་གྱུར་ཡོད།

མཚོ་སྔོན་འདི་ཉིད་ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ནང་ཞུགས་མཁན་གལ་ཆེན་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་བྱེད་མཁན་བཅས་སུ་འགྱུར་བཞིན་ཡོད། ཀྲུང་གོའི་འབྱུང་འགྱུར་གྱི་རྒྱལ་ཁབ་སྤྱི་གླིང་ལའང་འཛམ་གླིང་གིས་རེ་བཞག་ཆེན་པོ་བཅངས་ཡོད། གཙང་གསུམ་མགོ་ཁུངས་སུ་རྟོག་ཞིབ་ཐེངས་མང་བྱེད་མཁན་དབྱིན་ཇིའི་ཁོར་ཡུག་དང་འདབ་ཆགས་རིགས་ཀྱི་ཆེད་མཁས་པ་ཐང་རུའེ་ཡིས་གསར་འགོད་པར་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་མི་རྣམས་ཀྱིས་རང་བྱུང་དང་འབྲེལ་འདྲིས་བྱེད་པ་དང་རང་བྱུང་གི་ཐུན་མོང་མ་ཡིན་པར་ཉམས་ལེན་བཅས་བྱེད་ཐུབ་ལ། རྒྱལ་ཁབ་སྤྱི་གླིང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་ས་གནས་དམིགས་བསལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་བརྟེན་ནས། མ་འོངས་པར་ཀྲུང་གོར་འཛམ་གླིང་རིམ་པའི་རྒྱལ་ཁབ་སྤྱི་གླིང་རྩེ་གྲས་ཞིག་ཆགས་ངེས་རེད་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།