མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁག་དྲུག་པ།(1)
2019.11.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

 མདོ་ལ་རི་བོ་ནི་རང་རྒྱལ་གྱི་ཆེས་གལ་ཆེ་བའི་ལྟག་ཆུ་བསྐྱིལ་གསོག་གི་བྱེད་ནུས་ཁུལ་ཡིན་ལ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དོ་མཉམ་སྲུང་སྐྱོབ་དང་རྨ་ནུབ་དོག་ལམ་གྱི་ལྗང་མདོག་སྲུང་སྐྱོབ། བྱང་ཕྱོགས་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་པའི་རང་བྱུང་གི་སྲུལ་ཡོལ་ཡིན་པ་རེད།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་ཚད་མཐོན་པོ་གནང་ཏེ། རི་དྭགས་གསའ་ལ་སྲུང་སྐྱོབ་བྱེད་པ་ནས་མགོ་ཚུགས་ཏེ།  མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་བྱ་བ་དང་ཟུང་འབྲེལ་བྱས་ནས། མདོ་ལ་རི་རྒྱུད་ནས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་རབ་དང་རིམ་པ་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་དང་། ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བཏང་བ་དང་། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་རང་འགན་དུ་བརྩིས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས།

2017ལོའི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་དུས་སྐབས་སྔོན་མའི་རྟོག་ཞིབ་ཇུས་གཞི་བཟོ་སྒྲིག་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཚོད་ལྟའི་ཇུས་གཞི་བཟོ་སྒྲིག་དང་འབྲེལ་ཡོད་ཀྱི་རྟོག་ཞིབ་བྱ་བ་སྤེལ་བར་བཀོད་སྒྲིག་བྱས། ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིདེ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་པ་དང་། ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་དྲུག་པའི་སྟེངམདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་རྗེས་ཡང་བསྐྱར་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་གྱི་བཅོས་བསྒྱུར་ཆེན་པོ་དེ་དཔྱིད་ཀྱི་རླུང་བུ་དང་འདྲ་བར་མཚོ་སྔོན་གྱི་ས་གཞི་ཆེན་པོར་དལ་གྱིས་ལྡང་བྱུང་།

སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲོད་ནས་ལྗང་མདོག་འཕེལ་རྒྱས་འཚོལ་ཞིབ་བྱས་ཏེ། དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོདང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བ་མངོན་འགྱུར་བྱུང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་གོ་སྐབས་སུ་བརྩིས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཡུན་ཕན་རྐྱེན་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་ཞིང་། ས་ཁུལ་དང་སྡེ་ཁག་ལས་བརྒལ་བའི་སྒྲིག་སྲོལ་རང་བཞིན་གྱི་གནད་དོན་འཚོལ་ཞིབ་དང་ཐག་གཅོད་བྱས་ནས། མདོ་ལ་རི་བོའི་རང་བྱུང་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་སྲུང་སྐྱོབ་བྱས་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བཟོ་སྐྲུན་ཆེན་པོ་ཕྲག་ཏུ་བླངས་ཏེ། ཡང་བསྐྱར་གྲུབ་འབྲས་ཆེན་པོ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་ཀྱིན་ཡོད།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་ཆེན་པོ་ཞིག་ཡིན། 2017ལོའི་ཟླ་དགུ་བར་ཚོད་ལྟའི་ཇུས་གཞི་པར་འགྲེམ་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མགྱོགས་མྱུར་ངང་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གིས་ཚན་གཙོ་ཟུང་གི་འགན་འཁུར་བའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། མཚོ་སྔོན་བཅད་ཁུལ་གྱི་ལག་བསྟར་ཇུས་གཞིཔར་འགྲེམ་བྱས་ཏེ། ཚོད་ལྟའི་ཇུས་གཞིའི་དམིགས་འབེན་ལས་འགན་ལ་ཞིབ་བསྡུར་ནན་མོ་བྱས་ནས། རྒྱུན་ཆད་མེད་པར་བྱེད་ནུས་གྲུབ་ཚུལ་ལེགས་བཅོས་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན། སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བཅས་བྱས། འབྲེལ་ཡོད་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གོམ་གང་མདུན་སྤོས་སྒོས་རྩ་འཛུགས་འགན་སྲུང་ལ་ཤུགས་སྣོན་དང་བྱེད་ཐབས་ཇེ་དྲག་ཏུ་བཏང་ཞིང་། བྱ་བའི་དངོས་འབེབས་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚོད་ལྟའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས།

མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་།  མདོ་ལ་རི་བོའི་གལ་ཆེ་བའི་སྐྱེ་ཁམས་བྱེད་ནུས་ཀྱི་རིན་ཐང་སྔོག་འདོན་བྱས་ནས། ནན་ནན་ཏིག་ཏིག་གིས་རྒྱལ་ཁབ་སྤྱི་གླིང་གི་རྨང་གཞིའི་ཐོན་ཁུངས་དང་གཞི་གྲངས་ཆ་འཕྲིན་གྱི་རྟོག་ཞིབ་བྱ་བ་སྤེལ་བ་དང་། སྔ་གཞུག་ཏུ་ཐེངས་ལྔར་འབྲེལ་ཡོད་གཞི་གྲངས་ཆ་འཕྲིན་འཚོལ་སྡུད་དང་ཕྱོགས་སྡོམ་བྱས་ཤིང་། ཆེད་དོན་གྲོས་ཚོགས་ཐེངས་བཅུ་ལྷག་བསྡུས་ཏེ། ཡུལ་དངོས་ནས་རྟོག་ཞིབ་དང་རྨང་གཞིའི་ཐོན་ཁུངས་ལ་རྟོག་ཞིབ་སོགས་ཀྱི་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས།

རྟོག་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་སྟེང་། ཚན་རིག་ལྟར་འཆར་འགོད་བྱེད་པར་སྐུལ་འདེད་བཏང་ཏེ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའི་འཆར་འགོད་ཁང་གི་ལག་རྩལ་མི་སྣ་དང་མཉམ་འབྲེལ་སྒོས་ཡུལ་དངོས་སུ་རྟོག་ཞིབ་བྱ་བ་སྤེལ་བ་དང་། དུས་ལྟར་ས་ཁོངས་དང་ས་མཚམས་དབྱེ་འབྱེད་གཏན་འབེབས་དང་ཡུལ་དངོས་ནས་ཞིབ་བཤེར་བྱེད་པའི་ལས་འགན་ཡོངས་འགྲུབ་བྱས་ཤིང་། མཚོ་སྔོན་བཅད་ཁུལ་གྱི་ས་མཚམས་གཏན་འབེབས་དང་བྱེད་ནུས་ཁུལ་དབྱེ་འབྱེད་དང་གཏན་འབེབས་བྱེད་པའི་ཇུས་གཞིཡར་ཞུ་བྱས་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོདབཟོ་སྒྲིག་བྱས། མིག་སྔར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོདདེ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་མངོན་གསལ་དུ་བསམ་འཆར་བསྡུ་ལེན་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞིབ་བཤེར་ཆོག་མཆན་འགོད་པར་སྤྲད།

དེའི་རྨང་གཞིའི་སྟེང་ད་དུངམདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་བཅད་ཁུལ་གྱི་ས་མཚམས་རྡོ་རིང་དང་མཚོན་རྟགས་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལས་གཞིའི་ལག་བསྟར་ཇུས་གཞིབཟོ་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ཏེ། ཇུས་གཞིའི་མཆན་འགོད་བྱ་བ་དམ་འཛིན་བྱེད་ཀྱིན་ཡོད། དེ་དང་ཆབས་ཅིག་ཏུ་ནན་ནན་ཏིག་ཏིག་གིས་དོ་དམ་སྲུང་སྐྱོབ་ནུས་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་དང་། དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་ཆ་འཕྲིན་བརྡ་ཁྱབ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། གོམ་གང་མདུན་སྤོས་སྒོས་བསྐོར་སྲུང་སྒྲིག་ཆས་དང་སྒྲིག་བཀོད་སོགས་ཀྱི་བྱ་བ་སྣ་ཚོགས་འཐུས་ཚང་དུ་བཏང་བའི་རྨང་གཞིའི་སྟེང་། རྒྱལ་ཁབ་སྤྱི་གླིང་གི་ཕྱོགས་བསྡུས་ཁྲིམས་འཛིན་རྐྱེན་སྲོལ་བཙུགས་པ་དང་།མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཕྱོགས་བསྡུས་ཁྲིམས་འཛིན་བྱ་བའི་ཇུས་གཞིབཟོ་སྒྲིག་བྱས། ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་དང་ལྗང་མདོག་གོ་ཆའི་ཆེད་དོན་བྱ་སྤྱོད་གཅིག་བསྡུས་སྒོས་སྤེལ་བ་དང་། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ནགས་ཚལ་སྤྱི་བདེ་ཡིས་མཉམ་འབྲེལ་སྒོས་བསྐོར་སྲུང་ཁྲིམས་འཛིན་ཆེད་དོན་བྱ་སྤྱོད་སྤེལ་ཏེ། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་འབྲེལ་མཚམས་ས་ཁོངས་ཀྱི་མཉམ་འབྲེལ་འགོག་སྲུང་དོ་དམ་ཚོད་འཛིན་རྐྱེན་སྲོལ་ལ་སྔར་ལས་ཤུགས་སྣོན་ཆེན་པོ་ཐོབ་པར་མ་ཟད། ཁྲིམས་འཛིན་བྱ་བའི་སྟེགས་བུ་བཙུགས་ནས་སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱས།

2018ལོའི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ཅུའི་སྒོ་བྱང་བཀལ་རྗེས། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་ཞིང་ཆེན་རིམ་པའི་སྒྲིག་གཞི་འཛུགས་པར་སྐུལ་འདེད་བཏང་བ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའི་སྒོ་བྱང་བཀལ་བར་མ་ཟད། དུས་མཉམ་དུ་ཞིང་ཆེན་རིམ་པ་མན་གྱི་དོ་དམ་སྒྲིག་གཞི་འཛུགས་པའི་བྱ་བར་སྐུལ་འདེད་བཏང་བ་དང་། ཁུལ་དང་རྫོང་གི་སྒྲིག་གཞི་བཅོས་སྒྱུར་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སོ་སོར“མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཐེམ་ཆེན་རྫོང་གི་དོ་དམ་ཡན་ལག་ཅུའུ་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་དོ་དམ་ཡན་ལན་ཅུའུ”། “མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མིན་ཡོན་རྫོང་གི་དོ་དམ་ཡན་ལག་ཅུའུ་དང་ཆི་ལེན་རྫོང་གི་དོ་དམ་ཡན་ལག་ཅུའུ”བཅས་ཀྱི་སྒོ་བྱང་བཀལ།

2019ལོའི་ཟླ་ལྔ་བར། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྒྲིག་གཞི་འཛུགས་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་སྒྲིག་གཞི་འཛུགས་པའི་ཇུས་གཞིལ་འཆར་ཟིན་བཀོད་པར་མ་ཟད། ཞིང་ཆེན་སྲིད་གཞུང་ལ་གྲོས་ཞིབ་བྱེད་པར་སྤྲད་པ་དང་། མིག་སྔར་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱེད་བཞིན་ཡོད།

ལོ་ཙཱ། སྒྲོལ་མ་སྐྱིད།