མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁག་དྲུག་པ། (2)
2019.11.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

 སྒྲིག་སྲོལ་ཚོད་ལྟ་བདེ་བླག་ངང་སྤེལ་བར་དོ་དམ་ལམ་ལུགས་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་དགོས། སྒྲིག་སྲོལ་ཚོད་ལྟ་སྤེལ་མགོ་བརྩམས་རྗེས་མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རི་བོའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཉིན་རྒྱུན་གྱི་བསྐོར་སྲུང་དོ་དམ་སོགས་ཀྱི་བྱ་བའི་ལམ་ལུགས་གཏན་འབེབས་བྱས་པར་མ་ཟད། དུས་ཐོག་ཏུ་རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་འཛུགས་བྱ་བ་སྤེལ་མགོ་བརྩམས་པ་དང་། ད་ལྟམདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིགགཏན་ལ་ཕབ་ཏེ། རྒྱལ་ཁབ་སྤྱི་གླིང་ཁྲིམས་དང་མཐུན་པར་སྲུང་སྐྱོབ་དོ་དམ་བྱེད་པ་དང་། ཁྲིམས་ལུགས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རྨང་གཞི་ལེགས་པོ་བཏིང་ཡོད།

དེ་དང་ཆབས་ཅིག་ཏུ་ད་དུང་མདོ་ལ་རི་བོ་ས་ཁུལ་ནསམཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་གནད་སའི་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ཐོན་ལས་ཆོག་འཐུས་བཀག་རྒྱ་གསལ་ཐོལག་བསྟར་ནན་མོ་བྱས་ཏེ། མདོ་ལ་རི་བོ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་ཐིག་དང་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་གཉིས་ཚད་མཐོན་པོས་གཅིག་གྱུར་བྱེད་པ་སྲུང་འཛིན་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཚད་ལྡན་ཁྱབ་ཁོངས་སུ་བཀོད། མིག་སྔར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་གཏན་ཁེལ་ཐོ་འགོད་ཚོད་ལྟའི་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱས་ཟིན་པ་དང་། རྟོག་ཞིབ་གྲུབ་འབྲས་ལ་རྒྱལ་ཁབ་ཆེད་མཁས་ཚན་ཆུང་གི་གདེང་འཇོག་རྩིས་ལེན་ཐོབ་པར་མ་ཟད། གྲུབ་འབྲས་རྩིས་སྤྲོད་བྱ་བ་དངོས་འབེབས་བྱེད་ཀྱིན་ཡོད་ཅིང་། ཤུགས་ཆེན་པོས་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟར་འདེགས་སྐྱོར་གྱི་ནུས་པ་འདོན་སྤྲོད་བྱས།

མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ནན་ནན་ཏིག་ཏིག་གིས་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་བཟོ་སྒྲིག་བྱ་བར་སྐུལ་འདེད་བཏང་ཏེ།མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་བཟོ་སྒྲིག་ལམ་ལུགསགཏན་འབེབས་བྱས་པ་དང་། མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དངོས་ཟོག་གི་རྩིས་ཐོ་ཞིབ་རྩིས་མ་ལག་བཙུགས་ནས། རྩིས་ཐོའི་རེའུ་མིག་སོགས་ཚོད་ལྟའི་སྒྲིག་བཟོ་བྱ་བ་ཡོངས་འགྲུབ་བྱས། ཚོད་ལྟའི་ས་ཁུལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆི་ལེན་རྫོང་དང་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གཉིས་ཚོད་ལྟ་བྱེད་སར་བརྩིས་ནས། རང་བྱུང་སྐྱེ་ཁམས་ཀྱི་བར་སྟོང་བཀོལ་སྤྱོད་བཀག་སྡོམ་གྱི་ལག་བསྟར་ཞིབ་སྲོལ་སོགས་ལམ་ལུགས་སྒྲིག་བཟོ་བྱས་ཏེ། ཚན་རིག་ལྟར་རང་བྱུང་སྐྱེ་ཁམས་ཀྱི་བར་སྟོང་དབྱེ་འབྱེད་གཏན་འབེབས་བྱས།

2017ལོར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་བཅད་ཁུལ་ནས་རི་དྭགས་གསའ་ལྔ་ལ་ལྟ་ཞིབ་ཚད་ལེན་བྱུང་བ་དང་ཆབས་ཅིག་ཏུ་ད་དུང་འཕར་བ་དང་བྱེ་ཐང་བྱི་ལ་སོགས་རྩ་ཆེ་ཞིང་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་བྱུང་།

རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་མུ་མཐུད་དུ་སྤེལ་བའི་ཁྲོད། 2018ལོའི་རི་དྭགས་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། རི་དྭགས་གསའ་ཡི་བརྙན་གཟིགས་རྒྱུ་ཆ957འཚོལ་སྡུད་བྱུང་བ་ལས། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དང་སྐྱོན་བྲལ་ངང་ཇེ་ལེགས་སུ་འགྲོ་བཞིན་པ་མཚོན་ཐུབ།

སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་པ་གོ་གནས་དང་པོར་བཞག་ཏེ། ཤུགས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐོ་ས་བསྐྲུན་པ་དང་། ཧུར་ཐག་གིས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་རྨང་གཞི་ཡིན་པའི་སྡོད་ཁུལ་མཉམ་འཛུགས་མཉམ་སྤྱོད་དང་མཉམ་དུ་དོ་དམ་བྱེད་པའི་ཁྲོད་ཞུགས་པའི་རྐྱེན་སྲོལ་བཙུགས་ཤིང་། རྫོང་དང་གྲོང་ཁྱེར་བཞི་ནས་ཚོད་ལྟའི་སྡེ་བ་དགུ་གདམ་གསེས་བྱས་ཏེ། སྲུང་སྐྱོབ་དྲིལ་སྒྲོག་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མཉམ་འཛུགས་མཉམ་སྤྱོད་དང་མཉམ་དུ་དོ་དམ་བྱེད་པའི་གྲོས་མཐུན་ཡི་གེབཀོད་དེ། རིམ་བཞིན་དྲིལ་སྒྲོག་སློབ་གསོའི་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་བཏང་ཞིང་།  རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་དང་དོ་དམ་བྱེད་པའི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་།

ཤུགས་ཆེན་པོས་སྐྱེ་ཁམས་རིག་གནས་ཀྱི་མཐོ་ས་བསྐྲུན་ཏེ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་བའི་ཚུན་ལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རིམ་པ་སོ་སོའི་དོ་དམ་སྡེ་ཁག་དང་ནགས་ཚལ་སྤྱི་བདེ་སྡེ་ཁག་གིས་རང་སོ་སོའི་ཁྱད་སྟོབས་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ། ཐབས་ལམ་མང་པོ་ནས་དྲིལ་སྒྲོག་སློབ་གསོའི་ཁྲིད་སྟོན་ལ་ཤུགས་བསྣན་པ་དང་། ཧུར་ཐག་གིས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་རིག་གནས་སློབ་གསོའི་མ་ལག་འཐུས་ཚང་དུ་བཏང་ཞིང་། སྤྱི་ཚོགས་ཡོངས་ཀྱིས་མདོ་ལ་རི་བོར་རྒྱུན་ལོན་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་རིག་གནས་མཐོ་ས་བསྐྲུན་པར་ཁྲིད་སྟོན་བྱས།

དེ་དང་ཆབས་ཅིག   རྒྱུན་ཆད་མེད་པར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་བཏང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་ལས་མང་པོ་ཞིག་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས། མིག་སྔར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་འབྲེལ་བའི་རྫོང་དང་གྲོང་ཁྱེར་བཞིའི་སློབ་གྲྭ་བཅུ་ལྷག་གིས་སྐྱེ་ཁམས་ཀྱི་སློབ་ཐུན་སློབ་གྲྭར་བསྐྱོད་པ་དང་རང་བྱུང་ཉམས་ལེན་ཁྲོད་ཞུགས་པའི་བྱ་འགུལ་སྤེལ་བར་མ་ཟད། མུ་མཐུད་དུ་ཁྱབ་སྤེལ་བྱེད་པའི་ཁྲོད་རིམ་བཞིན་དེང་རབས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོའི་མ་ལག་བཙུགས། དེར་མ་ཟད། ཧུར་ཐག་གིས་སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པར་ཁྲིད་སྟོན་བྱས་ཏེ། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་བཙུགས་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་འབྲེལ་ཡོད་ཆེད་མཁས་པ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དྲིལ་སྒྲོག་སློབ་གསོ་ཁྱབ་སྤེལ་དང་སྐྱེ་ཁམས་རིག་གནས་ཞིབ་འཇུག་འགྲེམ་སྟོན། དེ་མིན་འབྲེལ་ཡོད་སྟེགས་བུ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱས།

ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་དང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་བཅས་ཀྱིས་མཉམ་འབྲེལ་སྒོས་བཙུགས་པའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་ཡོལ་ཕྱེས།

སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཚན་ཞིབ་ཀྱི་མཐོ་ས་ཧུར་ཐག་གིས་བསྐྲུན་པ་དང་། རྒྱལ་ཁབ་ཀྱི་ཡུན་རིང་གི་ཚན་ཞིབ་རྟེན་གཞི་འཛུགས་པ་དམིགས་འབེན་དུ་བརྩིས་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དེ་མཚོ་སྔོན་གྱི་རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་ཀྱི་སྐོར་ཐེངས་དང་པོའི་རྒྱལ་ཁབ་ཀྱི་དུས་ཡུན་རིང་བོའི་ཚན་ཞིབ་རྟེན་གཞི་ལྔ་བཅུའི་ཁྲོད་བཀོད་པའི་སྲུང་སྐྱོབ་ས་ཁུལ་གྱི་སྒྲིག་གཞི་ཐོག་མར་འགྱུར་བར་སྐུལ་འདེད་བཏང་ཏེ། རྒྱལ་ཁབ་སྤྱི་གླིང་གི་ཚན་རྩལ་ཞིབ་འཇུག་ལྟ་ཞིབ་ཚད་ལེན་མ་ལག་མགྱོགས་མྱུར་ངང་འཛུགས་པ་དང་ཚན་རྩལ་ཞིབ་འཇུག་ལྟ་ཞིབ་ཚད་ལེན་གྱི་ནུས་པ་མཐོར་འདེགས་གཏོང་བར་སྟེགས་བུ་ཆེན་པོ་བསྐྲུན།

དུས་མཚུངས་སུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལྟ་ཞིབ་ཚད་ལེན་དཔྱད་འཇོག་མ་ལག་འཛུགས་པ་དམིགས་འབེན་དུ་བརྩིས་ནས། ཧུར་ཐག་གིས་ཚན་རྩལ་ཞིབ་འཇུག་གི་མཉམ་ལས་སྟེགས་བུ་བསྐྲུན་པ་དང་། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ཚོད་འཛིན་དྲ་རྒྱ་འཛུགས་སྐྲུན་བཟོ་སྐྲུན་མགྱོགས་མྱུར་ངང་ལག་བསྟར་བྱས་པར་མ་ཟད། ཀྲུང་གོའི་ནགས་ལས་ཚན་རིག་ཞིབ་འཇུག་གླིང་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་གྱི་དུས་རིམ་དང་པོའི་རྟོག་ཞིབ་ལས་འགན་ཡོངས་འགྲུབ་བྱས། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་དང་པེ་ཅིན་ནགས་ལས་སློབ་གྲྭ་ཆེན་མོ་སོགས་ཚན་རིག་ཞིབ་འཇུག་སའོ་དང་ཧུར་ཐག་གིས་ཚན་རིག་རྟོག་ཞིབ་མཉམ་ལས་སྤེལ་བ་དང་། ཞིང་ཆེན་གནས་གཤིས་ཅུའུ་དང་མཉམ་ལས་བྱས་ནས2017ལོའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་བཅད་ཁུལ་གྱི་སྐྱེ་ཁམས་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་བྱས་པའི་སྤྱི་བསྒྲགསའགྲེམ་སྤེལ་བྱས།

རྒྱུན་ཆད་མེད་པར་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། མདོ་ལ་རི་བོའི་ས་ཁོངས་དང་སྔོ་ཁེབས་སོགས་ཀྱི་ཁྱད་ཆོས་ལྟར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་སྐུལ་འདེད་བྱས་པ་དང་། མཚོ་སྔོན་གྱིས་རྒྱུན་ཆད་མེད་པར་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་གཞིར་བཟུང་ཏེ། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་གྱི་དོན་དངོས་དང་མཐུན་པའི་སྲུང་སྐྱོབ་ཀྱི་ཐབས་ལམ་ཞིག་བཏོད་པ་རེད།

ལོ་ཙཱ། སྒྲོལ་མ་སྐྱིད།