མཛེས་སྡུག་གི་མཚོ་སྔོན་དུ་ཡིད་འོང་གཙང་གསུམ་ཆུ་མགོ་བསྐྲུན།
2019.12.09 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 16

 མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི18ལྷག་ཟིན་པ་དང་། ལོ་རེར་སྐྱེ་ཁམས་ལ་ཞབས་འདེགས་ཞུ་བའི་རིན་ཐང་སྒོར་དུང་ཕྱུར་སྟོང་བདུན་དང་སུམ་བརྒྱ་ཟིན་ཡོད།

སྤྱི་ལེ་གྲུ་བཞི་མ་འབུམ་འདུན་དང་ཁྲི་གཉིས་ཟིན་པའི་ས་གཞིའི་ཐོག་མཚོ་མོ་སྟོང་ལྔ་ལྷག་ཙམ་ནམ་མཁའི་སྐར་ཚོགས་ལྟར་གནས་པ་དང་གཙང་བོ་སྟོང་བཞི་དང་ཉིས་བརྒྱ་ ལྷག་ཙམ་འཕྲེད་གཞུང་སྣོལ་མར་གནས་ཏེ། ལོ་རེར་སྨད་རྒྱུད་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་དྲུག་བརྒྱ་ཙམ་འདོན་གྱིན་ཡོད།

གོ་ལ་ཧྲིལ་པོའི་སྐྱེ་ཁམས་སྙོམས་སྒྲིག་བྱེད་ཆས།

“དུས་རབས་གསར་པའི་ཀྲུང་གོ་མཛེས་སྡུག་ཡིད་འོང་གི་གཙང་གསུམ་འབྱུང་ཡུལ་ནས་འཛམ་གླིང་དུ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་ཕྱི་འབྲེལ་པུའི་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་གྱི་གོ་ལ་ཧྲིལ་པོའི་འོས་སྦྱོར་བྱེད་སྒོ་ཉེ་སྔོན་ཕྱི་འབྲེལ་པུའི་ཚོམས་ཆེན་སྔོན་པོར་སྤེལ་བ་རེད།

ཨེ་ཤེ་ཡའི་གཙང་བོ་ཆེ་གྲས་ཀྱི་ཆུ་མགོ་དང་གཅིག་སྡུད་ཁུལ་དུ་གྲགས་པའི་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ཁམས་ལ་བརྟེན་ནས་འཛམ་གླིང་ལ་བསྐྱོད་བཞིན་ཡོད།

“གཙང་གསུམ་འབྱུང་ཡུལ་དང་། ཀྲུང་ཧྭའི་ཆུ་མཛོད།  ཨེ་ཤེ་ཡའི་ལྟག་ཆུ་བསྐྱིལ་གསོག་ཁུལ”སོགས་ཀྱི་མཚན་སྙན་ལྡན་པའི་མཚོ་སྔོན་འཛམ་གླིང་གི་སྣེ་གསུམ་པར་ཆགས་ཡོད། དེ་ནི་སའི་གོ་ལའི་ཕྱེད་བྱང་མའི་ཚོར་སྐྱེན་ཁུལ་དང་མགོ་འཛུགས་ཁུལ་ཡིན་ལ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་གི་སྙོམས་སྒྲིག་བྱེད་ཆས་དང་བརྟན་སྲུང་ཡོ་ཆས་ཀྱང་ཡིན།

མཚོ་སྔོན་ནི་འཛམ་གླིང་ཐོག་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་། དངོས་རིགས་སྣ་མང་རང་བཞིན། གཞི་རྒྱུ་སྣ་མང་རང་བཞིན། རྒྱུད་འདེད་སྣ་མང་རང་བཞིན་བཅས་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཡིན་ལ། མཐོ་སྒང་སྐྱེ་དངོས་ཀྱི་རང་བྱུང་དངོས་རིགས་ཐོན་ཁུངས་མཛོད་ཀྱང་ཡིན།

མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་བཅོ་བརྒྱད་ལྷག་ཟིན་པ་དང་། ལོ་རེར་སྐྱེ་ཁམས་ལ་ཞབས་འདེགས་ཞུ་བའི་རིན་ཐང་སྒོར་དུང་ཕྱུར་སྟོང་བདུན་དང་སུམ་བརྒྱ་ཟིན་ཡོད།

སྤྱི་ལེ་གྲུ་བཞི་མ་འབུམ་བདུན་དང་ཁྲི་གཉིས་ཟིན་པའི་ས་གཞིའི་ཐོག་མཚོ་མོ་སྟོང་ལྔ་ལྷག་ནམ་མཁའི་སྐར་ཚོགས་ལྟར་ཐར་ཐོར་དུ་གནས་པ་དང་གཙང་བོ་སྟོང་བཞི་དང་ཉིས་བརྒྱ་ལྷག་འཕྲེད་གཞུང་སྣོལ་མར་གནས་ཏེ། ལོ་རེར་སྨད་རྒྱུད་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་དྲུག་བརྒྱ་ཙམ་འདོན་སྤྲོད་བྱེད་ཀྱིན་ཡོད།

རྒྱལ་ཁབ་སྤྱི་གླིང་འཚོལ་ཞིབ་བྱས་ནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

“མཛེས་སྡུག་ལྡན་པའི་ཆུ་མགོ་ནི་ང་ཚོས་འཛམ་གླིང་ལ་ཕུལ་བའི་ལག་རྟགས་ཡིན”ཞེས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀན་ཞུའེ་པིན་གྱིས་དེ་ལྟར་བཤད་བྱུང་། ད་ལྟ་རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་འདམ་རའི་རྒྱ་ཁྱོན་ཆེ་རུ་སོང་བ་དང་། མཚོ་མོའི་གྲངས་ཀ་མང་དུ་སོང་བ། མཚོ་མོ་མང་པོ་གང་སར་མཐོང་བའི་རྣམ་པ་ཡང་བསྐྱར་མངོན་ཏེ། ཡར་ངོའི་ཟླ་ལྟར་འཕེལ་བ་དང་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རྣམ་པ་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོང་།

གཙང་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁུལ་དང་པོ་ཡིན། 2017ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་དངོས་སུ་བཙུགས་ནས་སྒོ་བྱང་བཀལ།

ཚན་རིག་དང་མཐུན་པའི་ངང་སྐྱེ་ཁམས་སྤྱི་ཕན་ལས་རྐང་བཀོད་སྒྲིག་ལུགས་མཐུན་དང་། རང་བྱུང་ཐོན་ཁུངས་དོ་དམ་དང་རྒྱལ་ཁོངས་བར་སྟོང་དོ་དམ་ལམ་ལུགས་ཀྱི“གཅིག་གྱུར་ལག་བསྟར་གཉིས”ལ་སྤྱི་འདོམས་དང་། “ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”གི་སྲིད་ཇུས་དོན་འཁྱོལ།    གཙང་གསུམ་འབྱུང་ཡུལ་དུ“གནས་དྲུག་གཞི་གཅིག”གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་རྣམ་པ་བསྐྲུན་པ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་དོ་དམ་མ་ལག་ཅིག་གྲུབ་ཡོད།

མིག་སྔའི་བར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྐྱེ་ཁམས་སྤྱི་ཕན་ལས་རྐང་ཁྲི་གཅིག་ལྷག་བཀོད་སྒྲིག་བྱས་པས། ཁྱིམ་ཚང་རེར་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་བར་འཕར་ཡོད། ཁོ་ཚོའི་ཁྲོད་ཀྱི་ཕྱེད་ཀ་ཡན་ནི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོ་ཡིན་ཞིང་། འབྲོག་པ་མང་ཚོགས་རྣམས་རིམ་བཞིན་རྩྭ་ཐང་བེད་སྤྱོད་གཏོང་མཁན་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་མཁན་དང་ཁེ་བཟང་ལོངས་སྤྱོད་བྱེད་མཁན་དུ་འགྱུར་བཞིན་ཡོད།

ཐབས་མང་མཉམ་དུ་སྤྱད་དེ་སྐྱེ་ཁམས་སྲུང་སྐྱོབ་བྱས།

མཚོ་སྔོན་གྱི་ཆུ་མགོ་དག་ལས་ད་ལྟའི་མཚོ་སྔོན་གྲུབ་ཡོད་ལ། མཚོ་སྔོན་གྱིས་ཀྲུང་གོར་འགྱུར་ལྡོག་གཏོང་བཞིན་པ་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས“སའི་གོ་ལའི་སྣེ་གསུམ་པའི”རང་བྱུང་སྐྱེ་ཁམས་ལ་དོ་ཁུར་དང་སྲུང་སྐྱོབ་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་སོགས་ལ་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པ། མཚོ་སྔོན་གྱི་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་འགྲན་སློང་ལ་ཁ་གཏད་གཅོག་པ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་མཉམ་དུ་སྤེལ་བ། རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་།  ཕྱུགས་བཀག་རྩྭ་གསོ།  མཚོའུ་དང་འདམ་ར་སྲུང་སྐྱོབ་སོགས་ཀྱི་སྐྱེ་ཁམས་ལས་གཞི་ལག་བསྟར་བྱེད་པ་བཅས་ཀྱིས་རླུང་ཁམས་ཆེན་མོ་དང་། ཆུ། ས་ཞིང་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་མཁྲེགས་གཏོར་འཐབ་འཛིང་མཐའ་གཅིག་ཏུ་ལེགས་པོར་སྤེལ་ཡོད།

གཙང་གསུམ་འབྱུང་ཡུལ་དུ་གནས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྨར་ཁོག་གཙང་པོའི་ནགས་ཁུལ་ནི1965ལོར་བསྐྲུན་པ་ཡིན་ཞིང་། ནགས་ཁུལ་དེའི་ས་བབ་མཐོ་ཚད་ཆ་སྙོམས་ཀྱིས་སྨི་སུམ་སྟོང་དྲུག་བརྒྱ་ཟིན་པ་དང་རྒྱ་ཁྱོན་ལ་བསྡོམས་པས་མུའུ་ས་ཡ་གཅིག་འབུམ་ལྔ་ཁྲི་གཉིས་སྟོང་བདུན་ཟིན་ཡོད།

1998ལོར་ནགས་ཁུལ་དུ་ཤིང་གཅོད་མཚམས་བཞག་སྟེ་ཞིང་ཆེན་ཡོངས་ནས་ཐོག་མར་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ཀྱི་ཚོད་ལྟའི་ལས་གཞི་འཛུགས་སྐྲུན་བྱེད་མགོ་ཚུགས་པ་རེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ ”སྐབས་སུ། སྨར་ཁོག་གཙང་པོའི་ནགས་ཁུལ་གྱི་ནགས་ཚལ་སྟུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ས་ཡ་བཞི་དང་འབུམ་གཅིག་ནས་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་གསུམ་བར་ཇེ་མཐོར་སོང་བ་དང་། ནགས་ཁུལ་གྱི་ནགས་ཚལ་ཁྱབ་ཚད་ནགས་ཚལ་བཟོ་ལས་ཐོན་སྐྱེད་བྱེད་སྐབས་ཀྱི་52.6%ནས་69.58%བར་ཇེ་མང་དུ་སོང་ཡོད།

ད་ལྟ་མཚོ་སྔོན་ཞིང་ཆེན་ནས་བཞུར་བའི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་སྤུས་རིམ་པ་གཉིས་ནང་དུ་རྒྱུན་འཁྱོངས་བྱས་པ་དང་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཀྱང་95%ལྷག་ཙམ་ཟིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།