ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན།
2019.12.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

 མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བའི་ཡོལ་བ་གལ་ཆེན་ཞིག་ཡིན་པ་དང་། “གཙང་གསུམ་འབྱུང་ཡུལ”དང “ཀྲུང་ཧྭའི་ཆུ་མཛོད”ཡིན་པའི་ཆ་ནས།  སྐྱེ་ཁམས་ཀྱི་གནས་བབ་ཤིན་ཏུ་གལ་ཆེ། དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཆ་ལ་རིགས་སྣ་ཁ་ཚང་ཞིང་གྲངས་འབོར་ཧ་ཅང་མང་བ་དང་། རྒྱ་ཁྱོན་ཤིན་ཏུ་ཆེ་བས། རྒྱལ་ཡོངས་སུ་འཐུས་ཚབ་རང་བཞིན་ལྡན། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་སྟོབས་ཤུགས་གང་ཡོད་ཀྱིས་གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་སྒྲིག་སྲོལ་ཚོད་ལྟའི་བྱ་བར་སྐུལ་འདེད་བཏང་ཞིང་། ནུས་ཤུགས་གང་ཡོད་ཀྱིས་རང་བྱུང་ཐོན་ཁུངས་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་འབྲེལ་བ་ལེགས་སྒྲིག་བྱས་ཤིང་། ནུས་ཤུགས་གང་ཡོད་ཀྱིས“སྡེ་ཁག་མང་པོས་བཅོས་སྐྱོང་”གི་རྣམ་པར་འགྱུར་ལྡོག་བཏང་སྟེ། དངོས་གནས་སྲིད་འཛིན་ལྟ་སྐུལ་དོ་དམ་གྱི “ཐར་ཐོར་ཅན”གྱི་གནད་དོན་ཐག་བཅད་པ་དང་། དངོས་གནས་ཀྱི་གྲུབ་འབྲས་དང་འཕེལ་རྒྱས་བྱུང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་བཙུགས་ཤིང་། མཚོ་སྔོན་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལྡན་པས། རྨང་གཞི་སྔར་ནས་འཛོམས་ཡོད།

རྒྱལ་ཁབ་སྤྱི་གླིང་འཐུས་ཚབ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་སྣ་ཚོགས་ནི། རང་བྱུང་སྐྱེ་ཁམས་བར་སྟོང་གི་ཆེས་གལ་ཆེ་ཞིང་། ཆེས་སྙིང་བཅུད་ལྡན་པའི་གྲུབ་ཆ་ཞིག་དང་། རྒྱལ་ཁབ་ཀྱི་མཉེན་ཤུགས་དང་རྒྱལ་ཁབ་ཀྱི་སྣང་བརྙན་གྱི་ཐེག་བྱེད་གཙོ་བོ་ཡིན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་ཁྲོད་སྲོག་ཤིང་གི་གོ་གནས་ཟིན་ཡོད། ང་ཚོས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ནི་ཚེ་སྲོག་གི་ཕུང་པོ་གཅིག་ཡིན་པའི་འདུ་ཤེས་ལྟར། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་བྱས་ཏེ། རང་བྱུང་སྲུང་སྐྱོབ་ས་ཁུལ་གཅིག་གྱུར་བཀོད་སྒྲིག་དང་། རིམ་དབྱེའི་དོ་དམ། ཁུལ་དབྱེའི་དོ་དམ་དང་ཚོད་འཛིན་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་ལྡན་པའི་རང་བྱུང་སྐྱེ་ཁམས་མ་ལག་གཙོ་བོ་དེ་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ཁྲོད་བཞག་པ་དང་། སྲུང་སྐྱོབ་ནན་མོ་ལག་བསྟར་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་རིགས་སྣ་ཚོགས་ཀྱིས་ཁ་གསབ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་མ་ལག་གྲུབ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་ནི་སྐྱེ་ཁམས་དམིགས་བསལ་དང་། ལྗང་མདོག་འཕེལ་རྒྱས་ཀྱིས་ཁྲིད་སྟོན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བའི་འཛིན་ལུང་གཙོ་བོ་ཡིན་ཞིང་། བྱ་བའི་རིགས་ལམ་ནི་འཁྱགས་ཀློང་དང་གངས་རི། རྩྭ་ཐང་དང་ནེའུ་གསིང་། ནགས་ཚལ་དང་ཤིང་ཕྲན་གྱི་ཚལ། ཆུ་ཀླུང་དང་བརླན་ས། རི་སྐྱེས་སྲོག་ཆགས་སོགས་ཚེ་སྲོག་གི་ཕུང་པོ་གཅིག་ཏུ་བཟུང་བ་ཡིན་ལ། “ལུགས་མང་ཟུང་འབྲེལ”དོན་འཁྱོལ་དང་། “ཇུས་གཞིའི་རི་མོ་ཞིག་མཐར་ཐུག་བར་དུ་འབྲི་བཞེངས་བྱེད་པ”མངོན་འགྱུར་བྱུང་སྟེ། ཁྱོན་ཡོངས་སྲུང་སྐྱོབ་དང་། མ་ལག་ཞིག་གསོ་དང་གཞི་གཅིག་ཅན་གྱི་དོ་དམ་བྱས་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་གཅིག་གྱུར་འཆར་འགོད་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བའི་བར་སྟོང་བཀོད་སྒྲིག་གང་ལེགས་བྱས། འདི་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སྟེ“སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ”ཡི་ལྗང་མདོག་འཕེལ་རྒྱས་ལྟ་བ་དང་། “རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ནི་ཚེ་སྲོག་གི་ཕུང་པོ་གཅིག་ཡིན་པ”ཡི་ཁྱོན་ཡོངས་མ་ལག་ལྟ་བ་དང་།“མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས”ཡོང་བའི་ཚན་རིག་གི་རང་བྱུང་ལྟ་ཚུལ་གྱི་གསོན་ཉམས་ལྡན་པའི་མངོན་རྟགས་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ཚད་རྡོ་རིང་ཞིག་ཡིན་ཞིང་། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནད་འགག་གི་དུས་སྐབས་ཤིག་དང་། མཁྲེགས་གཏོར་གྱི་དུས་སྐབས་ཤིག  སྒེའུ་ཁུང་གི་དུས་སྐབས་ཤིག་བཅས“དུས་གསུམ་མཉམ་བརྩེགས”ཀྱི་འགག་སྒོ་ཞིག་ཡིན་ཞིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གསོན་ཉམས་ལྡན་པའི་ངང་དོན་འཁྱོལ་གཏིང་ཟབ་བྱས་པ་རེད། ང་ཚོས་ཁྱོན་ཡོངས་ནས་དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི“རྩ་དོན་ཆེན་པོ་དྲུག”ཁོང་དུ་ཆུད་དགོས་ལ། དངོས་གནས་དྲང་གནས་ཀྱིས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་དང་། སའི་གོ་ལའི་སྲུང་སྐྱོབ་པའི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་དགོས་ལ། རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་། ཆ་ཚང་རང་བཞིན་སྲུང་སྐྱོབ་ཀྱི་རྨང་གཞི་ལ་ཤུགས་སྣོན་དང་། རྒྱལ་ཁབ་ལ་དབང་བ་དང་། དམངས་ཡོངས་ཀྱིས་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱས་ཏེ། མགྱོགས་མྱུར་ངང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་། ཧུར་ཐག་གིས་མདུན་གྲལ་སྙེག་པ། མཐོ་སྣེ་བསྐྲུན་པ། འཛམ་གླིང་གི་མི་དམངས་ལ“རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་། རབ་མཛེས་མཚོ་སྔོན་གྱི་བརྩེ་བ”ཡི་ཐུན་མིན་ཁྱད་ཆོས་སྟོན་དགོས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།