མཚོ་སྔོན་གྱིས་ཡུན་ཕན་བྱེད་ཐབས་བཅུ་བཏོན་ནས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བཟང་པོ་བྱ་རྒྱུ་རེད།
2020.03.24 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 30

 རི་སྐྱེས་སྲོག་ཆགས་དང་སྐྱེས་དངོས་ལ་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོབ་དང་དོ་དམ་བཟང་བོ་བྱ་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་དོ་དམ་ལ་སྔར་ལས་ལྷག་པར་ཤུགས་སྣོན་པའི་བྱེད་ཐབས་བཅུ(གནས་སྐབས་ལག་བསྟར)》དང《མཚོ་སྔོན་ཞིང་ཆེན་གྱིས་རི་སྐྱེས་རྩི་ཤིང་གི་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས་བཅུ》གཏན་ལ་ཕབ།

གཙང་གསུམ་འབྱུང་ཡུལ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་གཞི་རྒྱུའི་བང་མཛོད་ཡིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“དོན་ཚན་བཅུའི”བྱེད་ཐབས་གཞིར་བཟུང་ནས་ཁྲིམས་ལུགས་དར་སྤེལ་དང་ཁྲིམས་ལྟར་ལྟ་ཞིབ་དོ་དམ།  རི་ཐང་སྲུང་སྐྱོབ། སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་སྲུང་སྐྱོབ། རང་བྱུང་རིག་པའི་སློབ་གསོ་སོགས་ཕྱོགས་བཅུ་ནས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བཟང་བོ་དང་དོ་དམ་ནན་མོ་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཨན་ཀུང་གིས་བཤད་རྒྱུར།  རྗེས་ཕྱོགས་སུ་སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་ལ་ཁྲིམས་བཞིན་སྲུང་སྐྱོབ་དང་བཅོས་སྐྱོང་བཟང་བོ་བྱ་རྒྱུ་ཡིན་ཞིང་། ཐོག་མར་སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ལ་རྟོག་ཞིབ་དང་། ཚད་ལེན། དཔྱད་དཔོག་གི་བྱ་བ་སྤེལ་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐམ་སའི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་སྙོམ་སྒྲིག་བྱས་ནས་ཁྱབ་སྒྲོག་བྱ་རྒྱུ་དང་། སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ཐད་ཀྱི་ཡིག་ཚགས་འཐུས་ཚང་བཟོས་ནས་སྲུང་སྐྱོབ་དོ་དམ་བྱེད་ཐབས་མི་འདྲ་བ་ཚད་ལྡན་དུ་བཏང་ནས་ཚད་གཞི་ཡང་དག་གཏན་འབེབ་བྱ་རྒྱུ་ཡིན་ཟེར།

ནགས་ལས་སྡེ་ཁག་གིས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དཀོན་པོའི་རིགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ཏེ། སྲུང་སྐྱོབ་ལྟེ་གནས་འཛུགས་སྐྲུན་དང་སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་རྒྱུད་འདེད་ཐོན་ཁུངས་ལ་ཞིབ་འཇུག་བྱེད་པ་དང་ཆབས་ཅིག སྲུང་སྐྱོབ་འཆར་འགོད་བཟོས་ནས་མཚོ་བོད་མཐོ་སྒང་དུ་གནས་པའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཕྱོགས་ཀྱི་རྒྱལ་ཁབ་གཞི་རྒྱུ་མཛོད་ཐོག་མར་བསྐྲུན་པར་སྐུལ་འདེད་གཏང་རྒྱུ་དང་།  སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དཀོན་པོ་རིགས་དང་དེའི་རྒྱུད་འདེད་ཐོན་ཁོངས་དམིགས་སུ་བཟུང་ནས་སྲུང་སྐྱོབ་ནན་མོ་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་བཤད་རྒྱུར། མཚོ་སྔོན་གྱིས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་བྱ་བ་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་མ་ལག་མགྱོགས་མྱུར་གྱིས་བཙུགས་ཏེ། འབྲེལ་ཡོད་ཀྱི་ལག་རྩལ་དང་སྒྲིག་སྲོལ། ཚད་གཞི་སོགས་ཚད་ལྡན་དུ་བཏང་ནས་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་དང་འདུལ་གསོ་རྒྱུད་སྤེལ་ཐད་སྲུང་སྐྱོབ་བཟང་བོ་དང་དོ་དམ་ནན་མོ་བྱ་རྒྱུ་ཡིན་ཟེར།

རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱ་ཆེད། ཞིང་ཆེན་ནགས་ལས་རྩྭ་ཐང་སྡེ་ཁག་གིས་རི་སྐྱེས་རྩི་ཤིང་གི་ཐོན་ཁུངས་ཡོངས་བཤེར་དང་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་རི་སྐྱེས་རྩི་ཤིང་ལ་ཚན་རིག་གི་ལམ་ནས་ཞིབ་འཇུག་བྱས་ཏེ། རྒྱ་སྨན་དང་བོད་སྨན་ལ་སོགས་པའི་སྲོལ་རྒྱུན་སྨན་རྫས་སུ་སྤྱོད་པའི་རི་སྐྱེས་སྨན་རྩྭ་རིགས་ཀྱི་སྲུང་སྐྱོབ་སྲིད་ཇུས་སྐོར་གྱི་འཁྲིད་སྟོན་ལ་སྔར་ལས་ཤུགས་བསྣན་རྒྱུ་མ་ཟད། སྲིད་འཛིན་གྱི་ཆོག་འཐུས་ལ་ལྟ་རྟོག་ནན་མོ་བྱ་རྒྱུ་རེད།

གཞན་ཡང་མཚོ་སྔོན་གྱིས་སྲུང་སྐྱོབ་བྱ་ཡུལ་གཙོ་བོའི་རི་སྐྱེས་རྩི་ཤིང་གསོ་སྤེལ་རྟེན་གཞི་དང་།  རིགས་སྣ་དང་རྒྱུ་སྤུས་ཐོན་ཁུངས་མཛོད་བཅས་བཙུགས་ནས་རྩ་ཆེ་ཞིང་དཀོན་པ་དང་།  སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་གི་ཐོན་ཁུངས་དེ་གནས་གཞན་སྲུང་སྐྱོབ་དང་ཉར་ཚགས། ཕྱིར་ལོག་གསབ་འཛུགས་ལ་སོགས་ཀྱི་སྲུང་སྐྱོབ་བྱེད་ཐབས་སྤྱོད་རྒྱུ་རེད།

གཞན་ད་དུང་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་དང་དོ་དམ་ལ་སྔར་ལས་ཤུགས་སྣོན་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད།  ཉེ་ལམ། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་དོ་དམ་བྱེད་ཐབས་བཅུ་གཏན་འབེབས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་དང་ཉེན་ཁའི་དོ་དམ་ཚོད་འཛིན་གྱི་སྒྲིག་གཞི་ནུས་ལྡན་ཅན་ཏུ་བཏང་།

རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ནི་སའི་གོ་ལའི་སྐྱེ་ཁམས་མ་ལག་འཐུས་ཚང་གི་མཚོན་བྱེད་ཡིན། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་རི་སྐྱེས་རི་དྭགས་རྩ་ཆེན་མྱུར་སྐྱོབ་བྱེད་པ། སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཉེན་ཁ་སེལ་བ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྐྱེ་ཁམས་དོ་མཉམ་སྲུང་སྐྱོབ། སྐྱེ་དངོས་ཀྱི་བདེ་འཇགས་བཅས་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དོ་དོམ་སྡེ་ཁག་ཡིན་པའི་ཆ་ནས། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡིས་བཅའ་ཁྲིམས་ཀྱི་འཛུགས་སྐྲུན་དང་ཚན་རིག་གི་དོ་དམ། ཁྲིམས་ལྟར་ལྟ་སྐུལ་དོ་དམ། རི་ཐང་ལ་སྲུང་སྐྱོབ། གནས་ཡུལ་ལ་སྲུང་སྐྱོབ།  སྐྱེ་འཕེལ་ལྟ་སྐུལ་དོ་དམ། སྲུང་སྐྱོབ་མྱུར་སྐྱོབ། རིམས་ནད་འགོ་ཁུངས་ཀྱི་རིམས་ནད་ལ་ལྟ་སྐུལ་ཚད་ལེན། གླེང་ཕྱོགས་ལྟ་སྐུལ་ཚད་ལེན་དཔྱད་ཞིབ། རང་བྱུང་སློབ་གསོ་སོགས་བྱེད་ཐབས་མི་འདྲ་བ་བཅུར་ཤུགས་སྣོན་བྱ་རྒྱུ་རེད། 《མཚོ་སྔོན་ཞིང་ཆེན་གྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་དོ་དམ་བྱེད་ཐབས》མྱུར་དུ་གཏན་འབེབས་བྱས་པ་བརྒྱུད། རི་སྐྱེས་སྲོག་ཆགས་ཁྲིམས་ལྟར་སྲུང་སྐྱོབ་དང་བཅོས་སྐྱོང་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ལ་རྟོག་ཞིབ་དང་ལྟ་ཞིབ་ཚད་ལེན། དཔྱད་འཇོག་བྱས་པ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོའི་དཀར་ཆག་སྙོམས་སྒྲིག་བྱས་ཏེ། སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ཀྱི་ཡིག་ཚགས་འཐུས་ཚང་ཅན་ཞིག་གསར་འཛུགས་བྱས་ཤིང་། སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་དོ་དམ་སྒྲིག་སྲོལ་དང་ཚད་གཞི་མི་འདྲ་བ་དག་གཏན་འབེབས་བྱས། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་ལ་ཟུང་འབྲེལ་སྒོས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ལ་སྙན་གསེང་ཞུས་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོའི་དཀར་ཆག་དང་སྐྱེ་དངོས་སྲོག་ཆགས་འཚོ་གནས་ཀྱི་ས་མིང་དཀར་ཆག་གཏན་ལ་ཕབས་པ་རེད། ཞིང་ཆེན་དང་ཁུལ། གྲོང་ཁྱེར། རྫོང་བཅས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། སྒྲིག་སྲོལ་གསར་འཛུགས་བྱས་ཏེ་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ལ་རྡུང་རྡེག་གཏོང་བའི་སྡེ་ཁག་གི་སྒྲིག་གཞི་སྙོམས་སྒྲིག་སྒོས་རི་སྐྱེས་སྲོག་ཆགས་དང་དེའི་གསར་ཐོན་གྱི་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་གསར་འཛུགས་བྱས་ཏེ།  ཁྲིམས་འགལ་ཆེད་དོན་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་བའི་སྒྲིག་སྲོལ་སྤེལ། རི་ཁུལ་དུ་སྐོར་ཞིབ་འགེབས་སྲུང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དང་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་མགོ་ཁུངས་ལ་ཤུགས་སྣོན་བྱེད་པ། རི་སྐྱེས་ཤ་པགས་སོགས་ཀྱི་དངོས་ཟོག་ཁྲིམས་འགལ་སྒོས་རྡུང་རྡེག་གཏོང་བའི་ཁྲིམས་འགལ་ནག་ཉེས་ཀྱི་བྱ་འགུལ་ལ་རྡུང་རྡེག་བཏང་།

དེ་དང་ཆབས་ཅིག་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་དཔེར་མཚོན་ཞིང་ཆེན་གྱི་འཛུགས་སྐྲུན་ལ་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་གླིང་བརྗོད་དོན་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་གི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐམ་སའི་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་གནས་ལ་སྲུང་སྐྱོབ་བྱེད་པའི་འཆར་འགོད་རྩོམ་སྒྲིག་ལ་ཤུགས་སྣོན་དང་། སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ས་ཁུལ་དུ་ཆེས་གཟབ་ནན་སྒོས་སྲུང་སྐྱོབ་དང་དོ་དམ་བྱས། འབྲེལ་ཡོད་ལག་རྩལ་གྱི་སྒྲིག་སྲོལ་དང་ཚད་ལྡན་གཏན་འབེབས་ཀྱི་སྒྲིག་སྲོལ་ལ་ཤུགས་སྣོན་བྱས་ཏེ་རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་གྱི་དོ་དམ་ལ་ཚོད་འཛིན་ནན་མོ་བྱས།  སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་མྱུར་སྐྱོབ་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན། སྐམ་སའི་རི་སྐྱེས་སྲོག་ཆགས་དང་རྒྱུད་བརྒྱུད་ཐོན་ཁུངས་ཀྱི་སྲུང་སྐྱོབ་འཆར་འགོད་ལ་ཞིབ་འཇུག་གཏན་འབེབས་བྱས་ཏེ། མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་རྒྱལ་ཁབ་གཞི་རྒྱུ་མཛོད་གསར་འཛུགས་བྱེད་པར་སྐུལ་འདེད་བཏང་ནས། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྒྱུད་འཛིན་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་གཙོ་གནད་ལག་བསྟར་བྱས་པ་རེད།

ནང་སྒོས་སུ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་མ་ལག་དང་ཉེན་ཁའི་དོ་དམ་ཚོད་འཛིན་གསར་འཛུགས་ཀྱི་སྒྲིག་གཞིའི་མ་ལག་གསར་འཛུགས་བྱས་ནས། སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལ་ཞིབ་འཇུག་གཏན་འབེབས་དང་སྔོན་འགོག་ཚོད་དཔག་རྩ་འཛུགས། སྔོན་འགོག་ཉེན་སྲུང་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ། སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲུང་སྐྱོབ་ཤེས་བྱའི་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། སློབ་གྲྭ་དང་གཞིས་ཁུལ་དུ་བསྐྱོད་པ། ཞིང་གྲོང་དུ་སྐྱོད་པ་སོགས་ཀྱི་རང་བྱུང་སློབ་གསོའི་བྱ་འགུལ་སྤེལ་ནས། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་མཁའ་དབུགས་ལེགས་པོ་ཞིག་ཆགས་པར་སྐུལ་འདེད་བྱས། སྙན་ཞུའི་སྒྲིག་སྲོལ་གསར་འཛུགས་དང་སྤྱི་པའི་ཟབ་ཞུགས་ལ་སྐུལ་འདེད། གླེང་ཕྱོགས་འདྲ་མིན་གྱི་ལྟ་སྐུལ་ཚད་ལེན་ལ་སྐུལ་འདེད་བྱས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།