རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་དེ་མཚོ་སྔོན་གྱི་ཆེས་མཛེས་པའི་མིང་བྱང་དུ་གྱུར།
2020.05.22 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 16

 སའི་གོ་ལའི“གླིང་སྣེ་གསུམ་པ”རུ་འགྲེང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆེས་མདུན་གྲལ་དུ་བསྡད་དེ། ད་ལྟའི་མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་མཛོད”ཇི་ལྟར་སྲུང་སྐྱོབ་བྱ་རྒྱུ་རང་འགན་དུ་བརྩིས་ཏེ། མཐོ་སྒང་དུ་རྐང་བཙུགས་ཤིང་། ཕུགས་རྒྱང་རིང་པོར་བལྟས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གི་དཔེ་སྟོན་ཞིང་ཆེན་བསྐྲུན་མགོ་བརྩམས་ཤིང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྤུས་ཚད་མཐོན་པོའི་སྐྱེ་ཁམས་ཐོན་རྫས་མཁོ་འདོན་བྱས་ཏེ་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཞིག་རྙེད་བྱུང་།

མཚོ་སྔོན་གྱི་ས་གཞི་ཆེན་མོར་གཟིགས་ཚེ། གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྔ་གཞུག་ཏུ་མགོ་བརྩམས་པ་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་མགོ་བརྩམས་པའི་བར་དུ། མཚོ་སྔོན་རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱིའི་རླབས་རྒྱུན་ཁྲོད་ཞུགས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་ཕྱོགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་དང་།  “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་ཞིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཏུ་ཁུར་ཏེ། ཀྲུང་གོའི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་པར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཧུར་ཐག་སྒོས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་། འཛམ་གླིང་སྐྱེ་ཁམས་དཔལ་ཡོན་གྱི་འབྱུང་འགྱུར་ཡག་པོ་བསྐྲུན་པར“མཚོ་སྔོན་གྱི་བྱས་རྗེས”བཞག་པ་རེད།

རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོས་པ།

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ཡིན་ཞིང་། འགན་འཁྲི་ཆེ་ཤོས་དེ་སྐྱེ་ཁམས་ཡིན་པ་དང་། སྦས་ཤུགས་ཆེ་ཤོས་དེ་ཡང་སྐྱེ་ཁམས་ཡིན།

བསམ་བློ་གསར་བསྒྱུར་དང་གསར་གཏོད་འཚོལ་སྙེག་བྱས་པ།

2015ལོའི་ཟླ12པར།《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ལ་ཀྲུང་དབྱང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། 2016ལོའི་ལོ་མགོར། རྒྱལ་ཡོངས་ཀྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དངོས་སུ་མཚོ་སྔོན་ཞིང་ཆེན་ནས་མགོ་བརྩམས་ཏེ། སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་ལྷག་ཡོད་པའི་གཙང་པོའི་མགོ་ཁུངས་ཀྱི་ས་གཞི་ཆེན་མོ་དེ་དངོས་སུ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་གཙོ་གནད་ཁྲོད་ཚུད་པ་དང་། སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་བྱེད་པར་འཚོལ་སྙེག་དང་། སྐྱེ་ཁམས་ཁོར་སྲུང་དང་དམངས་ཚིས་འཕེལ་རྒྱས་བར་གྱི་འབྲེལ་བ་རྩོད་སྒྲུབ་ཀྱིས་ཐག་གཅོད་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུག་གིས་འགག་སྒྲོལ་བྱེད་དགོས་པའི་དཀའ་གནད་དུ་གྱུར།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་ཚ་ཚ་འུར་འུར་ངང་སྐུལ་འདེད་བཏང་བ་དང་བསྟུན་ནས། 2017ལོར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དངོས་སུ་མགོ་བརྩམས་པ་དང་།《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དངོས་སུ་དཔར་འགྲེམ་བྱས་ཏེ། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི“ལམ་སྲོལ་གཉིས”ཀྱི་ཚོད་ལྟའི་འགན་འཁུར་བའི་ཞིང་ཆེན་ཐོག་མ་རུ་གྱུར།

སྔོན་ཆད་ཀྱི་མི་དང་རང་བྱུང་ཁམས་བར་གྱི་འགལ་བ་རྣོ་ངར་ཅན་ནས་ད་ལྟའི་མི་དང་རང་བྱུང་ཁམས་ལས་དབང་གཅིག་ཏུ་གྱུར་བའི་བར་ལ། མཚོ་སྔོན་ནས་ང་ཚོས་ཚོར་ཐུབ་པ་ནི“འཛམ་གླིང་གི་དག་ཞིང”གི་དྭངས་གཙང་མཛེས་སྡུག་དང་རང་བྱུང་ཁམས་ལ་དམ་དུ་འཁྱུད་པའི་གླིང་སྣེའི་མྱོང་བ་དེ་རེད།   མུ་མཐུད་དུ“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱ་ཆེད།  མཚོ་སྔོན་གྱི་བུ་བུ་མོ་དག་གིས་རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལ་བརྩི་བཀུར་བྱས་ཤིང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། ཐོག་མའི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས་ཁྱབ་སྒྲོག་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་བསྒྲུབས་པར་མ་ཟད《ཟི་ལིང་གི་ཐུན་མོང་ངོས་ཟིན》གྲུབ་ཡོད།

གནས་བབ་དང་བསྟུན་ནས།“སའི་གོ་ལའི་གླིང་སྣེ་གསུམ་པ”ཡི་རང་བྱུང་སྐྱེ་ཁམས་ལ་དོ་ཁུར་དང་སྲུང་སྐྱོབ་བྱ་རྒྱུ་དེ་དུས་རབས་ཀྱི་འགན་འཁྲི་ཞིག་ཏུ་གྱུར་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་འགྲན་རྩོད་ལ་ངོས་འཛིན་དང་ཁ་གཏད་འཇལ་ཞིང་། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་སྤེལ་བ་དང་། རང་བྱུང་ནགས་སྲུང་སྐྱོབ་དང་། ཕྱུགས་སྐྱུར་རྩྭ་སྐྱོང་། མཚེའུ་དང་བརླན་ས་སྲུང་སྐྱོབ་སོགས་སྐྱེ་ཁམས་བཟོ་འགོད་ལག་བསྟར་བྱས་པ་དང་། མཐའ་གཅིག་ཏུ་རླུང་ཁམས་ཆེན་མོ་དང་། ཆུ། ས་རྒྱུ་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་སོགས་ལེགས་པོར་སྤེལ་བས། གཙང་གསུམ་འབྱུང་ཡུལ་དུ་མཚོ་མོ་སྟོང་གི་མཛེས་སྡུག་ཡང་བསྐྱར་མངོན་ཞིང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་གཞན་ལ་བཞུར་བའི་ཆུའི་སྤུས་ཀ་ཇེ་ལེགས་སུ་གྱུར་ཞིང་།  མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས95%ལས་བརྒལ།

ད་ལྟའི་མཚོ་སྔོན་ནི། སྐྱེ་ཁམས་ཐོན་ཁུངས་ཀྱི་བང་མཛོད་དང་། ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་སར་གྱུར་ཏེ། མི་རྣམས་ཀྱིས་རང་གི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ད་ལྟའི་མཚོ་སྔོན་ནི། སྔོ་ལྗང་གི་རི་ཆུ་སྲུང་སྐྱོབ་བྱེད་པའི་བར་མཚམས་སུ་གནས་ཤིང་། མཐའ་གཅིག་ཏུ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ཡོད།

གོམ་སྟབས་བརྟན་པོའི་ངང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་པ།

གཙང་གསུམ་འབྱུང་ཡུལ་ནས་མདོ་ལ་རི་བོའི་བར་དུ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་མགོ་བརྩམས་པའི་ཚུན་ལ།  མཚོ་སྔོན་ཞིང་ཆེན་གྱིས་སྤོབས་པ་ཆེན་པོས་གསར་གཏོད་དང་། ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ། སྒྲིག་སྲོལ་རྙིང་པ་གཏོར་ཞིང་། རང་བྱུང་སྲུང་སྐྱོབ་བྱ་ཡུལ་ལ་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྲོལ་ལམ་ལུགས་རབ་དང་རིམ་པ་བཏོན་ཞིང་། དམངས་ཡོངས་དང་། ཚན་རྩལ། ཁྲིམས་ལྟར། བློ་གྲོས། སྒོ་འབྱེད་སོགས་ཀྱི་གླིང་བསྐྲུན་འདུ་ཤེས་རིམ་གྱིས་ཆགས་པར་བྱས། ཨ་ཆེན་གངས་རྒྱབ་བདེ་བླག་ངང་འཛམ་གླིང་ཤུལ་བཞག་གི་མིང་ཐོའི་ཁྲོད་ཚུད་དེ། རང་རྒྱལ་གྱི་ཨང་གནས51པ་དང་རྒྱ་ཁྱོན་ཆེས་ཆེ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་གནས་ཡུལ་དུ་གྱུར།

མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཞིབ་རྩིས་ཤིག་བརྒྱབ་ན། གཙང་གསུམ་འབྱུང་ཡུལ་དུ“མཚོ་མོ་སྟོང་གི་མཛེས་ལྗོངས”ཡང་བསྐྱར་མངོན་པ་དང་། རི་དྭགས་གསའ་དང་། གཙོད་ཀྱི་གྲངས་འབོར་ཇེ་མང་དུ་གྱུར་ཡོད་ལ། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ལོ་རེར་འཕར་བཞིན་ཡོད་པས། མཚོ་སྔོན་གྱིས་རྒྱལ་ཡོངས་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་སྐྲུན་པའི་སྲོལ་འབྱེད་པར་རྨང་གཞི་ལྡན་ལ་ཆ་རྐྱེན་དེ་བས་ཀྱང་ལྡན་པར་གྱུར།

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་མངོན་འགྱུར་བྱུང་བ།

མཚོ་སྔོན་ནི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བ་དང་། མཁའ་དབུགས་གྲང་ངར་ཆེ་བ་སོགས་རང་བྱུང་རྒྱུ་རྐྱེན་གྱི་དབང་གིས།  གནས་འདི་རུ་འདྲ་བཤུ་བྱེད་ཐབས་མེད་པ་དང་། སླར་གསོ་བྱེད་ཐབས་མེད་པའི་ས་མཐོའི་སྐྱེ་དངོས་སྐོར་ཞིག་སྐྱེས་ཡོད་ཅིང་། དེ་དང་བསྟུན་ནས་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་མང་པོ་སྐྱེ་འཕེལ་བྱུང་བས། མཚོ་སྔོན་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་དུ་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ལ། ལྗང་མདོག་འཕེལ་རྒྱས་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། རྒྱུ་སྤུས་བཟང་བའི་འཚོ་བ་བསྐྲུན་པར་སྐུལ་འདེད་གཏོང་དགོས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་མགོ་བརྩམས་པའི་ཚུན་ལ།  མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར་ཞབས་ཞུའི་བྱ་སྤྱོད་འཆར་གཞིའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་ཤིང་། གསར་དུ་འཕར་སྣོན་བྱུང་བའི་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང7421དང་། གླིང་ཁུལ་དུ་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་ཁྱོན་བསྡོམས་ཁྲི་གཅིག་ལྷག་ཡོད་པ་དང་། གླིང་ཁུལ་གྱི་གནད་འཁེལ་དབུལ་སྐྱོར་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།

དུས་མཚུངས་སུ། “གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི”བླང་བྱ་ལྟར། གླིང་ཁུལ་གྱི་དངོས་ཡོད་འབྲོག་ཁྱིམ་གྱི་གྲངས་ཀ་གཞིར་བཟུང་ནས། གསར་འཕར་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་རྐང7160ཡོད་པར་གྱུར། ད་ལྟའི་བར། གླིང་ཁུལ་དུ་ལས་རྐང་ལ་ཞུགས་པའི་སྐྱེ་ཁམས་ལྟ་སྲུང་པ་བསྡོམས་པས་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ཡོད་ལ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་རྐང་གི“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།

ད་ལྟའི་མཚོ་སྔོན་གྱི་ས་གཞི་ཆེན་པོའི་ཕང་བར། འབྲོག་པ་མང་ཚོགས་ཁྲི་བཞི་སྟོང་གསུམ་གྱིས་འུར་ཆ་བསྐྱུར་ཏེ། རྩྭ་ཐང་བེད་སྤྱོད་པ་ནས་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཞིང་། མཚོ་སྔོན་གྱི་མི་བུ་ཀུན་གྱིས་བྱ་སྤྱོད་ཆུང་ཆུང་ལ་བརྟེན་ནས་མུ་མཐུད་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཟོ་བའི་བརྩེ་སེམས་བཅངས་ནས།  ཁྱིམ་གཞིས་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ཁྲོད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།