སྤྲིན་རྩིས་ཀྱི་ཐབས་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད།
2020.12.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

 མཚོ་སྔོན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་ཡིན་པ་དང་། འབྲི་ཆུའི་སྤྱིའི་ཆུ་འབོར་གྱི25%དང་། རྨ་ཆུའི་སྤྱིའི་ཆུ་འབོར་གྱི་49%། རྫ་ཆུའི་སྤྱིའི་ཆུ་འབོར་གྱི་15%བཅས་ཚང་མ་གནས་འདི་ནས་བྱུང་བ་ཡིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ས་ཁོངས་སུ་མཚོ་སྔོན་གྱི་ཁུལ4ཡི་རྫོང་དང་གྲོང་ཁྱེར21དང་དེ་བཞིན་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་བཅས་ཡོད་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ཁྲི་དགུ་སྟོང་ལྔ་ཟིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྩྭ་ཐང་དང་། ནགས་ཚལ།  བྱེ་འགྱུར་ས་ཁུལ།  བརླན་ས། སྐྱེ་དངོས་སྣ་མང་རང་བཞིན་སོགས་རྣམ་གྲངས10དང་དམིགས་ཚད་མ་ལག90ལ་མིས་ཐབས་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།

“གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་སྤྱད་པ་བརྒྱུད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དོ་དམ་པས་གནས་ཚུལ་ལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་རེད།

2015ལོའི་ལོ་མཇུག་ཏུ《 རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཉེ་སྔོན། ཀོང་ཀྲིག་གྲོང་ཁྱེར་གྱི་དྲ་གྲོགས་ཤིག་གིས་ལག་འཁྱེར་ཁ་པར་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཞུང་ཕྱོགས་པོད་འཕྲིན་ལ་དོ་ཁུར་བྱས་ཤིང་། ལག་འཁྱེར་ཁ་པར་གྱི་པོད་འཕྲིན་མནན་ཙམ་བྱས་ན། སྤྱི་ལེ2000སར་ཡོད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གསལ་པོར་མཐོང་ཐུབ་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དེ་རང་ཉིད་ཀྱི་གམ་དུ་གནས་པའི་ཚོར་སྣང་སྟེར་སྲིད།

ངོ་སྤྲོད་བྱས་པ་ལྟར་ན།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཞུང་ཕྱོགས་ཀྱི་དྲ་ཚིགས་དང་། པོད་འཕྲིན། སྐད་འཕྲིན་སྤྱི་སྟེག། འཁྱུག་དབྱིངས་སོགས་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པར་བརྟེན།  དམངས་ཡོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གནས་ཚུལ་གསལ་བོར་ཤེས་ཐུབ་པ་རེད།

འདས་ཟིན་པའི་ལོ20ལྷག་ཙམ་གྱི་རིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རང་བྱུང་སྲུང་སྐྱོབ་ཁུལ་དང་། ནགས་ཚལ་སྤྱི་གླིང་།  བརླན་སའི་སྤྱི་གླིང་། ས་གཤིས་སྤྱི་གླིང་སོགས་རིགས་ཁག་དང་རིམ་པ་ཁག་གི་སྲུང་སྐྱོབ་ཁུལ་སྣ་ཚོགས་བསྟུད་མར་བཙུགས་ཤིང་། ད་ལྟ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལག་བསྟར་བྱས་རྗེས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་དང་སྲུང་སྐྱོབ་བྱེད་ཐབས་གསར་པ་ཇེ་མང་དུ་ཕྱིན་ཡོད།

ལྟ་ཞིབ་ཚད་ལེན་གཞི་གཅིག་ཅན་དུ་གྱུར་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཀྱི་རྨང་གཞིའི་གནས་ཚུལ་གསལ་བོར་རྟོགས་ཐུབ།

“སྔོན་ཆད་གོང་རིམ་སྡེ་ཁག་གིས་འཁོར་སྐར་རྒྱང་ཚོར་མ་ལག་ཐོག་ནས་གནས་ཚུལ་ཡོད་པ་མཐོང་ཚེ། ང་ཚོས་མྱུར་དུ་བལྟ་རུ་འགྲོ་བཞིན་ཡོད།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་དེ་རྒྱང་ཐག་རིང་བས་ལྟ་ཞིབ་བྱེད་པར་བསྐྱོད་ན། མི་ཤུགས་དང་དངོས་ཤུགས་མང་པོ་བཀོལ་དགོས། ད་ལྟ་ས་གཤིས་ཀྱི་ཆ་འཕྲིན་ཚང་མ་ལྟ་ཞིབ་ཚད་ལེན་མ་ལག་ཁྲོད་བཅུག་ཡོད་པས།  སྟབས་ཧ་ཅང་བདེ”ཞེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་འགོ་གཙོ་ཧོ་བན་ཁྲིན་གྱིས་དེ་ལྟར་བཤད་བྱུང་།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཀྲུང་གོའི་བར་སྣང་ལག་རྩལ་ཞིབ་འཇུག་ཁང་སོགས་ཚན་རིག་ཞིབ་འཇུག་ཁང་དང་མཉམ་ལས་བྱས་ཏེ། མཉམ་དུ་ཚན་ཞིབ་ལག་རྩལ་མཁྲེགས་གཏོར་གྱི་ལས་དོན་སྤེལ་བ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཁོར་སྐར་འཕྲིན་གཏོང་མ་ལག་དང་སྐྱེ་ཁམས་གཞི་གྲངས་ཆེ་མོའི་ལྟེ་གནས་སོགས་ཚན་རྩལ་འདེགས་སྐྱོར་ལས་གཞི་གཅིག་གྱུར་གྱིས་ལག་བསྟར་བྱས་ཡོད། ལོ་མང་པོར་འབད་བརྩོན་བྱས་པ་བརྒྱུད། ད་ལྟ“གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་སྐྱེ་ཁམས་གཞི་གྲངས་ཆེ་མོའི་ལྟེ་གནས་སུ་སྐྱོད་སྐབས། བརྙན་རིས་ཐོག་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་གཤིས་ཆ་འཕྲིན་གྱི་རྨང་གཞིའི་ལས་སྟེགས་མིག་ལམ་དུ་འཆར་ཞིང་། རང་རྒྱལ་གྱིས་བཟོས་པའི་འཁོར་སྐར་རྒྱང་ཚོར་ལག་རྩལ་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། མིའི་རིགས་ཀྱི་འགུལ་སྐྱོད་ཆ་འཕྲིན་བཅས་ཐོ་འགོད་བྱེད་ཀྱི་ཡོད།        འཁོར་སྐར་རྒྱང་ཚོར་མ་ལག་བརྒྱུད་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཧྲིལ་པོ་མཐོང་ཐུབ་པ་དང་། སྔོ་ཁེབས་དང་ཆུ་གཟུགས་སོགས་སྐྱེ་ཁམས་ཆ་འཕྲིན་གསལ་འབྱེད་བྱེད་ཚད་སྨི་16ཟིན་པ་དང་མིའི་རིགས་ཀྱི་བྱེད་སྒོའི་ཆ་འཕྲིན་གནད་སྨིན་གསལ་འབྱེད་བྱེད་ཚད་སྨི་2ཟིན་གྱི་ཡོད”ཅེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ཚའོ་ཅུན་གྱིས་དེ་ལྟར་བཤད་བྱུང་།

ཚའོ་ཅུན་གྱིས་བརྙན་ཤེལ་ཐོག་ནས་ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་མཐའ་འཁོར་གྱི་གནས་ཚུལ་དེ་བསྟན་ནས། འདི་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་གནས་དེར་བཙུགས་པའི་རྒྱང་ཚོར་དམར་ཕྱིའི་བརྙན་ལམ་གྱི་གཞི་གྲངས་ཆ་འཕྲིན་མ་ལག་ཡིན་ལ། མ་ལག་འདི་བརྒྱུད་ནས་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་སྤྱི་ལེ་གྲུ་བཞི་མ600ཙམ་གྱི་ཁྱབ་ཁོངས་སུ་དུས་ཚོད24རིང་ཟམ་མི་ཆད་པར་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ། དགུན་དུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཡང་ཡང་ཐོན་པའི་སྐབས་སུ། ཚའོ་ཅུན་གྱིས་རྒྱང་ཚོར་བརྙན་ལམ་ནས་རི་སྐྱེས་སྲོག་ཆགས་ལ་ལྟ་སྐབས། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་བྱང་རྒྱུད་ནས་ཟས་འཚོལ་བཞིན་པའི་གཙོད་ཁྱུ་ཞིག་ཤེས་རྟོགས་བྱུང་བ་རེད།

“པར་ཤེལ་ནི་དམར་ཕྱིའི་འོད་ཐིག་ཡིན་པས། མཚན་མོ་ཡིན་ཡང་གསལ་པོ་མཐོང་ཐུབ། བརྙན་ལམ་མ་ལག་བཙུགས་པ་ལས་གཞན་ད་དུང་མི་མེད་གནམ་གྲུར་བརྟེན་ནས་དམིགས་བཙུགས་ཀྱི་གནས་ཁག་དང་གཙོ་གནད་ས་ཁོངས་ལ་བར་སྣང་ནས་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།   དེ་ལྟ་བུའི་གནས་ཁག་ད་ལྟ26ཡོད”ཅེས་ཚའོ་ཅུན་གྱིས་དེ་ལྟར་ངོ་སྤྲོད་བྱས་བྱུང་།

སྡེ་ཚན་ཁག་གིས་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ས་ཚིགས90ལྷག་ཙམ་སྤྱད་པ་དང་ཆབས་ཅིག    སྐྱེ་ཁམས་ལྟ་སྲུང་པའི་དཔུང་ཁག་གི་ནུས་པ་འདོན་སྤེལ་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ད་དུང་རྩྭ་ཐང་དང་། ནགས་ཚལ།  བྱེ་འགྱུར་ས་ཆ།  བརླན་ས། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཆེད་དོན10དང་དམིགས་ཚད་མ་ལག་90ལ་མིའི་ཐབས་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།

མིའི་ཐབས་ལ་བརྟེན་ནས་ལྟ་ཞིབ་ཚད་ལེན་བྱེད་པའི་བྱེད་ཐབས་སྣ་ཚོགས་ཁྲོད་དམར་ཕྱིའི་པར་ཆས་ནི་ལྟ་ཞིབ་ཚད་ལེན་བྱེད་ཆས་བཟང་ཤོས་ཡིན་པ་རེད། དེ་སྔོན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཟོ་སྐྱ་ཡུལ་ཚོའི་འབྲོག་པ་མང་ཚོགས་ལས་གྲུབ་པའི་སྐྱེ་ཁམས་ལྟ་སྲུང་རུ་ཁག་གིས་སྐྱེ་ཁམས་གཞི་གྲངས་ཆེ་མོའི་ལྟེ་གནས་ལ་དམར་ཕྱིའི་པར་ཆས་ཀྱིས་ཟླ་བ་གཅིག་ནང་པར་བླངས་པའི་གསའ་དང་། གནའ་བ། རི་བོང་། སྤྱང་ཀི་སོགས་རི་སྐྱེས་སྲོག་ཆགས་ཀྱི་གནས་ཚུལ་བརྒྱུད་སྐྱེལ་བྱས་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། གཞི་གྲངས་ཆེ་མོའི་ལས་སྟེགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་བ་དང་བསྟུན་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་ད་དུང་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་།  སྐྱེ་ཁམས་ཁོར་ཡུག་ཐིན། ཆུ་བེད་ཐིན། ཞིང་ལས་ཞིང་སྡེ་ཐིན། ནགས་ཚལ་རྩྭ་ཐང་ཅུས། གནམ་གཤིས་ཅུས་སོགས་འབྲེལ་ཡོད་སྡེ་ཁག་དང་གཞི་གྲངས་བརྗེ་རེས་མཉམ་སྤྱོད་བྱེད་པའི་རྐྱེན་སྲོལ་བཙུགས་ནས་ཆ་འཕྲིན་ཁེར་རྐྱང་དུ་སྤྱོད་པའི་གནས་ཚུལ་མེད་པར་བཟོས་ཏེ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་རྨང་གཞིའི་གཞི་གྲངས་ཕྱོགས་བསྡུས་ངང་སྤྱོད་རྒྱུར་མཉམ་དུ་སྐུལ་འདེད་བཏང་བ་རེད།

བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བྱས།

“གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་སྤྱད་པ་བརྒྱུད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དོ་དམ་པས་གནས་ཚུལ་མཐིལ་རྟོགས་དང་ཁོང་དུ་ཆུད་ཐུབ་པ་བྱུང་ཡོད། གཞི་གཅིག་ཅན་གྱི་མ་ལག་ལྟ་ཞིབ་ཚད་ལེན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི“སྡེ་ཁག་གཅིག་གིས་དོ་དམ་མཐའ་གཅིག་ཏུ་བྱེད་པའི”ལམ་ལུགས་ཇུས་འགོད་ཀྱི་རྣམ་པ་ལེགས་པོ་ཞིག་རེད།

2015ལོའི་ལོ་མཇུག་ཏུ《ཀྲུང་གོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། བཀོལ་སྤྱོད་ཆོག་པའི་བྱེད་ཐབས་དང་ཉམས་མྱོང་མེད་པར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་ལམ་ལུགས་གསར་གཏོད་འཚོལ་ཞིབ་བྱས་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་བཙུགས་པ་དང་དེའི་མངའ་འོག་ཏུ་འབྲི་ཆུའི་འགོ་ཁུངས་དང་། རྨ་ཆུའི་འགོ་ཁུངས། རྫ་ཆུའི་འགོ་ཁུངས་བཅས་གླིང་ཁུལ་གསུམ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་མ་ཟད། འབྲེལ་ཡོད་རྫོང་གི་ལམ་ལུགས་སྒྱུར་བཅོས་བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་དང་། ཁོར་ཡུག་སྲུང་སྐྱོབ། ཆུ་བེད། ནགས་ལས་སོགས་རྫོང་རིམ་པའི་གཙོ་གཉེར་དོ་དམ་སྡེ་ཁག་གཞི་གཅིག་ཏུ་དོ་དམ་ཨུ་ཡོན་ལྷན་ཁང་ནང་བཞག་ནས།  སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་སུ་སྡེབ་སྒྲིག་བྱས་པ་དང་ཆབས་ཅིག  རྫོང་ནགས་ཚལ་སྤྱི་བདེ་དང་། རྒྱལ་ཁབ་ས་ཁོངས་ཁྲིམས་འཛིན། ཁོར་ཡུག་ཁྲིམས་བསྟར། རྩྭ་ཐང་ལྟ་སྐུལ་དོ་དམ། ཉ་ལས་ཁྲིམས་བསྟར་སོགས་ཁྲིམས་འཛིན་སྒྲིག་གཞི་དག་ཀྱང་དོ་དམ་ཨུ་ཡོན་ལྷན་ཁང་མངའ་འོག་གི་ཐོན་ཁུངས་དང་ཁོར་ཡུག་ཁྲིམས་བསྟར་ཅུས་སུ་བསྡུ་སྒྲིལ་བྱས་ཤིང་། དེ་ཐོག་ནས་སྐྱེ་ཁམས་བཅོས་སྐྱོང་གི་འགན་ནུས་དེ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ལ་དབང་བ་དང་སྤྱི་ཚོགས་དོ་དམ་འགན་ནུས་གཞན་དག་སྔར་བཞིན་ས་གནས་སྲིད་གཞུང་ལ་དབང་བ་མཚོན་ཡོད།

ད་ལྟ “སྡེ་ཁག་གཅིག་གིས་དོ་དམ་མཐའ་གཅིག་ཏུ་བྱེད་པ”དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཕྱོགས་མང་པོའི་ཐད་ནས་མངོན་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་གི་སྔར་ཡོད་ཀྱི་རིགས6དང་སྲུང་སྐྱོབ་གནས15 གང་འདོད་དུ་བགོ་བ་དང་། རང་ཁོངས་རང་བཙན། ཕན་ཚུན་འབྲེལ་མཐུད་མི་བྱེད་པ་བཅས་ཀྱི་ཞན་ཆ་སེལ་ནས་ནུས་པ་བསྐྱར་སྒྲིག་དང་ལེགས་ཆ་བསྡུ་སྒྲིལ་བྱས་ཏེ། ཚན་རིག་ལུགས་མཐུན་གྱི་སྒོ་ནས་སླར་ཡང་ནུས་པའི་ཁུལ་དབྱེ་འབྱེད་དང་གཅིག་སྡུད་གཅིག་གྱུར་གྱི་དོ་དམ་ལག་བསྟར་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་། ལམ་ལུགས་བཅོས་སྐྱོང་བྱེད་པའི་ཐད། 《 རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》དང《 རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་ཚན་རིག་ཁྱབ་གདལ་དང་།  སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས། སྤྱི་ཚོགས་ཀྱི་ཞལ་འདེབས། དང་བླངས་པའི་དོ་དམ། ཡུལ་སྐོར་བར་དོ་དམ། རྒྱལ་སྤྱིའི་མཉམ་ལས་སྤེལ་རེས། ཁོར་ཡུག་སློབ་གསོ་སོགས་ཀྱི་དོ་དམ་བྱ་ཐབས་བཀྲམས་ཡོད། གཞི་གཅིག་ཅན་གྱི་མ་ལག་ལྟ་ཞིབ་ཚད་ལེན་ཐད། གཅིག་གྱུར་གྱི་ལྟ་ཞིབ་ཚད་ལེན་གྱི་འཆར་འགོད་དང་། གཅིག་གྱུར་གྱི་རྨང་གཞིའི་གནས་དང་ས་ཚིགས། གཅིག་གྱུར་གྱི་ཚད་གཞི་ཚད་ལྡན་ཅན་སོགས་ཀྱི་བླང་བྱར་གཞིགས་ནས “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཡོད་པ་རེད།

“སྒྲིག་སྲོལ་དང་ལམ་ལུགས་བཙུགས་པ་དང་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་བ་བརྒྱུད། ཚད་གཞི་མཐོ་བ་དང་ཆུ་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་སྟེགས་བསྐྲུན་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ནུས་པ་ཚན་རིག་ཅན་དང་། མ་ལག་ཅན། དེང་རབས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད”ཅེས་ཧོ་བན་ཁྲིན་གྱིས་དེ་ལྟར་བཤད་བྱུང་།

ལོ་ཙཱ།སྒྲོལ་མ་སྐྱིད།