གསར་བརྗེའི་སློབ་གསོར་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་།
2021.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

 ཡུས་ཧྲུའུ་ཁུལ་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་།

ཡུས་ཧྲུའུ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པས། ས་དེའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་སྲུང་སྐྱོབ་ཡག་པོ་བྱས་ནས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱ་རྒྱུ་ནི། ཡུས་ཧྲུའུ་ཡི་རིན་ཐང་དང་། འགན་འཁྲི།  སྦས་ཤུགས་བཅས་ཡིན་པ་རེད།  ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོའི་ཁྲོད་ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སློབ་སྦྱོང་དང་བསམ་གཞིགས། གོ་བ་ལེན་པ་བཅས་ཀྱི་ཁྲོད་སྙིང་སྟོབས་ཆེར་བསྐྱེད་དང་།   སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་བཏང་ཞིང་། གསར་བརྗེའི་སློབ་གསོ་སྤྱད་དེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས གསར་བརྗེའི་སློབ་གསོར་ཞིབ་བཤེར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

སློབ་སྦྱོང་ལ་བརྟེན་ནས་ཡིད་ཆེས་ཆེ་རུ་གཏོང་བ་དང་། ལྗང་མདོག་གི་ངེས་ཤུགས་རྒྱུན་འཁྱོངས་བྱས།  ཡུས་ཧྲུའུ་ཡིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་སེམས་ཆེན་པོ་མཚོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་བརྩེ་ཟབ་མོ་མཚོན་པ། ཡུས་ཧྲུའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་ཏན་ཏིག་བྱེད་པ་བཅས་ནི་ཏང་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་ཞིག་རེད། ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཨུའི་ཚོགས་འདུ་དང་། ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ།  ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པ་བརྒྱུད་དེ། གོང་ནས་འོག་བར་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་“ཏན་ཏན་ཏིག་ཏིག་བཞི་”ཡི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་ལས་འགན་དང་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པར་སྔར་བས་གཏིང་ཟབ་ཏུ་ངོས་འཛིན་དང་། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་དམིགས་ཏེ། གཅིག་སྡུད་སློབ་སྦྱོང་དང་།  སྣེ་ཁྲིད་ཀློག་འགྲེལ།  ཆེད་དོན་བགྲོ་གླེང་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་དོན་སྙིང་དང་ལག་ལེན་གྱི་བླང་བྱར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱ་རྒྱུ་ནི།   བསྐལ་བརྒྱར་ཕན་པའི་དོན་ཆེན་ཞིག་ཡིན་པར་གོ་བ་ཟབ་མོ་བླངས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཆེ་རུ་བཏང་ཞིང་། “ཆབ་སྲིད་ལ་དོ་སྣང་དང་སྒྲིག་ལམ་སྲུང་བ།‘སྲུང་སྐྱོང་གཉིས་’སྒྲུབ་ཐུབ་པ་བྱེད་པའི་”ཆེད་དོན་ལྟ་ཞིབ་དང་ཟུང་འབྲེལ་བྱས་ཏེ།  སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་ཟོན་སློབ་གསོ་ཡོངས་ཁྱབ་ཏུ་སྤེལ་བ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་མདོ་ལ་རི་བོའི་སྐྱེ་ཁམས་གཏོར་བརླག་དང་མུ་རུ་གཏེར་ཁུལ་གྱི་ཁྲིམས་འགལ་རྡོ་སོལ་སྔོག་འདོན་སོགས་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེའི་ཐོག་ནས་གྱོད་གཞིར་བརྟེན་ནས་ཁྲིམས་ལུགས་བཤད་པ་དང་ལོ་རྒྱུས་དཔྱད་གཞིར་འཛིན་པ། གནད་དོན་ལ་ཞིབ་བཤེར་དང་ངོས་འཛིན་གཏིང་ཟབ་བྱས་ཏེ།  རང་བྱུང་ཁམས་ལ་བཀུར་བའི་ཆབ་སྲིད་ཀྱི་རིག་པ་ཇེ་གསལ་དུ་བཏང་། སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་ཡུས་ཧྲུའུ་ཁུལ་གྱི་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ཚན་ཁག་གིས་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ།  སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ། རིམ་བསགས་ཀྱིས་ལྟེ་བའི་ཚན་ཆུང་རྩ་འཛུགས་བྱས་ནས་སློབ་སྦྱོང་ཐེངས180ལྷག་བྱས་པ་དང་། དཔེ་ཀློག་འཛིན་གྲྭ་ཐེངས20ལྷག་ཙམ་གཉེར་བ། ཏང་ཡོན་གྱི་སློབ་སྦྱོང་ཚོགས་འདུ་ཐེངས160ལྷག་འཚོགས་པ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱ་འགུལ90ལྷག་གཉེར་བ། གསར་བརྗེའི་གློག་བརྙན་ཐེངས110ལྷག་བལྟས་པ་རེད།

སློབ་སྦྱོང་ལ་བརྟེན་ནས་གནས་ལུགས་གསལ་བཟོ་དང་ལྗང་མདོག་གི་བརྩེ་སེམས་ཇེ་ཟབ་ཏུ་བཏང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་དགོས”ཞེས་པའི་བླང་བྱ་གལ་ཆེན་གཞིར་བཟུང་སྟེ། ཏང་གི་ལོ་རྒྱུས་གཙོ་གནད་ཡིན་པའི“ལོ་རྒྱུས་བཞི”ཡི་དྲིལ་སྒྲོག་སློབ་གསོའི་ཁྲོད།   དཔའ་བོ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་བྱས་རྗེས་དྲིལ་བསྒྲགས་གནས་ཚུལ་འབུར་དུ་ཐོན་པར་བྱས་ནས། སྤྱི་ཚོགས་ཡོངས་སུ་དཔའ་བོའི་བྱས་རྗེས་སློབ་སྦྱོང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲུང་དམག་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་གཙོ་གནད་དུ་བཟུང་ནས་སྐྱེ་ཁམས་ཁྱིམ་གཞིས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། “བརྒྱ་གཉིས”སྒྲོག་འགྲེལ་ཚོགས་པ་དང་། རྟ་བཞོན་སྒྲོག་འགྲེལ་རུ་ཁག  དར་དམར་རིག་རྩལ་སྒྲོག་འགྲེལ་རུ་ཁག་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཤིང་། སྡེ་བ་རིམ་པའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་གི་འགན་འཁུར་བ199གཞི་རིམ་གྱི་སྒྲོག་འགྲེལ་པར་གདན་དྲངས་བ་དང་།  ལོ་རྒྱུས་བཞིའི་སྒྲོག་འགྲེལ་འབུར་དུ་ཐོན་པར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་། ལས་བྱེད་པའི་ངོས་ཐད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་གཉེར་བ་མ་ཟད།  སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རིམ་པ་སོ་སོའི་ཏང་གི་སློབ་གྲྭའི་སློབ་ཁྲིད་ཁྲོད་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ནང་བཅུག་ནས་སྐྱེ་ཁམས་ལ་མཐོང་ཆེན་དང་། སྐྱེ་ཁམས་ལ་སློབ་སྦྱོང་།  སྐྱེ་ཁམས་ལ་དགའ་ཞེན། སྐྱེ་ཁམས་ལ་སྲུང་སྐྱོབ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།  མང་ཚོགས་ཀྱི་ངོས་ཐད་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བུད་མེད་ཀྱི་བྱ་སྤྱོད་དང་།  རྩྭ་ཐང་ནི་ང་ཡི་གཞིས་ཁྱིམ།   སློབ་གྲྭའི་གད་སྙིགས་ཡིག་ཆས་ལ་བརྗེ་བ། དོ་སྣང་གསུམ་དང་མཛེས་པོ་གསུམ།  ཕན་ཚུན་ལག་གདང་སྦྲེལ་ཞེས་པའི་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བས།   ལྗང་མདོག་ལ་དགའ་བ་དང་།  ལྗང་མདོག་སྲུང་སྐྱོབ་བྱེད་པ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྭངས་གཙང་གི་སྐྱེ་ཁམས་འདུ་ཤེས་དང་བྱ་སྤྱོད་ཉིན་བཞིན་ཇེ་ལེགས་སུ་སོང་ནས་ཡུས་ཧྲུའུ་རུ་ཡང་བསྐྱར་མཛེས་སྡུག་གི་ལང་ཚོ་མངོན་ཡོད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་གནད་དོན་དངོས་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་།“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་གཞིང་བཟུང་ཏེ། ཧུར་ཐག་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བྱས།   རྒྱལ་ཁོངས་ལྗང་བསྒྱུར་གྱི་བྱ་འགུལ་ལ་ཤུགས་བསྣན་ཏེ། བསྟུད་མར་ལོ་ཤས་རིང4.14དྲན་གསོའི་བྱ་འགུལ་སྤེལ་བའི་ཁྲོད་འོས་འགན་སྡོང་འཛུགས་བྱས་པ་དང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར5ཙམ་བཏང་བ་དང་ས་གནས་ཀྱི་ཆ་ཚང་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བཞི་ས་ཡ་ལྔ་དོན་འཁྱོལ་བྱས། རིམ་རྩིས་བྱས་ན་རྒྱལ་ཁོངས་ལྗང་བསྒྱུར་ལས་འགན་མུའུ་འབུམ་བརྒྱད་ཁྲི་གསུམ་སྟོང་གསུམ་ཡོངས་འགྲུབ་བྱས་པ་དང་། སྡོང་ཕྲུག་སྣ་ཚོགས་བྱེ་བ་གཅིག་ས་ཡ་གཉིས་འབུམ་བདུན་ཁྲི་གསུམབཙུགས། སྤྱི་ཕན་ནགས་ཚལ་མུའུ་ས་ཡ་དྲུག་ཁྲི་གཉིས་སྲུང་སྐྱོབ་བྱས་པ་དང་། མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ས་ཡ་གཅིག་འབུམ་དྲུག་ཁྲི་དྲུག་བཏབ་པ།   རྩྭ་ས་མུའུ་བྱེ་བ་གཉིས་ས་ཡ་དྲུག་འབུམ་དྲུག་སྟེང་གི་ཨ་བྲ་བསད་པ།  ས་ནག་ཐང་མུའུ་ས་ཡ་གཅིག་འབུམ་གཅིག་ཁྲི་བདུན་བཅོས་སྐྱོང་བྱས་པ།  རྒྱལ་ལམ་214ཡི་ལེ་དབར་ཁྲི་ཡི་ལྗང་མདོག་ཁྱམས་རིང་དང་སྤུས་ཚད་མཐོ་བའི་གྲོང་ཁྱེར་གྱི་སྐྱེ་ཁམས་སྤྱི་གླིང5བསྐྲུན་ཡོད།  ད་ལོའི4.14ཡི་དྲན་གསོའི་བྱ་འགུལ་སྐབས་སུ། ཡུས་ཧྲུའུ་ཁུལ་གྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལྗང་མདོག་གི་ཡུལ་གྲུ་རུ། བརྩེ་སེམས་ཀྱི་ས་བོན་བཏབ་ཞེས་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ་ཏེ་སྡོང་འཛུགས་ནགས་སྐྲུན་མུའུ500ལྷག་ཙམ་བྱས།  སྐྱེ་ཁམས་དམངས་ཕན་དང་།  སྐྱེ་ཁམས་ལ་བརྟེན་ནས་དམངས་ལ་ཕན་འདོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་སྤྱི་ཕན་ལས་གནས་ཁྲི་གཅིག་སྟོང་དྲུག་དགུ་བརྒྱ་ང་བརྒྱད་བཀོད་སྒྲིག་བྱས་པ་དང་། ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་འཕར་ནས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད།  རི་སྐྱེས་སྲོག་ཆགས་དང་ཚན་རིག་མཁས་ཅན།  ཚན་རྩལ་དང་རོང་འབྲོག་མང་ཚོགས་བཅས་ཀྱི་བཅོས་སྐྱོང་ཆུང་གྲས་ཀྱི་ཚོད་ལྟའི་ལས་དོན་མུ་མཐུད་དུ་སྤེལ་བ་དང་། བཟའ་བཏུང་དང་ཞག་སྡོད།  རླངས་འཁོར། སྣེ་ཤན་སོགས་ཞབས་ཞུའི་ལས་གནས་གསར་སྤེལ་བྱས་ཏེ་མང་ཚོགས་ཀྱིས་སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་ཐུབ་པར་བྱས།  མི་དང་རི་སྐྱེས་སྲོག་ཆགས་ཕན་ཚུན་ལ་གནོད་འཚེ་བཟོ་བའི་ཉེན་ཚབ་ཐེབས་རྩ་བཙུགས་ནས་མི་དང་རི་སྐྱེས་སྲོག་ཆགས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་ཞིང་སྡེའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཆེན་པོ་བྱེད་པར་རྩ་འཛུགས་བྱས་ནས“ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ”བསྐྲུན་པར་སྐུལ་འདེད་བཏང་ཞིང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ཐེངས་200ལྷག་བྱས་པ་དང་གད་སྙིགས་སྣ་ཚོགས་ཏུན100ལྷག་གཙང་སེལ་བྱས་པ་རེད།

སློབ་སྦྱོང་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་རྐྱེན་སྲོལ་འཐུས་ཚང་དུ་བཏང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མིག་སྔའི་གནས་ཚུལ་ལ་གཞི་ཚུགས་པ་དང་། མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་ཐག་གཅོད་བྱེད་པའི”གནད་དོན་དངོས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རྒྱང་རིང་ལ་དམིགས་ཏེ་དམངས་ཚིས་གནད་དོན་ཐག་གཅོད་བྱ་རྒྱུའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་པའི”བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་བཙུགས་པ་མ་ཟད། རྒྱུན་རྣམ་ཅན་གྱི་ཡུན་ཕན་རྐྱེན་སྲོལ་གྲུབ་ཡོད།  སྔ་རྗེས་སུ《ཡུས་ཧྲུའུ་ཁུལ་གྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་འགན་འཁྲིའི་ལམ་ལུགས》དང་།《ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་གཏན་འབེབས》། 《ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དམིགས་འབེན་གདེང་འཇོག་དཔྱད་ཞིབ་བྱ་ཐབས》 ། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་དོ་དམ་སྲོལ་ཡིག》སོགས་ཁྲིམས་སྲོལ་ཡིག་ཆ་བཟོས་ནས་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་དང་རྐྱེན་སྲོལ་ཚོད་ལྟའི་ལས་དོན་བདེ་བླག་ངང་སྤེལ་ཞིང་།   ཉེ་ལམ་རྒྱལ་ཁབ་ཀྱི་ཞིབ་བཤེར་གདེང་འཇོག་རྩིས་ལེན་ཁྲོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།  དེ་དང་ཆབས་ཅིག་གཙང་པོ་དང་མཚེའུ་འགྲམ་རྒྱུད་ཀྱི་གང་འདོད་བཞི་མེད་པར་བཟོ་བའི་ཆེད་དོན་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་བ་དང་། སྐྱེ་ཁམས་ཡུལ་དམག་དང་། ཕྱི་ནས་ཡོང་བའི་ཉ་ཚེ་ཐར་གཏོང་བ་བཀག་འགོག་བྱེད་པ་སོགས་ཀྱི་བྱེད་ཐབས་མུ་མཐུད་དུ་ལག་བསྟར་བྱས་པ་མ་ཟད། སྒྲིག་སྲོལ་དང་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་བཙུགས་པ་རེད། ལྷག་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྲིམས་ར་གསར་གཏོད་བྱས་ནས་བཙུགས་པ་དེས་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཁྲིམས་ལྟར་ལས་ཕྱོད་ཆེ་བའི་སྒོ་ནས་འདྲི་གཅོད་བྱེད་པའི་གྱོད་གཞིའི་ཁྲོད་ཀྱི་གྱོད་གཞི་གཅིག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་དཔེ་མཚོན་གྱོད་གཞི》ཞེས་པའི་ནང་བཅུག་པ་མ་ཟད།  ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཕྲིན་ལམ་བཅུ་གཉིས་པའི《ཡུལ་དངོས》ལེ་ཚན་ནང་སྨྱན་བྱད་ཡོངས་ཀྱི་ཁྲིམས་རའི་འདྲི་གཅོད་ཐད་གཏོང་བྱས་པས་བཅའ་ཁྲིམས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།