ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ནུས་ཤུགས་སྔར་ལས་ཆེ་ཞིང་ཆུ་ཚད་སྔར་ལས་མཐོ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
2021.12.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

 མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་ལ་མི་རིགས་ཀྱི་འབྱུང་འགྱུར་དང་ཡང་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་གཏིང་ཟབ་ཏུ་ལག་བསྟར་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཁག་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། “མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་སྐྱེ་ཁམས།  སྦས་ཤུགས་ཆེ་ཤོས་སྐྱེ་ཁམས་བཅས་ཡིན་པའི”ཞིང་ཆེན་གྱི་གནས་བབ་གཞིར་བཟུང་སྟེ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་གཟི་བརྗིད་ཅིག་ཏུ་འགྱུར་བར་བྱས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་བྱས་རྗེས་དེང་འདིར་བཞག་ཅིང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཅིག་ཡིན། མིག་སྔའི་བར་ཞིང་ཆེན་ཡོངས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ5དང་།“སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་སྐྲུན་རྟེན་གཞི2བདེ་བླག་ངང་བསྐྲུན་ཡོད་པར་མ་ཟད།  རྫོང4དང་། ཞང་གྲོང44། སྡེ་བ543བཅས་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཞང་གྲོང་དང་སྡེ་བར་གྱུར་ཡོད། དུས་རབས་གསར་པར་སླེབས་རྗེས།  འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པ་བཅས་བྱས།   མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁབ་ཀྱི་ས་ཁོངས་བདེ་འཇགས། ཐོན་ཁུངས་དང་ནུས་རྒྱུ་བདེ་འཇགས་བཅས་ཀྱི་གནས་བབ་སྔར་ལས་གལ་འགངས་ཆེ་ཞིང་།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས་པ་དང་། སྲིད་ཇུས་དོན་འཁྱོལ་གྱི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ།  སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས་པས། ལྗང་མདོག་ཕྱོགས་སྒྱུར་གྱི་ལས་འགན་ལྕི་ལ་ལམ་ཐག་རིང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་གནོན་ཤུགས་གཅིག་ཐོག་གཅིག་བརྩེགས་ཡིན་པ་དང་། འགན་ལྕི་མདུན་སྐྱོད་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད།  སྐྱེ་ཁམས་ཐོན་རྫས་སྤུས་དག་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བའི་མཁྲེགས་གཏོར་དུས་སྐབས་སུ་སླེབས་པར་མ་ཟད།  སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པའི་ཆ་རྐྱེན་དང་ནུས་པ་ལྡན་པའི་ཐག་གཅོད་དུས་སྐབས་སུའང་སླེབས་ཡོད།” ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུབ་སྐྱོབ་ལེགས་པོ་བྱ་རྒྱུ་དེ“རྒྱལ་ཁབ་ཀྱི་དོན་ཆེན”དུ་བརྩིས་ནས།  བློ་རྩ་བརྟན་པོས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱེད་པ།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ཟོལ་མེད་དུ་ཁུར་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མདོ་དབུས་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས”ཞེས་པའི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཏེ་ཁ་ཕྱོགས་མི་འགྱུར་བ་དང་། ནུས་ཤུགས་ཇེ་ཆུང་དང་ཚད་གཞི་ཇེ་དམའ་རུ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་ཡིན་པར་ངོས་འཛིན་གང་ལེགས་བྱེད་དགོས། “མཐོ་ས་གསར་བ་བརྒྱད”དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་དང་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། ནུས་ཤུགས་སྔར་ལས་ཆེ་ཞིང་ཆུ་ཚད་སྔར་ལས་མཐོ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་དགོས།  “ས་ཁུལ་བཞིའི”འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྤུས་ལེགས་ཁེ་ལས་སྐྱེད་སྲིང་བྱེད་པ་དང་། ཁེ་ལས་འཕེལ་རྒྱས་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་བྱེད་པའི་བླང་བྱ་ལྟར། མཚོ་སྔོན་གྱི་དམིགས་བསལ་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལེགས་པོ་འཚོལ་ཞིབ་བྱེད་པ་དང་།  རང་འགུལ་ངང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་འབྲེལ་མཐུད་བྱས་ནས“ས་ཁུལ་བཞིའི”འཛུགས་སྐྲུན་གྱི་ཆེད་དོན་བྱ་སྤྱོད་ཇུས་གཞི་བཟོ་བ་དང་ལག་བསྟར་བྱེད་དགོས།

ད་ལྟ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་བསྐྱོད་ཟིན་པས་ང་ཚོས་ད་དུང་མུ་མཐུད་དུ་མདུན་སྐྱོད་བྱས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་བློ་བརྟན་འགྱུར་མེད་ངང་དད་མོས་བྱེད་མཁན་དང་། ལྷག་བསམ་རྣམ་དག་ངང་ལག་བསྟར་བྱེད་མཁན། འབད་འཐབ་ལྷོད་མེད་བྱེད་མཁན་བཅས་བྱས་ནས་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྔོན་ལ་བསྐྲུན་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།