སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་སྡོད་གནས་དང་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཡག་པོ་བྱས་ནས། རྒྱ་ཆེའི་ཞིང་པ་ཚོར་གྲོང་གསེབ་དར་སྤེལ་གཏོང་བའི་ཁྲོད་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་ལས་མང་པོ་ལྡན་དུ་འཇུག་དགོས་ཞེས་ནན་བཤད་གནང་བ་རེད། སྤུས་ལེགས་སྐྱེ་ཁམས་ཁོར་ཡུག་ནི་གྲོང་གསེབ་དར་སྤེལ་གཏོང་བའི་ཆེས་ཆེའི་ཁྱད་སྟོབས་དང་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པ་དང་། གྲོང་གསེབ་དར་སྤེལ་གཏོང་བ་བྱེད་ཐབས་སུ་བྱས་ནས་སྐྱེ་ཁམས་ཅན་གྱི་རྣམ་པ་བསྒྱུར་བ་ནི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲིད་སྟོན་གལ་ཆེན་ཞིག་རེད། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱི་ཁྲིད་སྟོན་འོག མཚོ་སྔོན་གྱིས་གྲོང་གསེབ་དར་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་ནས། ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ཁུངས་ནི་ཆེས་རྩ་ཆེ་བའི་ཐོན་ཁུངས་ཡིན་པ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་ཁྱད་སྟོབས་ནི་ཆེས་རྩ་ཆེ་བའི་ཁྱད་སྟོབས་ཡིན་པ། གྲོང་གསེབ་ཀྱི་ལྗང་མདོག་རྣམ་པ་ནི་ཆེས་རྩ་ཆེ་བའི་རྣམ་པ་ཞིག་ཡིན་པས། གྲོང་གསེབ་ཀྱི་སྐྱེ་ཁམས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་བཅས་བྱེད་དགོས།
གྲོང་གསེབ་ཀྱི་སྐྱེ་ཁམས་རིན་ཐང་གི་ནང་གནས་སྒུལ་ཤུགས་ལ་སྐུལ་སློང་གང་ལེགས་བྱ་དགོས། གྲོང་གསེབ་ཀྱི་སྐྱེ་ཁམས་རིན་ཐང་ནི་ཁོངས་ཡོངས་རང་བཞིན་དང་སྣ་མང་རང་བཞིན་གྱི་སྐྱེ་ཁམས་ཐོན་ཁུངས་ལས་བྱུང་བ་དང་། གྲོང་གསེབ་དར་སྤེལ་ཁྲོད་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་འགྱུར་རྒྱུ་ནི་གྲོང་གསེབ་འཛུགས་སྐྲུན་གྱི་ལྗང་མདོག་རྣམ་པ་བསྒྱུར་བའི་ཐབས་ལམ་གཙོ་བོ་ཞིག་ཡིན་པ་དང་། ཇི་ལྟར་བྱས་ནས་གྲོང་གསེབ་ཁུལ་དུ་ཆགས་པའི་སྐྱེ་ཁམས་རིན་ཐང་དེ་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་པར་བསྒྱུར་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། གྲོང་གསེབ་ཀྱི་སྐྱེ་ཁམས་རིན་ཐང་གྲུབ་པ་དེ་རང་བྱུང་གིས་བསྩལ་བའི་ཁྱད་སྟོབས་ལས་བྱུང་བ་ཞིག་ཡིན་ལ། ཁྲོམ་ར་ཅན་གྱི་ནུས་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་སོགས་མངོན་པའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་ཡིན། དེར་བརྟེན། གྲོང་གསེབ་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་གི་འགྱུར་ལྡོག་ནུས་པར་ཚད་འཇལ་ཡང་དག་དང་དཔྱད་འཇོག་ལུགས་མཐུན་བྱ་རྒྱུ་ནི་གྲོང་གསེབ་ཀྱི་སྐྱེ་ཁམས་རིན་ཐང་གི་ནང་གནས་སྒུལ་ཤུགས་ལ་སྐུལ་སློང་བྱེད་པའི་གནད་འགག་ཅིག་རེད། གྲོང་གསེབ་ཀྱི་སྤྱི་ཚོགས་ཁ་ཐོར་གྱི་སྐྱེ་ཁམས་ཐོན་ཁུངས་རྩ་འཛུགས་བྱས་ནས། གཞི་ཁྱོན་ཅན་དང་རིམ་པ་ཅན། སྤྱི་ཡོངས་ཅན་བཅས་ཀྱི་སྐྱེ་ཁམས་མཛེས་ལྗོངས་བསྐྲུན་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྐྱེ་ཁམས་བར་ཁྱམས་སྐོར་ཞིག་བསྐྲུན་ནས། ཐར་ཐོར་ཅན་དང་ཁ་ཐོར་ཅན་གྱི་སྐྱེ་ཁམས་ཐོན་ཁུངས་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་རིན་ཐང་སྦྲེལ་ཐག་ཏུ་ཧྲིལ་བསྡུས་བྱེད་དགོས། གྲོང་གསེབ་ས་ཁུལ་གྱི་སྐྱེ་ཁམས་མཛེས་ལྗོངས་ཧྲིལ་བསྡུས་བྱས་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་དང་སྐྱེ་ཁམས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བར་སྟོང་བཅས་བཀོད་སྒྲིག་བྱེད་དགོས་པ་དང་། རྨོ་ཞིང་སྟེང་སྡོང་བོ་འཛུགས་པ་དང་རྩྭ་འདེབས་པ། མཚེའུ་བརྐོས་ནས་མཛེས་ལྗོངས་སྐྲུན་པ་སོགས“ཞིང་ལས་མིན་པའི”བྱ་སྤྱོད་གཏན་ནས་སྤེལ་མི་རུང་ལ། གྲོང་གསེབ་དར་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད་གྲོང་གསེབ་ཀྱི་སྐྱེ་ཁམས་སྙོམས་སྒྲིག་གི་རིན་ཐང་དང་རྒྱབ་སྐྱོར་གྱི་རིན་ཐང་མངོན་ཐུབ་པ་བྱེད་དགོས། གྲོང་གསེབ་ཀྱི་སྐྱེ་ཁམས་བར་སྟོང་དེ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་བར་སྟོང་ཤིག་ཏུ་བརྩིས་ནས། ནུས་ཤུགས་ཡོད་དགུས་སྐྱེ་ཁམས་རྨང་གཞིར་བྱེད་པ་དང་། མཉམ་འདུས་ནུས་པའི་ཐོན་སྐྱེད་རྣམ་པ་དང་འཛད་སྤྱོད་རྣམ་པ་དེ་སྐྱེ་ཁམས་བདེ་འཇགས་ཀྱི་ཚད་མཐའ་ཇེ་བརྟན་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་གསེབ་སྐྱེ་ཁམས་ཀྱི་འགུག་ཤུགས་དང་འགྲན་རྩོད་ནུས་ཤུགས་ཇེ་མཐོར་བཏང་སྟེ། ཞིང་ཆེན་ནང་ཁོངས་ཀྱི་ཁྱད་ལྡན་ཅན་གྱི་ལས་རྣམ་གསར་པར་བརྟེན་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་རིན་ཐང་གི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས།
གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བསྒྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ནི་སྐྱེ་ཁམས་བདེ་འཇགས་ཡོང་བར་བྱེད་པ་དང་སྐྱེ་ཁམས་ཀྱི་རིན་ཐང་གཞན་སྒྱུར་བྱེད་པའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས་སྐྱེ་ཁམས་ཀྱི་ཕན་པ་ཆེན་པོ་ལྡན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་དྲང་བདེན་གྱི་སྤྱི་པའི་ཐོན་རྫས་དང་ཀུན་ལ་ཕན་པའི་དམངས་ཚིས་བདེ་སྐྱིད་ཅིག་རེད། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་མཚོ་སྔོན་ལ་མཚོན་ནས་བཤད་ན་གོ་སྐབས་གསར་པ་དང་འཕེལ་ཕྱོགས་ཆེན་པོ་ཞིག་ཡིན་པས། ངེས་པར་དུ་ཞིང་ཆེན་ནང་ཁུལ་གྱི་སྐྱེ་ཁམས་ཐོན་རྫས་དང་སྐྱེ་ཁམས་རྒྱུ་ནོར་གྱི་གནས་ཚུལ་ལ་རྩིས་བཤེར་གསལ་པོ་བྱས་ནས། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ལས་ཀྱི་རྒྱུ་ཆ་ལེགས་སྒྲིག་དང་བགོ་བཤའ་རྒྱག་རྒྱུར་ཤུགས་སྣོན་བྱེད་དགོས་པ་མ་ཟད། ད་དུང་ནུས་པ་ལྡན་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་བཙུགས་ནས། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་རྫས་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ལས་ཀྱི་རྒྱུ་རྐྱེན་གཙོ་བོ་ཁག་མཉམ་འདྲེས་ནུས་ལྡན་དང་བཀོད་སྒྲིག་ལེགས་སྒྱུར་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་རྫས་ཆ་འཕྲིན་མཛོད་ཧུར་ཐག་གིས་བཙུགས་ནས། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་གྲངས་འབོར་ཁྱབ་ཚུལ་དང་ཐོན་རྫས་རིམ་པ། ཁེ་དབང་ཁྱབ་ཁོངས། དེ་མིན་ཁྲོམ་ར་ཅན་དུ་འགྱུར་ཚད་སོགས་ཞིབ་ཕྲའི་ཆ་འཕྲིན་འགུལ་རྣམ་ཁོང་དུ་ཆུད་པ་བྱས་ཏེ། གྲོང་གསེབ་ཀྱི་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་ཐོན་ལས་སྦྲེལ་ཐག་སྣུར་བསྲིང་བྱས་ནས། སྐྱེ་ཁམས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་དགོས། གྲོང་གསེབ་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གཞན་སྒྱུར་གྱི་ཞིབ་རྩིས་མ་ལག་རང་འགུལ་སྒོས་བཙུགས་ནས། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་རྫས་ཉོ་ཚོང་བྱེད་དཀའ་བ་དང་འགྱུར་ལྡོག་གཏོང་དཀའ་བའི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་དང་ཞབས་ཞུའི་གཅིག་གྱུར་ཚད་གཞི་བཟོས་ནས། གྲོང་གསེབ་སྐྱེ་ཁམས་ཐོན་རྫས་ཀྱི་ཁྲོམ་ར་ཅན་གྱི་ནུས་པ་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་རྫས་མིང་གྲགས་ཅན་དུ་འགྱུར་བའི་ནུས་པ་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་ཁྱད་ཆོས་ལ་དམིགས་ནས་ཁྱད་ལྡན་ཐོན་ལས་བཀོད་སྒྲིག་དང་ཁྱད་ལྡན་ཐོན་རྫས་ཇུས་འགོད་བྱས་ཏེ། ཁྱད་ཆོས་ལྡན་པའི་མིང་གྲགས་ཐོན་རྫས་བསྐྲུན་དགོས། སྐྱེ་ཁམས་ཐོན་རྫས་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་སྐྱེ་ཁམས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་དང་ཚོང་རྟགས་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གྲོང་གསེབ་ཀྱི་སྐྱེ་ཁམས་རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐོན་ལས་སྦྲེལ་ཐག་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་པ། ཐོན་ལས་སྦྲེལ་ཐག་ཧྲིལ་པོར་བརྟེན་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་འཕར་བ་དང་ཕན་འབྲས་ཇེ་ཆེར་གཏོང་བའི་བར་སྟོང་རྒྱ་ཆེར་གཏོང་དགོས།
གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ལས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་དགོས། གྲོང་གསེབ་དར་སྤེལ་གཏོང་དགོས་ན་ཐོན་ལས་ནི་རྨང་གཞི་ཡིན། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མཚོ་སྔོན་གྱི་སྐྱེ་ཁམས་ལ་བརྟེན་པའི་དོན་དངོས་ཀྱི་གདམ་ག་ཞིག་ཡིན་ལ། མཚོ་སྔོན་གྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་བྱེད་པའི་ནང་གནས་བླང་བྱ་ཞིག་ཀྱང་རེད། ལྗང་མདོག་ཅན་དང་སྐྱེ་ཁམས་ཅན་གྱི་གྲོང་གསེབ་སྐྱེ་ཁམས་ཐོན་ལས་ནི་གྲོང་གསེབ་དར་སྤེལ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་དང་། གྲོང་གསེབ་ཐོན་ལས་ཀྱི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་མཁོ་སྤྲོད་སྦྲེལ་ཐག་བསྐྲུན་པ། རིན་ཐང་སྦྲེལ་ཐག་མཐོ་རུ་གཏོང་བ་བཅས་ཀྱི་ལྡོག་མེད་ཀྱི་གདམ་ག་ཞིག་རེད།
གྲོང་གསེབ་ཏུ་སྐྱེ་ཁམས་ཐོན་ལས་བཀོད་སྒྲིག་བྱེད་པའི་ཐོན་རྫས་ལས་སྣོན་སྦྲེལ་ཐག་རྒྱུན་འཁྱོངས་བྱས་ཏེ། ས་གནས་ཀྱི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས། ནུས་ཤུགས་ཡོད་དགུས་སྐྱེ་ཁམས་ཐོན་རྫས་ཐོག་མའི་ལས་སྣོན་དང་ལས་སྣོན་ཞིབ་ཚགས་བྱས་ཏེ། དངོས་གནས་གྲོང་གསེབ་སྐྱེ་ཁམས་ཐོན་ལས་ཀྱི་རིན་ཐང་སྦྲེལ་ཐག་གི་ཕན་འབྲས་གྲོང་གསེབ་ཏུ་འཇོག་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད་སྐྱེ་ཁམས་ཁྱད་ཆོས་དང་ཐོན་ལས་ཁྱབ་ཚུལ་གཞི་གཅིག་ཅན་བསྐྲུན་པ་དང་། གཅིག་གྱུར་བཀོད་སྒྲིག་གི་རྣམ་པ་གསར་པ་བཅས་མངོན་པར་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ལས་དང་ཞིང་ལས་ཐོན་ལས་དེང་རབས་ཅན་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་གི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ལས་ཚོང་གཉེར་རྣམ་པ་རིམ་སྤོར་བཅས་བྱེད་དགོས། གྲོང་གསེབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྲིད་ཇུས་ཀྱི་ཁྲིད་སྟོན་དང་འཆར་འགོད་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་པ། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ལས་རིགས་དབྱེ་འཆར་འགོད་དང་གོ་རིམ་ལྡན་པའི་བཀོད་སྒྲིག་ལ་རྒྱབ་སྐྱོར་བྱེད་པའི་འགན་སྲུང་ལམ་སྲོལ་བཙུགས་ནས། ཐོན་ལས་ཁྱབ་ཚུལ་གཅིག་མཚུངས་ཅན་དུ་མི་འགྱུར་བ་དང་། དེ་མིན་གཞི་ཁྱོན་ཆུང་བ་དང་ཁྱབ་ཚུལ་ཁ་ཐོར་ཡིན་པ། སྦྲེལ་ཐག་ཐུང་བ་སོགས་ཀྱི་གནད་དོན་མི་འབྱུང་བ་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྲིད་ཇུས་ཀྱི་འགག་གནད་མེད་པ་བཟོས་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་པ། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ལས་དར་སྤེལ་གཏོང་བའི་མིག་དཔེ་བསྐྲུན་པ། སྐྱེ་ཁམས་ཐོན་ལས་དཔེ་སྟོན་ས་ཁུལ་བསྐྲུན་པ། ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཅུང་ཆེན་པོ་ལྡན་པའི་གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ལས་ཞིག་སྐྱེད་སྲིང་བྱས་ཏེ། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེ་རུ་གཏོང་དགོས།
དངོས་གནས་གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ཁུངས་ཚད་ལྡན་དུ་འགྱུར་བའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་ཕན་བདེ། སྐྱེ་ཁམས་དམངས་ཀྱི་ཆེད་ཡིན་པ་བཅས་ནི་གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ཁུངས་དོ་དམ་གྱི་འགོ་རྩོམ་ས་དང་རྐང་འཛུགས་ས་རེད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལག་ལེན་ཁྲོད། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ཁུངས་ཁྱད་སྟོབས་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་སྐུལ་ཁྲིད་ཁྱད་སྟོབས་སུ་འགྱུར་བ་བྱས་ནས། “མཛེས་སྡུག་ལྡན་པའི་ཐོན་ཁུངས”དེ“མཛེས་སྡུག་ལྡན་པའི་དཔལ་འབྱོར”ལ་བསྒྱུར་བ་དང་། སྐྱེ་ཁམས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་རྒྱུར་རམ་འདེགས་བྱེད་དགོས། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ཁུངས་གསར་སྤེལ་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ཁུངས་དོ་དམ་གསར་སྤེལ་དང་ཚོང་གཉེར་སྟེགས་བུ་བསྐྲུན་པ། གྲོང་གསེབ་ཀྱི་བེད་མེད་སྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ། གྲོང་གསེབ་ཀྱི་སྐྱེ་ཁམས་དར་སྤེལ་གཏོང་བའི་སྒུལ་ནུས་གསར་པ་འཕེལ་བར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་འོས་འཚམ་གྱི་གསར་སྤེལ་དོ་དམ་ལམ་སྲོལ་འཛུགས་རྒྱུའི་ཚོད་ལྟ་བྱེད་པ། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ཁུངས་དོ་དམ་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ས་ཁོངས་ནང་གི་གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་བྱེད་པའི་སྤྱིའི་འཆར་འགོད་དང་དམིགས་ཚད་མ་ལག དོ་དམ་ལམ་ལུགས་བཅས་གཅིག་གྱུར་གྱིས་གཏན་འབེབས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོར་བརྟེན་པ་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་སྐྱེ་ཁམས་ཐོན་ཁུངས་རྨང་གཞིར་བྱེད་པ། ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་ལས་ཀྱི་བཀོད་པ་ཐབས་ལམ་དུ་བྱེད་པ། གྲོང་གསེབ་ས་ཁུལ་དུ་ད་དུང་གསར་སྤེལ་བྱས་མེད་པའི་སྐྱེ་ཁམས་ཐོན་ཁུངས་གསར་སྤེལ་བྱེད་པ། དངོས་གནས་སྐྱེ་ཁམས་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་བསྒྱུར་དགོས། ས་ཁོངས་ནང་གི་གྲོང་གསེབ་ཀྱི་སྐྱེ་ཁམས་དར་སྤེལ་གཏོང་བའི་ཐོན་ཁུངས་ཀྱི་ཁྱད་སྟོབས་འཕྱུགས་མེད་དབྱེ་འབྱེད་བྱེད་པ་དང་། ཁྱད་ལྡན་གསར་སྤེལ་ཐོན་རྫས་ལ་བརྟེན་པ། ཁྱད་སྟོབས་ལ་བརྟེན་ནས་ཐོན་ལས་བཀོད་སྒྲིག་བྱེད་པ། གྲོང་གསེབ་ཀྱི་སྐྱེ་ཁམས་ཐོན་ཁུངས་དང་འབྲེལ་ཡོད་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བྱེད་པ། སྤྱི་ཚོགས་ཀྱི་མ་རྐང་དུ་འཇོག་པའི་ཡུན་ཕན་དོ་དམ་རྐྱེན་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ། ཞིང་པ་བཅས་ཀྱི་འཕེལ་རྒྱས་ནུས་པ་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས།
མདོར་ན། སྐྱེ་ཁམས་ཁོར་ཡུག་བཟང་པོ་འཛུགས་སྐྲུན་བྱ་རྒྱུ་དེ་དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བའི་དམིགས་བསལ་གྱི་ཁྱབ་ཁོངས་ཤིག་རེད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། མཛེས་སྡུག་ལྡན་པའི་གནས་སྡོད་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་མ་ཐེབས་པ་བཅས་རེད། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་དེ་ཞིང་ཆེན་ནང་ཁུལ་གྱི་རོང་འབྲོག་ཁུལ་དུ་རིམ་བཞིན་ཁྱབ་གདལ་གཏོང་བ་དང་ཆབས་ཅིག ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱ་ཆེ་རུ་གཏོང་བ་དང་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་ཅན་གྱི་ཐབས་ལམ་ནི་མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་འཐབ་ཇུས་ཀྱི་གཞི་རྩ་ཞིག་ཡིན་ལ། དེ་དང་འདྲ་བར་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྤྱོད་གོ་ཆོད་པའི་ཐབས་ལམ་གསར་པ་ཞིག་ཀྱང་འདོན་སྤྲོད་བྱས་ཡོད། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་ཁྲོད། སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་འཕར་ཚད་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་ཁུལ་དུ་འགྱུར་བར་བྱེད་པ། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་བྱ་སྤྱོད་ཀྱི་གཞི་འཛིན་སར་བྱས་ནས། དངོས་གནས་གྲོང་གསེབ་ཀྱི་སྐྱེ་ཁམས་དར་སྤེལ་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་དམངས་ཕན་དང་སྐྱེ་ཁམས་དམངས་ཕན་གྱི་སྐྱེ་ཁམས་རིན་ཐང་གང་ལེགས་ཀྱིས་མངོན་པར་བྱ་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།