རི་སྔོ་ཆུ་དྭངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་འབད་འཐབ་ལྷོད་མེད་བྱེད།
2022.06.02 ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། ཀློག་གྲངས། 16

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན།  མཚོ་སྔོན་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཆགས་ཡོད་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དང་སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྙན་ཞུའི་ནང་དུ།  ལོ་ལྔའི་རིང་ལ། ང་ཚོས་སྐྱེ་ཁམས་སྲུང་ཡོལ་སྔོན་ལ་སྤེལ་བ་རྒྱུན་འཁྱོངས་དང་།  སྐྱེ་ཁམས་དཔལ་ཡོན་དར་སྤེལ་བྱེད་པར་རྒྱུགས་འབྲས་ཡག་པོ་ཞིག་སྤྲད་ཡོད་ཅེས་བསྟན།

སྐྱེ་ཁམས་ཀྱི་ཞིང་ཆེན་ཆེ་ཤོས་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཡོད།  སྙན་ཞུར་ཉན་རྗེས། སྐྱེ་ཁམས་ལྟ་སྲུང་པ་ཞིག་གི་ངོས་ནས། ལོ་ལྔའི་རིང་ལ་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་པས། ང་ལ་གཟི་བརྗིད་ཀྱིས་ཁེངས་ཡོད་ཅེས་རྨ་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་ལིན་ཀྲན་ཞིན་གྱིས་གསར་འགོད་པར་དེ་ལྟར་བཤད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་ཚད་མེད་དང་ཐུགས་ཁུར་ཟབ་མོ་གནང་ནས།  མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ཞིང་།   རེ་བ་ནི་མཚོ་སྔོན་གྱིས་སའི་གོ་ལའི་གླིང་སྣེ་གསུམ་པའི་སྐྱེ་ཁམས་ལེགས་པོར་སྲུང་སྟེ།  མདོ་དབུས་མཐོ་སྒང་འདི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སར་ཧུར་ཐག་གིས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།  ཉེ་བའི་ལོ་འགའི་རིང་ལ་རྨ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དོན་ཐོག་ཏུའཁྱོལ་བར་སྐུལ་འདེད་ཏན་ཏིག་དང་།  སྐྱེ་ཁམས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས།  དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བཀོད་པར་སྐྱེ་ཁམས་སྔོན་སྤེལ་གྱིས་གཅིག་འདོམས་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་སྟེང་།  རི་ཆུ་མཛེས་པའི་རྨ་ལྷོ་ཞེས་པའི་ཚད་གཞི་མཐོ་ཤོས་ཀྱི་མིང་བྱང་བསྐྲུན་ཏེ།    ས་ཁུལ་གསུམ་འཛུགས་སྐྲུན་གྱི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས།    སྐྱེ་ཁམས་དཔལ་ཡོན་དར་སྤེལ་ཐད་གཡུར་ཟའི་གྲུབ་འབྲས་ཐོབ།

བཀའ་བཅོལ་སྙན་མོ་རི་ལས་བརྗིད་ཅིང་། འགན་འཁྲི་མི་བརྗེད་མདུན་དུ་བསྐྱོད།

ལོ་ལྔའི་རིང་ལ། རྨ་ལྷོ་ཁུལ་གྱིས་སྐྱེ་ཁམས་སྔོན་སྤེལ་དང་།    མཁར་གྲོང་གཅིག་གྱུར་འཆར་འགོད། མཐུན་སྦྱོར་གོང་སྤེལ་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ།  ཁུལ་ཡོངས་སུ་གཅིག་གྱུར་འཆར་འགོད་ལག་བསྟར་བྱས་པ་དང་། ལྗང་མདོག་སྐྱེ་ཁམས་ཀྱིས་སྣེ་ཁྲིད་དེ་བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་ལག་བསྟར་དང་། ནང་ཁུལ་ལེགས་བཅོས། ཕྱི་ཕྱོགས་རྒྱ་བསྐྱེད། གྲོང་ཁྱེར་གྱི་རྣམ་པ་གསར་པར་སྐུལ་འདེད་བཅས་བྱས་ནས་ཐོན་སྐྱེད་བར་སྟོང་ལེགས་བསྡུས་དང་། འཚོ་བའི་བར་སྟོང་ལེགས་སྒྲིག  འཚོ་བའི་ཁོར་ཡུག་ལྟ་ན་སྡུག་པ་བཅས་མངོན་འགྱུར་བྱས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྔོན་སྤེལ་གྱི་འཕེལ་རྒྱས་བསམ་བློར་བརྩི་སྲུང་བྱས་ཏེ།  རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དར་སྤེལ་དང་།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་བྱེད་དགོས་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དར་སྤེལ་གྱི་དཔེ་སྟོན་ཁུལ་གསར་འཛུགས་གོ་སྐབས་སུ་བཟུང་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་འབྱོར་དར་སྤེལ་ལ་སྐུལ་འདེད་བཏང་།

ལོ་ལྔའི་རིང་ལ། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱ་སྤྱོད་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ།  སྐྱེ་ཁམས་སྔོན་སྤེལ་རྒྱུན་འཁྱོངས་དང་།  ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་པ་དང་།  ཁོར་ཡུག་སྲུང་སྐྱོབ་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་ཚིས་ལ་ཕན་བདེ་བསྐྲུན་པའི་སྤྱིའི་བསམ་ཕྱོགས་ལྟར། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད་རང་འགུལ་ངང་ཞུགས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་ཀླུང་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཁོངས་གཏོགས་བཅོས་སྐྱོང་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་བསྣན་ཏེ།  སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕྱུག་དམངས་ཕན་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ནས་སྐྱེ་ཁམས་དཔལ་འབྱོར་དང་།  ལྗང་མདོག་ཐོན་ལས་མུ་མཐུད་དུ་འཕེལ་རྒྱས་འགྲོ་བ་དང་།  སྔོ་ཞིང་དྭངས་པའི་རི་ཆུ་རྨ་ལྷོའི་ཡུལ་ལྗོངས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་འགྱུར་བར་འབད་པ་བྱས།

ལོ་ལྔའི་རིང་ལ། རྨ་ལྷོ་ཁུལ་གྱིས་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལས་དོན་རྒྱུན་མཐུད་ངང་སྤེལ་ཏེ། ཆུ་དང་རླུང་ཁམས་ཆེན་མོ། ས་རྒྱུ་སྦགས་བཙོག་འགོག་བཅོས་ཀྱི་འགུལ་སྐྱོད་འཆར་འགོད་ལག་བསྟར་བྱས་ནས། རོང་འབྲོག་ས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་འཁྱོངས་དང་། ས་ཁོངས་ཡོངས་ལ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་གསར་འཛུགས་བརྩོན་ལེན་བཅས་བྱས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་། ཆུའི་ཁོར་ཡུག་གཙང་ཚད་རིགས་གསུམ་པ་ལས་ལེགས་ཤིང་། རླུང་ཁམས་ཆེན་མོའི་འབག་བཙོག་འགོག་བཅོས་སོགས་མཉམ་དུ་སྤེལ་བར་མ་ཟད། 《རྨ་ལྷོ་ཁུལ་གྱི་སྔོ་བསངས་ཀྱི་མཁའ་དབྱིངས་སྲུང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞི》བཟོས་ཏེ།    ས་རྡུལ་འགོག་བཅོས་དང་། རྡོ་སོལ་ཉུང་སྤྱོད། རླངས་འཁོར་ཉུང་གཏོང་། ཁེ་ལས་བཅོས་སྐྱོང་། ལྗང་སྒྱུར་རྒྱ་སྐྱེད་བཅས་ཀྱི་བྱེད་ཐབས་ལག་བསྟར་བྱས།  ས་རྒྱུའི་ཁོར་ཡུག་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལས་གཞི་སྐོར་ཞིག་བདེ་བླག་ངང་སྤེལ་བ་དང་། འབག་བཙོག་ཆེན་པོ་རིགས་བཞིའི་ཕྱིར་འབུད་ཚད་ཇེ་ཉུང་དུ་བཏང་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་པར་བྱས།

ལོ་ལྔའི་རིང་ལ། རྨ་ལྷོ་ཁུལ་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁྲོད་བྱུང་བའི་གནད་དོན་དག་ཐེར་ལ་མཐོང་ཆེན་ཚད་མེད་བྱས་ཏེ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཐད་ཀྱི་གྱོད་དོན་བརྒྱུད་སྒྲུབ་དང་། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་བཅས་ཞིང་ཆེན་ཡོངས་ཀྱི་སྔོན་ལ་ཐག་བཅད་པ་དང་།  གྱོད་འབྲེལ་ཁེ་ལས་ལ་ཁྲིམས་བཞིན་འབྲེལ་ཡོད་བྱེད་ཐབས་བཀོལ་བ་དང་།  ནང་སྒོས་སུ་བེད་མེད་དུ་བཞག་པའི་གཏེར་ཁ་བཅོས་སྐྱོང་དང་སླར་གསོ། ཟེགས་མའི་བཟོ་གྲྭ་སོགས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་སྐྱེ་ཁམས་ཀྱི་ཁྱབ་ཁོངས་སོ་སོར་གནས་པའི་ཁོར་ཡུག་གི་འབུར་ཐོན་གནད་དོན་ལ་གྲལ་བཤེར་དང་དག་ཐེར་ཆེན་པོ་བྱས་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དང་གཏེར་ཁའི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་གསར་པ་གསར་སྐྲུན་བཅས་ལ་ཚད་ཐིག་གསར་པ་བཟོས།

ཡངས་པའི་མཚོ་སྔོན་གྱི་འཛིན་མའི་གཞི་རུ་བསྐྱོད་པའི་ང་ཚོས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་ཁྲོད་ནས་བྱུང་བའི་གཡུར་ཟའི་གྲུབ་འབྲས་མཐོང་བས་དགའ་སྤྲོ་ཚད་མེད་སྐྱེས། ད་ལྟ་མཚོ་སྔོན་ནི་མིང་དོན་མཚུངས་པའི་སྐྱེ་ཁམས་ཞིང་ཆེན་དུ་གྱུར་བ་དང་། ལྷག་པར་དུ་རྨ་ལྷོའི་སྔོ་ཞིང་བསངས་པའི་མཁའ་དབྱིངས་དང་། དྭངས་ཤིང་གཙང་བའི་ཆུ་མོ། གཡུ་ལོས་བསྟིམས་པའི་རྩྭ་ཐང་སོགས་ནི་ལྟ་ན་སྡུག་པའི་མཛེས་ལྗོངས་སུ་གྱུར་ཡོད་པས། སྔ་ན་མེད་པའི་ཆོད་སེམས་དང་སྟོབས་ཤུགས་བསྐྱེད་དེ་སྐྱེ་ཁམས་ཁོར་ཡུག་ལ་ཏན་ཏན་ཏིག་ཏིག་གིས་སྲུང་སྐྱོབ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་ཆུ་མཛོད་ཀྱི་ལྟ་སྲུང་བའི་ལས་འགན་ལེགས་པོར་བསྒྲུབས།

ལིན་ཀྲན་ཞིན་གྱིས་བཤད་རྒྱུར།  སྐྱེ་ཁམས་མཛའ་མཐུན་གྱི་འབྲེལ་བ་སྲུང་འཛིན་བྱེད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པས་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་རྒྱལ་ཁབ་དང་། མི་རིགས། རྗེས་རབས་པ་རྣམས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ།   སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་རི་དང་འཁྱགས་རོམ་ཡང་གསེར་རི་དངུལ་རི་ཡིན་པའི་བསམ་བློ་ཡལ་བར་མི་འདོར་བར་སྐྱེ་ཁམས་སྲུང་སྐྱོབ་སྔོན་སྤེལ་རྒྱུན་འཁྱོངས་དང་། ཐོན་ལས་དང་དཔལ་འབྱོར་སོགས་བྱེད་སྒོ་ཡོད་ཚད་ཀྱིས་སྐྱེ་ཁམས་ལེགས་སྤེལ་ལ་ཕན་པའི་ལས་རྒྱུན་བསྐྱངས་ཐོག ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་གྱི་མཐོ་ས་བསྐྲུན་དགོས་ཟེར།

དམིགས་འབེན་གསལ་བོ་གཏན་ལ་ཕབ་ནས་དེའི་ཕྱོགས་ལ་འབད་འབུངས་བྱེད་བཞིན་ཡོད།

ལིན་ཀྲན་ཞིན་གྱིས་བཤད་རྒྱུར། རྨ་ལྷོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ལས་ཁུངས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དེ་ཕྱིན་ཆད་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་དུ་བརྩིས་ཏེ།  སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི’ཡིན་པའི་བསམ་བློ་དར་སྤེལ་དང་། འབག་བཙོག་འགོག་བཅོས་ཀྱི་འཛིང་རགས་རྩ་བརྟན་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་ཁ་ཕྱོགས་ལེགས་བསྒྱུར།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས།  མི་དམངས་མང་ཚོགས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་མུ་མཐུད་དུ་སྐོང་རྒྱུ་ཡིན་པར་མ་ཟད།  སྐྱེ་ཁམས་དཔལ་ཡོན་དར་སྤེལ་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ།  མིའི་རིགས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ལ་ཤུགས་བསྣན་ནས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་ལས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་མང་ཚོགས་ཀྱི་ལོངས་སྤྱོད་དུ་བསྒྱུར་ནས་རི་ཆུ་མཛེས་པའི་རྨ་ལྷོ་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་འདིང་དགོས།

ལིན་ཀྲན་ཞིན་གྱིས་བཤད་རྒྱུར། རྨ་ལྷོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བསྒྱུར་གྱི་སྤྱིའི་དམིགས་འབེན་དང་། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་འགན་སྲུང་བྱ་བ་རྐང་ཚུགས་སར་བྱས་ཏེ།  རྩེ་ཁོག་རྫོང་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་དུ་བསྐྲུན་པར་བརྩོན་ལེན་དང་།  ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་ནི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་དུ་བསྒྱུར་བའི་ལས་འགོ་རྩོམ་རྒྱུ།  ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཡུལ་ཚོ་དང་གྲོང་རྡལ།  སྡེ་བ་བཅས་གང་ཐུབ་ཀྱིས་སྙན་ཞུ་བྱེད་རྒྱུ། ཁུལ་ཡོངས་ནས་ཞིང་གྲོང་གི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་དང་འཚོ་བའི་གད་སྙིགས་བཅོས་སྐྱོང་། འགྱིག་འགོག་རྣམ་གྲངས་གསུམ་གྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ།   འགག་སྒོ་མཐའ་གཅིག་ཏུ་གཏོར་བ་ནས་རྩ་བ་ནས་གཏོར་བའི་ཕྱོགས་སུ་བསྒྱུར་ཏེ།   སྔོ་བསངས་ཀྱི་མཁའ་དབྱིངས་དང་། དྭངས་གཙང་གི་ཆུ་མོ།  དག་གཙང་གི་ཁོར་ཡུག་བཅས་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་།  ཁོར་ཡུག་གི་ཉེན་བརྡའི་རྐྱེན་སྲོལ་ལམ་ལུགས་དང་ཁོར་ཡུག་གི་གནད་དོན་ཞིབ་བཤེར་ཆེན་པོ་དང་དག་ཐེར་ཆེན་པོའི་རྐྱེན་སྲོལ་ལམ་ལུགས།   སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་ཆེན་མོའི་རྐྱེན་སྲོལ་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་འགན་འདེད་ཀྱི་རྐྱེན་སྲོལ་ལམ་ལུགས་བཅས་བཙུགས་ཏེ། རིམ་པ་སོ་སོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཁོར་ཡུལ་གི་གནད་དོན་ལྟ་ཞིབ་དག་ཐེར་དང་། སྐྱེ་ཁམས་ཁོར་ཡུག་གི་ལས་གཞི་ཡར་ཞུ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྒྲིག སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ནུས་པ་དར་སྤེལ་སོགས་ཕྱོགས་ལྔའི་ལས་དོན་གལ་ཆེན་དམ་འཛིན་བྱས་ཏེ། ས་རྒྱུ་འབག་བཙོག་བཀོག་བཅོས་ཀྱི་ཆེད་དོན་བྱ་འགུལ་དང་། སྲ་གཟུགས་སྙིགས་རོའི་གནོད་འཚེ་ཞིབ་བཤེར་ཆེད་དོན་བྱ་འགུལ། རླུང་ཁམས་ཆེན་མོའི་འབག་བཙོག་དང་བྱེ་རྡུལ་འགོག་བཅོས་ཆེད་དོན་བྱ་འགུལ། རྨ་ཆུའི་འབབ་རྒྱུད་ཀྱི་བཙོག་འབུད་བཅོས་སྐྱོང་ཆེད་དོན་བྱ་འགུལ་སོགས་ལ་སྐུལ་འདེད་བཏང་ནས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྔར་ལས་སྤུས་ལེགས་ཤིང་། ཆུ་ཚད་མཐོ་བ།  ཚད་གཞི་མཐོ་ཤོས་ཀྱི་ཕྱོགས་སུ་འཕེལ་རྒྱུས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།