སྐྱེ་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་རྩ་བར་འགྱུར་བར་བྱེད་དགོས།
2022.07.19 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 19

 སྐྱེ་ཁམས་མཛའ་མཐུན་ནི་ཆེས་ཆེ་བའི་མཛའ་མཐུན་ཡིན་པ་དང་། སྐྱེ་ཁམས་བདེ་འཇགས་ནི་ཆེས་ཆེ་བའི་བདེ་འཇགས་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ངེས་པར་དུ་ལམ་ལུགས་ལ་བརྟེན་པ་དང་ཁྲིམས་སྐྱོང་ལ་བརྟེན་དགོས།  ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་སྐྱོང་ལག་བསྟར་བྱས་ན། གཞི་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བློས་འགེལ་ཆོག་པའི་འགན་ལེན་བྱེད་ཐུབ།

ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་ཀྱིས་ཇུས་འགོད་དང་སྐུ་དངོས་ཀྱིས་བཀོད་སྒྲིག སྐུ་དངོས་ཀྱིས་སྐུལ་འདེད་བཅས་ཀྱི་ལམ་ལུགས་གསར་སྐྲུན་གལ་ཆེན་ཞིག་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གསར་སྐྲུན་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་དང་ལམ་ལུགས་རང་བཞིན་གྱི་འགན་ལེན་ཞིག་ཡིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་གནང་བ་མཚོན་ཞིང་། ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་བློ་སྤོབས་བརྟན་པོ་དང་ཆོད་སེམས་བརྟན་པོ་མཚོན་གྱིན་ཡོད་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་མི་དམངས་མང་ཚོགས་ཀྱིས་བསམ་འཆར་མང་པོ་བཏོན་པའི་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་བརླག་གི་གནད་དོན་ཐག་གཅོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས2015ལོར་དངོས་སུ་བཙུགས་པ་ནས་བཟུང་། ལྟ་ཞིབ་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བ་དང་རིམ་པ་བཞིན་སྐུལ་འདེད་བཏང་བས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ལ་ཟིལ་གནོན་ཆེན་པོ་ཆགས་པ་དང་། ཤུགས་རྐྱེན་ཆེ་ལ་ཡུན་རིང་ཐག་མ་ཆོད་པའི་དཀའ་གནད་ཁག་གཅིག་ཐག་གཅོད་བྱེད་ཐུབ་པར་སྐུལ་མ་ཐེབས་ནས། མང་ཚོགས་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་སྐོར་ཞིག་ནན་ཏན་གྱིས་ཐག་གཅོད་བྱས་ཡོད།

སའི་གོ་ལའི་སྣེ་གསུམ་པར་གནས་པའི་མཚོ་སྔོན་ནི་སའི་གོ་ལའི་བྱང་ཕྱེད་མའི་གནམ་གཤིས་ཀྱི་ཚོར་སྐྱེན་ཁུལ་དང་མགོ་རྩོམ་ཁུལ་དུ་གནས་ཡོད་པས། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་གི་སྙོམས་སྒྲིག་ཡོ་ཆས་དང་བརྟན་འཇགས་ཡོ་བྱད་ཅིག་དང་། མཐོ་སྒང་སྐྱེ་དངོས་ཀྱི་རང་བྱུང་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་མཛོད་ཡིན། མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེས་ཆེས་བ་ཡང་སྐྱེ་ཁམས་ཡིན་ལ།  སྦས་ཤུགས་ཆེས་ཆེ་བ་ཡང་སྐྱེ་ཁམས་ཡིན་པས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན།

ལོ་མང་པོའི་རིང་མཚོ་སྔོན་གྱིས་ཆབ་སྲིད་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། ལྟ་ཞིབ་དག་ཐེར་གྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། དར་ཆ་གསལ་སྟོན་གྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པ། དར་ཐེར་གྱི་དོན་དངོས་འགུལ་སྐྱོད་དང་གྲུབ་འབྲས་ལ་བརྟེན་ནས་འདུ་ཤེས་བཞི་ཇེ་དྲག་དང་།  རང་རྟོན་བཞི་སྲ་བརྟན།  སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པ་བཅས་བྱེད་དགོས།

དེ་རིང་གི་མཚོ་སྔོན་ནི་མི་དང་རང་བྱུང་ཁམས་སྔར་ལས་འཆམ་མཐུན་ཡིན་ཞིང་། འཛམ་གླིང་གི་སྐྱེ་བོ་ཀུན་ལ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་། མཐའ་ཡས་པའི་རྩྭ་ཐང་དང་སྔོ་ཞིང་བསང་བའི་ནམ་མཁའ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་ནས། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།

གནད་འགག་གི་དུས་སྐབས་འདིར་སྔར་བས་སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་དང་ནུས་རྒྱུ་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་དགོས་པ་དང་། ལྟ་ཞིབ་དག་ཐེར་བྱ་རྒྱུ་ནི་སྔར་ལས་ལྷག་པར་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་ཚིས་ལས་གཞི་གལ་ཆེན། འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་བཅས་སུ་བརྩིས་ནས། གཙོ་གཞིའི་འགན་འཁྲི་དོན་འཁྱོལ་དང་ཞིབ་ཕྲའི་བྱེད་ཐབས་ལ་ཤུགས་སྣོན། འགན་འཁྲི་ཧུར་ཐག་གིས་སྒྲུབ་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་ལས་དོན་ཧུར་ཐག་གིས་སྒྲུབ་པ་བཅས་བྱས་ཏེ། དག་ཐེར་གྱི་འགན་འཁྲི་ཞིབ་ཕྲའི་སྒོ་ནས་དོན་དངོས་སྟེང་འབབ་པར་བྱེད་པ་དང་། འགན་འཁྲི་ཞིབ་ཕྲའི་སྒོ་ནས་མིའི་སྟེང་འབབ་པར་བྱས་ཏེ། གཟབ་ནན་སྒོས་རྐྱེན་སྲོལ་དམ་འཛིན་བྱས་ནས་མངོན་གསལ་ཆེ་བའི་སྐྱེ་ཁམས་གནད་དོན་དག་ཐེར་བྱེད་དགོས་ལ། ལྗང་མདོག་འཕེལ་རྒྱས་ནི་གཞི་རྩར་འགྱུར་བ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་དགོས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།