སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་མཐའ་གཅིག་ཕྲག་ཏུ་ལེན་དགོས།
2022.07.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི། རང་རྒྱལ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་ཆེས་གལ་ཆེ་བའི་རྨང་གཞི་ཡིན། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་འགན་འཁྲི་ཡང་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ངེས་པར་དུ་འབུར་ཐོན་གྱིས་དམ་འཛིན་བྱེད་དགོས།”

མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་དམིགས་བསལ་ཡིན་པ་སྟེ། ས་སེར་མཐོ་སྒང་དང་མདོ་དབུས་མཐོ་སྒང་གི་འདྲེས་མཚམས་སུ་གནས་ཡོད་པས། འཛམ་གླིང་ཡོངས་ཀྱི་དག་གཙང་ཁུལ་བཞིའི་གྲས་ཤིག་ཡིན་པ་དང་། གོ་ལའི་བྱང་ཕྱེད་མའི་གནམ་གཤིས་ཀྱི་ཚོར་སྐྱེན་ཁུལ་དང་སྒུལ་སློང་ཁུལ་ཡིན་ལ། གོ་ལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་གི་སྙོམ་སྒྲིག་འཕྲུལ་ཆས་དང་བརྟན་བརླིང་འཕྲུལ་ཆས་ལྟ་བུ་ཡང་ཡིན། མཐོ་སྒང་ལ་རྐང་བཙུགས་ཏེ་རྒྱང་རིང་ལ་བལྟས་ན། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་གོ་གནས་དང་ལོ་རྒྱུས་འགན་འཁྲི་ག་འདྲ་འཁུར་ཡོད་པར་ང་ཚོས་ངོས་འཛིན་གསལ་པོ་བྱེད་ཐུབ།

མཚོ་སྔོན་ནི“རྨ་འབྲི་རྫ་གསུམ་འབྱུང་ཡུལ”དང་། “ཀྲུང་ཧྭའི་ཆུ་མཛོད།” “སྐྱེ་ཁམས་སྲུང་ཡོལ།” “གོ་ལའི་སྣེ་གསུམ་པ”བཅས་ཡིན་པས། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཁྲོད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་འཐབ་ཇུས་གོ་གནས་ཟིན་ཞིང་། སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱུ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་ལ། སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་གཟོ་བ་ནི་མཚོ་སྔོན་གྱིས་གཡོལ་ཐབས་མེད་པའི་ཆབ་སྲིད་འགན་འཁྲི་དང་དུས་རབས་ཀྱི་འགན་ཁུར་ཡིན།

འདུ་ཤེས་ནི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་པ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཚོ་སྔོན་དུ་མི་སེམས་ལ་ཟུག་པར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱེད་པ་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་རིན་ཐང་འཚོལ་སྙེག་ཏུ་གྱུར་ཡོད། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་བླངས་པའི་རྩ་བའི་རྒྱུ་རྐྱེན་ནི་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་བྱས་ཏེ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ངེས་པ་དོན་གྱིས་ཕྲག་ཏུ་བླངས་པའི་དབང་གིས་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཡིད་ལ་དམ་པོར་འཛིན་པ་དང་། བསམ་ཕྱོགས་གཅིག་གྱུར་བྱེད་པ་ལེགས་པོར་སྒྲུབ་པ། སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་གྱི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ། ཏང་གི་གསར་གཏོད་གཞུང་ལུགས་བཀོལ་སྤྱོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པར་མཛུབ་སྟོན་བྱེད་པའི་ནུས་པ་མུ་མཐུད་དུ་མཐོར་འདེགས་གཏོང་བ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་ཆབ་རོམ་གངས་འཁྱག་ཀྱང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རི་སྔོ་ཆུ་དྭངས་ནི་དུས་གཏན་དུ་མཚོ་སྔོན་གྱི་དགེ་མཚན་དང་གཟི་བརྗིད་དུ་འགྱུར་བར་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཏང་གི་འགན་འཁྲི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་གནད་དོན་གལ་ཆེན་ཡིན་ལ། དམངས་ཚིས་ལ་འབྲེལ་བའི་སྤྱི་ཚོགས་གནད་དོན་གལ་ཆེན་ཡང་ཡིན། ང་ཚོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཕྲག་ཏུ་ལེན་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་མཐའ་གཅིག་ཏུ་དངོས་འབེབས་ལེགས་པོ་བྱེད་པ། ཆབ་སྲིད་ལངས་གནས་དང་ངོས་འཛིན་རང་རྟོགས་མཐོར་རུ་འདེགས་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། སྲུང་སྐྱོབ་གཉིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་ལྟ་རྟོག་བྱ་བའི་གོ་རིམ་ཡོངས་ལ་ཁྱབ་པར་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་དེ་ཆེས་ཆེ་བའི་འགན་འཁྲིར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ལ་ཁག་ཐེག་བྱེད་པ། སྒྲིག་ཁྲིམས་བཙན་པོ་དང་བྱེད་ཐབས་ནན་མོ། གཟེར་རྡེབ་སྙིང་སྟོབས་བཅས་ལ་བརྟེན་ནས། སྐྱེ་ཁམས་ཀྱི་མཐའ་ཚད་ལེགས་པར་སྲུང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་སོ་སོ་མཐའ་གཅིག་ཏུ་ལེགས་པོར་བསྒྲུབས་ཏེ། འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་པར་འགྱུར་བ་མི་གཏོང་བར། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་སྟངས་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་ལེགས་ན་ཤེས་རིག་དར་བ་དང་། སྐྱེ་ཁམས་བརླག་ན་ཤེས་རིག་རྒུད། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་རྩ་བ་ཡིན་པས། སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་གིས་ཤེས་རིག་དར་རྒུད་འཕེལ་འགྱུར་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་ཡིན། ང་ཚོས་ཚད་མཐོ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་བརྟེན་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཆབ་སྲིད་ལངས་གནས་དང་འགུལ་སྐྱོད་རང་རྟོགས་ངེས་པ་དོན་གྱིས་མཐོར་འདེགས་གཏོང་པ་དང་། སྤོབས་པའི་གཟེངས་མཐོ་བའི་ཉམས་འགྱུར་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཞུགས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་འགན་འཁྲི་ཕྲག་ཏུ་ལེན་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།