མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།
2022.08.18 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 23

 2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་དུ་ཕེབས་ཏེ་གཟིགས་ཞིབ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། མངག་བཅོལ་ཟབ་མོ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གྲུབ་འབྲས་ཅི་ལྟ་བུ་ཡིན་པའི་ཕྱོགས་ནས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝང་ཨེན་ཀོང་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཅུའུ་ཀྲང་ཝང་ཞང་གོ་ཡིས་ཉེ་ལམ་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ།  གྲུབ་འབྲས་གླེང་བ་དང་འཕེལ་རྒྱས་བརྗོད་པ། མ་འོངས་པར་བསམ་བློ་བཏང་།

ཝང་ཨེན་ཀོང་གིས་བཤད་རྒྱུར། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པའི་ཚུན་ལ། རྒྱལ་ཡོངས་ནས་ཐོག་མར་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཅིག་སྡུད་ལེགས་བཅོས་ལེགས་འགྲུབ་བྱུང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་འགན་གཉིས་ཡོངས་འགྲུབ་བྱས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་གསར་འཛུགས་བྱས་ཏེ། རྒྱལ་ཡོངས་ཀྱི་སྐོར་ཐེངས་དང་པོ་དང་ཨང་དང་པོའི་གྲས་སུ་ཚུདཔ་དང་། གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ལས་གཞི་ལ་རྒྱལ་ཁབ་ཀྱི་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་ཐོབ་ཏེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་བར་དངོས་སུ་ཆོག་མཆན་ཐོབ། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དུས་རིམ་སྔོན་མའི་བྱ་བར་ནན་ཏིག་གིས་སྐུལ་འདེད་བཏང་སྟེ།  མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། རྒྱལ་ཡོངས་ནས་ཐོག་དང་པོར་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་བཙུགས་ཏེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་མཚོ་སྔོན་གྱི་ཇུས་གཞི་བཏོན་པ་དང་།  མཚོ་སྔོན་གྱི་བློ་གྲོས་བྱས་རྗེས་སུ་བཞག་ཡོད།

རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ས་བྱེ་ཐང་འཁྱགས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་གྲུབ་འབྲས་མངོན་གསལ་ཐོབ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་ཐོགས་པར་སྐུལ་འདེད་བཏང་བར་མ་ཟད། དམངས་ཚིས་ལེགས་བཅོས་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་ཐོབ། འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོབ་ཁྲོད་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པར་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་སྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་འོས་འཚམ་བྱས་པར། ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་ཐོབ།  སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་མངོན་གསལ་ཐོབ། ཞིང་ཆེན་ཡོངས་ཀྱི་བརླན་སའི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་པ་དེས་ཆུའི་སྨད་རྒྱུད་ལ་ཆུ་ཁུངས་སྨི་རྒྱ་དཔང་གྲུ་བཞི་མ་ཐེར་ཆེན་དགུ་དྲངས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱིས་རྩྭ་ཐང་དང་ནགས་ཚལ། བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་སྤྱི་ཕན་ལས་རྐང་འབུམ་གཅིག་ཁྲི་བཞི་སྟོང་ལྔ་ཆིག་བརྒྱ་བཀོད་སྒྲིག་བྱས་ཤིང་། དེའི་ཁྲོད་སྐྱེ་ཁམས་དབུལ་སྐྱོར་དོ་དམ་སྲུང་སྐྱོབ་སྤྱི་ཕན་ལས་རྐང་ཁྲི་བཞི་དང་སྟོང་དགུ་དགུ་བརྒྱ་ཡོད་པ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གླིང་དུ་ཁྱིམ་ཚང་རེར་ལས་གནས་རེ་ཡོད་པ་མངོན་འགྱུར་བྱས། དེ་དང་ཆབས་ཅིག ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། རོང་འབྲོག་པའི་ཡོང་སྒོ་བརྟན་བརླིང་ངང་འཕེལ་རྒྱས་བྱུང་བར་སྣེ་ཁྲིད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁ་ཕྱོགས་ཡིན་པའི་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཡོངས་སུ་ཐོག་དང་པོར་ཞིང་སྡེའི་ཨུ་ཡོན་ལྷན་ཁང་གཉིས་དང་སྡེ་ཁུལ་མཉམ་སྐྲུན་མཉམ་སྤྱོད་ཀྱི་དཔེ་དབྱིབས་གསར་གཏོད་བྱས་པས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་དེ་བཙོག་འགྱུར་ནས་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བའི་ཁྱོན་ཡོངས་རང་བཞིན་དང་ཕྱོགས་འགྱུར་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱས།

རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བཅངས་ནས།  འགོ་ཁུངས་ཀྱི་འགན་འཁྲི་དང་དུ་བླངས།  རྗེས་ཕྱོགས་སུ་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ལྟར། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་འཛུགས་སྐྲུན་དེ་མདུན་གྲལ་དུ་བསྐྱོད་པར་འབད་བརྩོན་བྱེད་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། སྔར་ལས་ལྷག་པར་སྲུང་སྐྱོབ་ཁུལ་མ་ལག་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་སླར་གསོར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ལྗང་མདོག་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པ་དང་། ཕྱི་ཕྱོགས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་དུ་སྤེལ་ནས། འགུལ་སྐྱོད་དངོས་ཀྱིས་མཛེས་སྡུག་གི་ཀྲུང་གོའི་མིང་བྱང་འགྲེམ་སྟོན་བྱེད་དགོས།

ཝང་ཞང་གོ་ཡིས་བཤད་རྒྱུར། སྤྱི་ཁབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཐུགས་ཁུར་གནང་བཞིན་ཡོད། མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་པ་དང་། མཚོ་སྔོན་དུ་ཐེངས་གཉིས་ལ་ཕེབས་ནས་གཟིགས་ཞིབ་མཛད་དེ། གསུང་བཤད་གལ་ཆེན་གནང་བ་དང་མཛུབ་སྟོན་གལ་ཆེན་གནང་ཞིང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པར་མ་ཟད། རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ལ།  རྒྱུན་ཆད་མེད་པའི་སྒུལ་ཤུགས་བསྩལ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ།   གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་རྒྱུ་ནི། མཚོ་སྔོན་གྱི་འདོར་ཐབས་མེད་པ་དང་ལས་འཛོལ་བྱུང་མི་རུང་བའི་འགན་འཁྲི་གལ་ཆེན་ཡིན། རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། དོ་དམ་སྒྲིག་སྲོལ་ལེགས་སྒྲིག་བྱེད་པ་དང་། འཁོར་སྐྱོད་ལམ་ལུགས་གསར་སྐྲུན་བྱས་ནས། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།   འདྲ་བཤུས་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་སྔར་ལས་མང་པོ་འཚོལ་ཞིབ་བྱེད་དགོས།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། ང་ཚོས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཇེ་ཆེར་བཏང་སྟེ། སྤུས་ཚད་མཐོ་བའི་ངང་ནས་སྤྱི་གླིང་བཙུགས་རྗེས་ཀྱི་འཛུགས་སྐྲུན་དོ་དམ་ལས་འགན་སྣ་ཚོགས་དོན་འཁྱོལ་བྱས་ནས། ཅུའུ་དང་ཞིང་ཆེན་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་པ་དང་། དོ་དམ་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། སྤྱིའི་འཆར་འགོད་ཀྱི་སྒྲིག་བཟོ་བྱ་བ་ཏན་ཏིག་གིས་སྤེལ་དགོས།  རྣམ་གྲངས་སྣ་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་བརྩོན་ལེན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་འགན་ཞིབ་ཕྲའི་ངང་དོན་འཁྱོལ་བྱེད་པ་དང་། མི་དང་རི་སྐྱེས་སྲོག་ཆགས་ཀྱི་འགལ་བ་འོས་འཚམ་སྒོས་ཐག་གཅོད་བྱས་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་བདག་དབང་ལས་ཚབ་ལམ་ལུགས་ཚོད་ལྟ་དང་ལག་བསྟར་བྱེད་མགོ་བརྩམས་པ་དང་།  མཁའ་དབྱིངས་དང་ས་གཞི་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ལྟ་སྐུལ་མ་ལག་བཙུགས་ཏེ། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་དྲིལ་སྒྲོག་དང་སྣེ་ཁྲིད་བྱེད་པར་ཤུགས་སྣོན་བྱས་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཏམ་རྒྱུད་གསོན་ཉམས་ལྡན་པའི་སྒོ་ནས་བརྗོད་དགོས།

ཕུགས་འདུན་སེམས་སུ་ཉར་ནས་སྙིང་རུས་ཆེན་པོས་འབད་འཐབ་བྱེད། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་བློ་བརྟན་འགྱུར་མེད་བརྒྱད་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར། དོ་དམ་ལས་ཁུངས་འཛུགས་པར་དམིགས་ནས། དོ་དམ་འགན་འཁྲི་ཁ་གསལ་བཟོ་བ་དང་། སྤྱི་ཁོག་འཆར་འགོད་སྒྲིག་བཟོ་བྱས་ནས། རང་བྱུང་ཐོན་ཁུངས་རྒྱུ་ནོར་དབང་མཁན་གྱི་འགན་འཁྲི་ལག་བསྟར་སོགས་གནད་འགག་གི་ལས་འགན་ལག་བསྟར་བྱས་ཏེ། བྱེ་བྲག་གི་བྱ་བའི་བྱེད་ཐབས་ཞིབ་རྒྱས་སུ་གཏོང་བ་དང་། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་བའི་སྟེང་སྔར་ལས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱས་ཏེ། སའི་གོ་ལའི་སྣེ་གསུམ་པ་སྲུང་སྐྱོབ་ནན་ཏན་བྱེད་དགོས།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།