ལྗང་མདོག་རྨང་གཞི་བྱས་ཏེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་དགོས།
2022.09.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

མཚམས་སྤྲིན་འོག་གི་ཚྭ་མཚེའི་མཛེས་ལྗོངས།

རང་བྱུང་ཁམས་ཆེན་མོས་མཚོ་སྔོན་ལ་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལེགས་པར་བསྐྲུན་པ་དང་། འོད་སྟོང་འབར་བའི་ལོ་རྒྱུས་ཀྱིས་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་དཔལ་ཡོན་སྣ་མང་བསྐྲུན།

2021ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་དང་མཚོ་སྔོན་དུ་གཟིགས་ཞིབ་ཏུ་ཕེབས་སྐབས། མཚོ་སྔོན་ལ“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་དགོས”ཞེས་པའི་ལས་འགན་གལ་ཆེན་དང་ལོ་རྒྱུས་ཀྱི་འགན་འཁྲི་བསྩལ། འདི་ནི“ཆབ་སྲིད་ཀྱི་ཆ་རྐྱེན་གལ་ཆེན”ཡིན་ལ། དེ་ནི་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་བསྲུང་བྱ་ཡིན་ལ། མཚོ་སྔོན་གྱིས་རྒྱལ་ཡོངས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་དམིགས་སུ་བཟུང་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་ཧུར་བརྩོན་གྱིས་འཚོལ་སྙེག་བྱས་པའང་ཡིན།

ད་ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”རུ་མཚོ་སྔོན་གྱིས་དྲ་ངོས་སུ“དྲ་སྣེའི་ཡུལ་སྐོར”གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། རྒྱལ་ཡོངས་ཀྱི་དྲ་གྲོགས་རྣམས་ལ་དྲ་ངོས་ནས་ལོག་དཀར་མེ་ཏོག་གི་ཞིང་ཁམས་དང་མཚོ་སྔོན་པོའི་ནུར་ལྕེ་ལྗོངས་ཁུལ། ཚྭ་ཁའི་ཚྭ་མཚོ། ཚ་ཨར་ཧན་ཚྭ་མཚོ། མཚོ་ནུབ་བྲག་སྐྱའི་འདྲེ་མཁར། ཁུ་ལུའུ་ཁུ་མཚེའུ། ཐོ་སོ་མཚེའུ། མདོ་ལ་རིང་མོའི་རྩྭ་ཐང་སོགས་སུ་ཁྲིད་དེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་རོལ་མྱོང་དང་། མཚོ་སྔོན་མཐོ་སྒང་གི་རིག་གནས་ནང་དོན་ལ་གོ་བ་ལེན་པ། རབ་མཛེས་མཚོ་སྔོན་གྱི་དེང་སྐབས་ཀྱི་རྣམ་པ་གསར་པར་ལྟད་མོ་བལྟ་རུ་བཅུག

“སྙན་ངག་དང་རྒྱང་རིང”གི་ཆེས་མཛེས་པའི་ཐུག་འཕྲད་ཁྲོད་དུ། ང་ཚོས་རབ་མཛེས་མཚོ་སྔོན་གྱི་མངོན་པར་གསལ་བའི“རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་ཡོལ་དང་། རྒྱལ་ཁབ་སྤྱི་གླིང་། ཐོན་ཁུངས་ནུས་ཁུངས”བཅས་ཀྱི་ལྷང་ངེ་བའི་མཚན་བྱང་འདི་དག་མཐོང་ཞིང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་ཐོན་ཁུངས་རྩ་ཆེན་འདི་དག་ཁྱོན་ཡོངས་ནས་མངོན་པར་བྱས་ལ། ལངས་གནས་མཐོན་པོ་དང་ཡུལ་ཁོངས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཧུར་བརྩོན་གྱིས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་དང་འདིང་བཞིན་ཡོད།

རྒྱལ་སྤྱིའི་མཐོང་རྒྱ་ལ་རྐང་བཙུགས་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་དགོས།

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་ན་ངེས་པར་དུ་རྒྱལ་སྤྱིའི་མཐོང་རྒྱ་རྒྱུན་འཁྱོངས་བྱེད་པ་དང་རྒྱལ་སྤྱིའི་ཚད་གཞི་འཐུས་ཚང་དུ་གཏོང་བ། རྒྱལ་སྤྱིའི་ཚོང་ཁྲོམ་རྒྱ་བསྐྱེད་པ། རྒྱལ་སྤྱིའི་ཞབས་ཞུ་འདོན་སྤྲོད་བཅས་བྱེད་དགོས།

ཁ་ཕྱོགས་གསལ་པོ་ཡིན་པའི་མདུན་སྐྱོད་ཀྱི་བགྲོད་ལམ་འདིའི་སྟེང་དུ། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་གོ་གནས་དང་པོར་བཞག་སྟེ། རྒྱལ་སྤྱི་དང་རྒྱལ་ནང་གི་དར་རྒྱས་ཆེ་བའི་ཞིང་ཆེན་གྱི་སྔོན་ཐོན་ཉམས་མྱོང་གཞིར་བཟུང་ནས། རྒྱལ་སྤྱིའི་མཐོང་རྒྱ་དང་སྐྱེ་ཁམས་ཀྱི་མཐོང་རྒྱ། རིག་གནས་ཀྱི་མཐོང་རྒྱ་བཅས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་ཚད་གཞི་མ་ལག་བཙུགས་ཤིང་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བར་སྟོང་དོ་དམ་ཚོད་འཛིན་བྱེད་པའི་བླང་བྱ་དངོས་འབེབས་བྱས་པ། ཐོན་ཁུངས་ཀྱི་རང་སྤུས་དང་། ས་གཤིས་ཁོར་ཡུག་དང་ཚོང་ཁྲོམ་ལ་གཞི་བཅོལ་བ། རི་ཁུལ་གྱི་ནགས་ཚལ་དང་། བརླན་ས་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་། ཡུལ་ཁོངས་རིག་གནས་སོགས་ལ་བརྟེན་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དང་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག རང་བྱུང་མི་ཆོས་རིག་གནས་བཅས་གཙོ་བོ་ཡིན་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ཡུལ་ལྗོངས་སྐོར་ཞིག་སེམས་ཞིབ་མོས་བསྐྲུན།

ཚད་གཞིས་རྒྱུ་སྤུས་ལ་ཡར་སྐུལ་དང་མཐོར་འདེགས་ལ་ཡར་སྐུལ་བྱས། ད་ལྟ། མཚོ་སྔོན་ཞིང་ཆེན་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་ལམ་ཆེན“བསྐོར་ལམ་གཅིག”ཆགས་པར་སྐུལ་འདེད་བཏང་བ་དང་། མཚོ་སྔོན་པོ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ། མདོ་ལ་རིང་མོ། ཁུ་ནུའི་ཁུངས་འདེད། རྨ་ཙོང་རིག་གནས། མཚོ་སྔོན་དང་ཀན་སུའུ་སི་ཁྲོན་བཅས་ཀྱི་རྨ་ཆུའི་ཡུལ་སྲོལ་བཅས་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་གྱི“ས་ཁུལ་དྲུག”ལ་བརྩི་བ། མདོ་དབུས་མཐོ་སྒང་གི་གོ་ལའི་སྒལ་ཚིགས་དང་ཐང་བོད་གནའ་ལམ་གཉིས་སྐྱེ་ཁམས་ཡུལ་སྐོར་གྱི“ཁྱམས་རིང་གཉིས”ལ་བརྩི་བ། མཐོར་འདེགས་གསར་སྐྲུན་བྱས་པའི་ཡུལ་སྐོར་མཛེས་ལྗོངས་ལེགས་ཤོས་སྐོར་ཞིག“གནས་མང”དུ་བརྩི་བ་བཅས་ཀྱིས“བསྐོར་ལམ་གཅིག་དང་ས་ཁུལ་དྲུག ཁྱམས་རིང་གཉིས་ཀྱི་གནས་མང་པོའི”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་གྲུབ་ཡོད།

སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒྲོམ་གཞི་འདིའི་རྨང་གཞིའི་སྟེང་དུ་གནས་ཀྱིས་ཕྱོགས་ཁྲིད་པ་དང་ཐིག་གིས་ཡུག་སྦྲེལ་བ། སྐྱེ་ཁམས་ཁོར་ཡུག་མཛེས་ཤིང་རིག་གནས་ཀྱི་རྔམས་མཐུག་པ། ཡུལ་སྐོར་གྱི་གྲུབ་ཆ་འཛོམས་པ། ཞབས་ཞུའི་བྱེད་ནུས་འཐུས་ཚང་ཡིན་པ། ཡུལ་ཁོངས་ཀྱི་མཉམ་ལས་དམ་ཟབ་ཡིན་པ་བཅས་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་འཕེལ་རྒྱས་ཁོང་གསེང་གི་ཆགས་སྟངས་ཤིག་གྲུབ་ཡོད། རིག་གནས་ནང་དོན་གྱིས་ཕྱུག་པའི་འཛམ་གླིང་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་སྤྲོ་གསེང་ཁུལ་སྐོར་ཞིག་འཛུགས་སྐྲུན་བྱས་པ་དང་། རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་གྲོང་ཁྱེར་དང་སྲང་ཁུལ་སྐོར་ཞིག་བསྐྲུན་པ། གསར་བརྗེའི་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར་གྱི་གཞི་ཁྱོན་དང་ཆུ་ཚད་མཐོར་འདེགས་བྱས་པ། འཛམ་གླིང་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ཟོང་རྟགས་བསྐྲུན་པ་བཅས་ཀྱིས་རྒྱལ་ཡོངས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ“མཚོ་སྔོན་གྱི་ཇུས་གཞི”འདོན་སྤྲོད་བྱས།

ས་གནས་ཀྱི་ཁྱད་ཆོས་འབུར་དུ་བཏོད་ནས་ཡུལ་སྐོར་གྱི་མིང་བྱང་བསྐྲུན་པ།

མཚོ་སྔོན་གྱི་མཛེས་སྡུག་དེ་སྐྱེ་ཁམས་ཀྱི་སྟེང་གནས་པ་དང་། འདི་གར་རི་བོ་སྟོང་ཕྲག་མང་པོ་ཡོད་ལ་མི་མང་པོ་ཞིག་གིས་འཚེམ་དྲུབ་ལས་ལ་གཞོལ་བཞིན་མཆིས།

སྨུག་རླབས་ལང་ལོང་གི་མཚོ་སྔོན་པོ་དང་། ཁ་བའི་གཡོག་་པའི་མདོ་ལ་རིང་མོ། གནམ་ས་འདྲེས་པ་ལྟ་བུའི་ཚྭ་ཁའི་ཚྭ་མཚོ་སོགས་གདོད་མ་དང་དྭངས་གཙང་། ངོ་མཚར་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་རེ་རེ་བཞིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་བཀྲམ་ཡོད།

རང་བྱུང་ནགས་ཚལ་སྟུག་པའི་ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་དྭངས་ཤིང་གཙང་པའི་ཁྲི་ཀའི་རྨ་ཆུའི་མཛེས་ལྗོངས། པར་ལེན་སའི་གནས་མཆོག་ལོག་དཀར་མེ་ཏོག་གི་རྒྱ་མཚོ་སོགས་རབ་མཛེས་མཚོ་སྔོན་གྱི་ག་ས་གང་དུ་སྐྱེ་ཁམས་དང་ལྗང་མདོག དཔལ་ཡོན། འཆམ་མཐུན་བཅས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོད།

སྐྱེ་ཁམས་ཡུལ་སྐོར་ནི་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་ཡུལ་ལྗོངས་གཙོ་བོར་བྱེད་པའི་ཡུལ་སྐོར་ཞིག་ཡིན། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་གནས་ས་ཡིན་པའི་ཆ་ནས། སྐྱེ་ཁམས་ཀྱི་རིན་ཐང་ཆེས་ཆེ་བ་དང་མཛེས་ལྗོངས་ཆེས་ཡག་པོ་ཡོད་པར་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པ་དང་ད་བར་དུ་སྔར་བཞིན་འོད་སྟོང་འཕྲོ་བའི་རིག་གནས་རྒྱུན་འཛིན་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུར་གསོན་ཤུགས་དང་སྒུལ་ཤུགས་བསྣན་ཡོད།

མཚོ་སྔོན་གྱི་ས་ཁོངས་དང་གནས་བབ་ཁྱད་པར་ཡིན་ལ། དར་གོས་ཚོང་ལམ་དང་ཇ་རྟའི་གནའ་ལམ། ཐང་བོད་གནའ་ལམ་བཅས་སྣོལ་མར་འདྲེས་ཡོད། “རྒྱུད་གཅིག་ལམ་གཅིག”དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འབྲེལ་མཐུད་བྱ་ཡུལ་ཞིག་ཡིན་པ་དང་། ལོ་རྒྱུས་རིག་གནས་དང་མི་རིགས་རིག་གནས། གསར་བརྗེའི་རིག་གནས། སྐྱེ་ཁམས་རིག་གནས་བཅས་ཀྱི་རྒྱུན་རིང་ལ། མཛེས་སྡུག་རྣམ་པར་བཀྲ་བའི་སྐྱེ་ཁམས་མཛེས་ལྗོངས་སྣ་ཚོགས་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ། ཡུལ་སྐོར་བས་ནུབ་བྱང་ཆེན་མོའི་མཛེས་ལྗོངས་ཤེས་ཚོར་བྱེད་པའི་ཐོག་མའི་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་དང་ཐོན་ཁུངས་ཁོར་ཡུག་གི་རང་སྤུས་ལ་རྐང་བཙུགས་ཏེ། མཐོ་རིམ་ཡུལ་སྐོར་དང་བདེ་ཐང་ཉམས་ལེན། སྐྱེ་དངོས་སྣ་མང་རང་བཞིན། རྒྱལ་ཁབ་སྤྱི་གླིང་། གནས་མཆོག་སྲུང་སྐྱོབ། རིག་གནས་དང་ཡུལ་སྐོར་གཉིས་ཕན་ཚུན་འབྲེལ་བ་དང་བརྗེ་རེས། སྣོལ་འདྲེས་བཅས་ཀྱི་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས། སྐྱེ་ཁམས་ཡུལ་སྐོར་གྱི་ཁྱད་ལྡན་ཅན་དང་ཟོང་རྟགས་ཅན། ཧེ་བག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། རྒྱུ་སྤུས་མཐོ་ཞིང་སྣ་མང་ཅན་གྱི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ལ་ཐོན་རྫས་རམ་འདེགས་ཀྱི་མ་ལག་བསྐྲུན།

ད་ལྟ། མཚོ་སྔོན་དུ་བསྡོམས་པས་འཛམ་གླིང་རང་བྱུང་རྗེས་ཤུལ་གཅིག་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་གསུམ། རང་བྱུང་སྲུང་སྐྱོབ་ཁུལ་བདུན། ལྗོངས་ཁུལ་གྲགས་ཅན་གཅིག ཆུ་བེད་མཛེས་ལྗོངས་ཁུལ་བཅུ་གསུམ། ནགས་ཚལ་སྤྱི་གླིང་བཅུ་དྲུག བརླན་སའི་སྤྱི་གླིང་ཉི་ཤུ། ས་གཤིས་སྤྱི་གླིང་བརྒྱད། བྱེ་ཐང་སྤྱི་གླིང་བཅུ་གཉིས་བཅས་ཡོད།

འདི་དག་ཡོད་པས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་ན་མཚོ་སྔོན་ལ་འཕེལ་རྒྱས་ཀྱི་མདུན་ལྗོངས་ཚད་མེད་པ་ཞིག་ལྡན་པ་ང་ཚོས་མཐོང་ཐུབ།

དེའི་ཐོག་ནས་ང་ཚོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་མཚོ་སྔོན་ལ་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལྡན་པ་མཐོང་ཐུབ།

རིག་གནས་ཡུལ་སྐོར་ལ་སྐུལ་འདེད་བཏང་སྟེ། གསར་སྐྲུན་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་དགོས།

“རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་བསྐྲུན་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་གནས་ཚུལ་བརྒྱུད་སྤྲོད་བྱེད་པའི”ལོ་རྒྱུས་ཀྱི་ལས་འགན་དང་མཛེས་སྡུག་ལྡན་པའི་ཕུགས་འདུན་ལག་ལེན་བསྟར་བ་ནས། “རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར”གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཛུགས་སྐྲུན་གྱི་སྐྱོད་ལམ་གསར་པའི་ཐོག་སྐྱོད་འགོ་ཚུགས་པ་དང་། ཨ་མྱེས་སྟོང་སོ་ཡུལ་སྐོར་ལྗོངས་ཁུལ་ལ་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་དང་། ཚྭ་ཁའི་ཚྭ་མཚོ་སོགས་གདོད་མའི་སྐྱེ་ཁམས་ཡུལ་སྐོར་གནས་སྐོར་ཞིག་ལ་དྲ་རྒྱའི་སྟེང་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། གྲོང་གསེབ་ཡུལ་སྐོར་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པའི་གངས་འཁྱགས་ཡུལ་སྐོར་དང་། མཚོ་སྔོན་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་གསར་སྐྲུན་གྱི་ལག་ལེན་གཏིང་ཟབ་ཁྲོད་ཁྱད་ཆོས་དམིགས་བསལ་ལྡན་པའི“སྙན་ངག་དང་རྒྱང་རིང”བསྐྲུན་བཞིན་ཡོད།

“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་སྐབས་སུ། མཚོ་སྔོན་གྱིས“མཉམ་འདྲེས་ལ་འཚམ་ན་མཉམ་འདྲེས་བྱེད་པ་དང་། མཉམ་འདྲེས་ཐུབ་ན་མཉམ་འདྲེས་བྱེད་པ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་བ”བཅས་ཀྱི་བླང་བྱ་གསར་པ་དང་། “གོང་ལ་འགན་འཁུར་བ་དང་འོག་ལ་མཛུབ་ཁྲིད་བྱེད་པ། ནང་ལ་མཉམ་འདྲེས་བྱེད་པ། ཕྱི་ཕྱོགས་དང་མཐུན་སྦྱོར་བྱེད་པ”བཅས་ཀྱི་ལམ་སྲོལ་གསར་པ་ནུས་ལྡན་ངང་སྦྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་རྩོམ་སྐབས། མཚོ་སྔོན་གྱིས་རིག་གནས་ཀྱི་ནུས་པ་དང་ཡུལ་སྐོར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མཉམ་སྐྲུན་མཉམ་སྤྱོད་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་གསར་པ་བཏོད་དེ། སྐྱེ་ཁམས་ཡུལ་སྐོར་གྱི་ཁྱད་སྟོབས་གསར་པ་ཕྱོགས་ཡོངས་ནས་ཆགས་པར་བྱས་པ་དང་། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་སྐྱེ་ཁམས་རིག་གནས་དང་ཡུལ་སྐོར་གྱི་མཐོ་ས་ཧུར་ཐག་གིས་བསྐྲུན་ཏེ། གསར་རྐྱང་དང་སྐྱེ་ཁམས། སྤུས་ཚད་མཐོ་བ་བཅས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་ཡོད།

ཉེ་བའི་ལོ་འགའི་རིང་ལ། ཡུལ་སྐོར་བ་སྔར་ལས་མང་པོ་ཞིག་གིས་སྤྱིར་བཏང་གི་ལྟ་སྐོར་ཡུལ་སྐོར་ལ་བློ་ཡིད་ཚིམ་པོ་མི་བྱེད་པར་དེ་བས་གཏིང་ཟབ་པའི་ཡུལ་སྐོར་ཉམས་ལེན་དོན་གཉེར་བྱེད་པ་དང་འབྲེལ། དེའི་ནང་ཞུགས་རྒྱུར་སྣང་ཆེན་བྱས་ནས་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་ཉེ་བཅར་དང་མྱོང་ཚོར་བྱ་རྒྱུ་དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།

དེའི་ཐད་མཚོ་སྔོན་གྱིས་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྐྱེ་ཁམས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས། འཛམ་གླིང་རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་སྤྲོ་གསེང་ཁུལ། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་གྲོང་ཁྱེར། སྲང་ལམ་བཅས་ཁག་ཅིག་བསྐྲུན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་མཚོན་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་སྐོར་ཞིག་བསྐྲུན་ཏེ། སྤུས་ཚད་མཐོ་བ་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་ཅིག་རིམ་བཞིན་བསྐྲུན་ཡོད།

དེ་དང་ཆབས་ཅིག སྐྱེ་ཁམས་དང་རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཟབ་མོ་ཡོང་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་ནས། སྐྱེ་ཁམས་སློབ་གསོ་དང་སྐྱེ་ཁམས་ཞིབ་འཇུག་སློབ་གསོ། ཁམས་གསོའི་སྤྲོ་གསེང་། རིག་གནས་གསར་གཏོད་ཐོན་རྫས། ཡུལ་སྐོར་སྒྲིག་ཆས་བཟོ་བ་སོགས་ཀྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། མཚོ་སྔོན་གྱི་གཙགས་དྲུབ་དང་བོད་ལུགས་ས་གདན། ཐང་ག་སོགས་སྲོལ་རྒྱུན་གྱི་བཟོ་རྩལ་རིག་གནས་ཐོན་ལས་སྟོབས་ཆེར་གཏོང་བ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རྒྱུན་འཛིན་གྱི་མཐོ་ས་ཞིག་བསྐྲུན་ཡོད།

གཞན་ཡང་། མཚོ་སྔོན་གྱིས་ད་དུང་ཞིང་ཆེན་ཡོངས་ཀྱི་གཞི་གྲངས་རིག་གནས་ཡུལ་སྐོར་གྱི་གཞི་གྲངས་ཆེན་མོའི་ལས་སྟེགས་འཐུས་ཚང་དུ་བཏང་ནས། ཡུལ་སྐོར་ཞབས་ཞུ་རྒྱལ་སྤྱི་ཅན་དང་ཚད་གཞི་ཅན། གཞི་གྲངས་ཅན་བཅས་སུ་འགྱུར་བའི་ལམ་བུའི་ཐོག་རྒྱུན་ཆད་མེད་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་རྟགས་མ་ལག་བསྐྲུན་པ་དང་། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་རང་བཞིན་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་དུས་ཆེན་དང་རྟེན་འབྲེལ་བྱ་འགུལ་གཉེར་བ། བརྗེ་རེས་རྣམ་གྲངས་དང་མཉམ་ལས་ལམ་སྲོལ་བེད་སྤྱོད་ཡག་པོ་བྱེད་པ། གཞི་གྲངས་ཅན་དང་ཉམས་ལེན་ཅན། བརྗེ་རེས་རྣམ་པའི་བརྗེ་རེས་ལས་སྟེགས་བསྐྲུན་པ་བཅས་བྱས་ནས། “རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར”གྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་གཏོང་བཞིན་ཡོད།

སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ་བཅས་ནི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཕོ་འགྱུར་གསར་པ་རེད།

སྐྱེ་ཁམས་ཡུལ་སྐོར་གྱི་སྦས་ཤུགས་སྔོག་འདོན་བྱས་ནས། མཉམ་སྐྲུན་མཉམ་སྤྱོད་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ། མཚོ་སྔོན་འདི་ཉིད་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་བསྐྲུན་རྒྱུ་དང་། དེ་ནི་མཚོ་སྔོན་ལ་གྲུབ་འབྲས་ཐོབ་པའི་རིག་གནས་ཡུལ་སྐོར་གྱི་ཉམས་འགྱུར་ཞིག་རེད།

མ་འོངས་པར་རྒྱང་ལྟ་བྱེད་སྐབས། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ལ་སྟོབས་ཤུགས་སྔར་ལས་ཆེན་པོ་ལྡན་ནས། སྔར་ལས་འཐུས་ཚང་དང་སྔར་ལས་མཛེས་སྡུག་ལྡན་པའི་སྐྱོད་ལམ་གསར་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།