མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བའི་ལས་འགན་དོན་འཁྱོལ་དམ་འཛིན་བྱ་དགོས།།
2022.12.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 10

 “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱ་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཏུ་བརྩིས་ནས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་དང་བླང་བྱ་བཏོན་ཡོད།” ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར། དུས་རབས་གསར་པས་དཀྲིས་པའི་ལོ་རྒྱུས་ཀྱི་འགན་འཁྲི་དམ་འཛིན་བྱས་ཏེ། སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།  རི་ཆུ་ནགས་ཞིང་དང་། མཚོ་དང་མཚེའུ། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། མཐོ་སྒང་གི་མཚེའུ་ཆེ་གྲས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་ལེའུ་ཧུར་ཐག་གིས་འབྲི་དགོས།

ཉེ་ལམ། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་རུ་བཅར་འདྲི་བྱེད་སྐབས་ཅུའུ་དེའི་ཏང་ཡོན་དང་། ལས་བྱེད་པ། གུང་གཞོན་ཚོགས་མི། དེ་མིན་སྐྱེ་ཁམས་ལྟ་སྲུང་བ་བཅས་ཚང་མར་གཅིག་མཐུན་གྱི་ངོས་འཛིན་འདི་འདྲ་ཞིག་བྱུང་ཡོད་པ་སྟེ། སྟོང་གཏམ་ཉུང་ཙམ་བཤད་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཕན་འབྲས་དེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་ཇུས་འགོད་དང་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱ་སྤྱོད་དང་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བར་བྱེད་དགོས།

ལང་ཚོ་དར་ལ་བབ་པའི་དུས་ནི་འབད་འཐབ་བྱེད་པའི་སྒང་ཡིན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ་མཱ་ཡན་གྱིས་བཤད་རྒྱུར།   ལོ་ན་གཞོན་པའི“མཚོ་སྔོན་པོའི་མི”ཞིག་ཡིན་པའི་ངོས་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ལས་དོན་གྱི་མཚོན་རྟགས་སུ་བརྩིས་ནས། བསམ་ཕོད་སྒྲུབ་ཕོད་དང་སྒྲུབ་མཁས་སྒྲུབ་ནུས་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲུབ་འབྲས་དེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་བརྗིད་ཆེའི་ལེ་ཚན་ནང་འབྲི་བ་དང་། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་བརྗིད་ཆེའི་འཆར་འགོད་ནང་བྲིས་ནས།  འབད་འཐབ་དང་ལེགས་སྐྱེས་འབུལ་བའི་ཁྲོད་ལང་ཚོའི་བཀྲག་མདངས་འཚེར་བར་བྱེད་དགོས་ཟེར།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀའོ་ཅིན་ཡུས་ཀྱིས་བཤད་རྒྱུར། “མིག་སྔའི་ལས་འགན་གལ་ཆེ་ཤོས་ནི་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་ཏེ་ཏན་ཏན་ཏིག་ཏིག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རྣམས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱེད་རྒྱུ་དེ་ཡིན་ལ།  མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དེ་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་རེད། མཚོ་སྔོན་པོའི་མཛེས་ལྗོངས་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་མཛེས་ལྗོངས་ཁུལ་གྱི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོབ་བཟང་བོ་བྱས་ཏེ། སྐྱེ་ཁམས་ཀྱི་ལས་གཞི་སྣ་ཚོགས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནན་ཏན་སྒོས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྤྱི་འདོམས་བྱེད་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དམིགས་འབེན་དུ་བརྩི་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བྱ་རྒྱུ་བརྗོད་དོན་གཙོ་བོར་བརྩི་བ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་། རྒྱལ་ཁབ་སྤྱི་གླིང་བསྐྲུན་པ། ལྗང་མདོག་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དེ་མཚོ་སྔོན་པོར་མགྱོགས་མྱུར་སྒོས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མགྱོགས་མྱུར་སྒོས་སླར་གསོ་བྱེད་པ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོབ་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་དགོས།

འཆར་གཞི་བཀོད་ཟིན་པས་ལས་འགན་གསལ་བོ་བྱུང་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དེ་མཐར་གཏུགས་ནས་བརྗོད་ན“དངོས་སྒྲུབ”བྱེད་པའི་ཐོག་དོན་འཁྱོལ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་བླང་བྱ་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་གཙོ་གནད་དུ་བཟུང་སྟེ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་མཐོན་པོས་སྲུང་སྐྱོབ་བྱེད་པའི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་པ་དང་།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ལེགས་སྐྱེས་གསར་པ་འབུལ་དགོས།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།