རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་རྣམ་པ་གསར་པ་བསྐྲུན་དགོས།
2023.01.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

“ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལག་བསྟར་བྱས་པའི་དམིགས་ཡུལ་ནི་རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་རྒྱུན་འཁྱོངས་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ལ་སྲུང་སྐྱོབ་བཅས་བྱས་ནས་བུ་རབས་ཚ་རྒྱུད་ལ་རྩ་ཆེའི་རང་བྱུང་རྒྱུ་ནོར་འཇོག་རྒྱུ་དེ་རེད།” 2019ལོའི་ཟླ8པའི་ཚེས19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ནས། མཚོ་སྔོན་དུ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་།

ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་། མཚེའུ་སྟོང་ལྔ་ལྷག་ཙམ་དང་ཆུ་བོ་སྟོང་བཞི་དང་ཉིས་བརྒྱ་ལྷག་ཙམ་ཡོད་ལ། བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་ལྔ་དང་འབུམ་གཅིག་ཡོད་པ་དང་། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་ཡོད་ལ། བརླན་སའི་ཐོན་ཁུངས་ཀྱིས་རྒྱལ་ཡོངས་བསྡོམས་འབོར་གྱི22%ཟིན་ཡོད། ཁྱད་པར་བའི་སྐྱེ་ཁམས་ཁོར་ཡུག་གིས་འཛམ་གླིང་སྟེང་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མ་ལག་བསྐྲུན་ཡོད། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་བཙུགས་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཁྱོན་ཡོངས་ལ་དམིགས་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དང་མི་དམངས་ཀྱི་རེ་སྒུག་གསར་པར་རྐང་འཛུགས་པ། མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་དང་སྤུས་ལེགས་ཀྱི་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་དོ་མཉམ་མིན་པ་དང་གང་ལེགས་མ་ཡིན་པའི་བར་གྱི་འབུར་ཐོན་འགལ་བ་ཐག་གཅོད་བྱེད་པར་དམིགས་ཏེ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཐད་དུ་བཞག་པའི་མ་ལག་རང་བཞིན་གྱི་འཕོ་འགྱུར་དང་གསར་བརྗེའི་རང་བཞིན་གྱི་བསྐྱར་སྐྲུན་བྱེད་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་སྒྲིག་གཞིའི་ཚོད་ལྟའི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་པ། ད་ལྟའི་མཚོ་སྔོན་པོའི་རྒྱ་ཁྱོན་ཇེ་ཆེར་གྱུར་བ་དང་། ཆུ་སྤུས་ཇེ་དྭངས་སུ་གྱུར་ལ་འདབ་ཆགས་དང་ཉ་རིགས་ཇེ་མང་དུ་གྱུར་ཡོད། མདོ་ལ་རིང་མོའི་གངས་རི་མཐོན་པོར་འགྱིང་བ་དང་། ནགས་ཚལ་སྟུག་པོ། རྩྭ་ཐང་མཛེས་སྡུག་ལྡན་པ། ཆུ་ཕྲན་ལང་ལོང་དུ་གཡོ་བ་བཅས་རྨ་འབྲི་རྫ་གསུམ་གྱི་མཛེས་ལྗོངས་ལ་ཚད་མེད་ཅིང་། གཙོད་ཁྱུ་དང་ཁྱུ་བྱེད་པ་དང་། རྐྱང་བག་ཕེབས་ཀྱིས་འཆམ་འཆམ་བྱེད་ཀྱིན་པས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གསོན་ཤུགས་ཀྱིས་ཁེངས་ཡོད། ངོ་མཚར་ཆེ་བའི“ཚེ་སྲོག་གི་བཀག་སྡོམ་ཁུལ”ཨ་ཆེན་གངས་རྒྱབ་ནི་མི་རྣམས་ཀྱིས་ཡིད་སྨོན་བྱེད་པའི་གནས་མཆོག་ཞིག་རེད།

ཉམས་ལེན་མཁན་གྱིས་ཕུགས་ལ་བརྩོན། འབད་འཐབ་ཀྱི་ལམ་བུ་རིང་པོ་ཡིན། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ལག་ལེན་རླབས་ཆེན་ཞིག་ཡིན་པས། རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་གཏན་འཁེལ་དང་རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ཀྱི“དེ་བས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་ལ་ངོས་འཛིན་གང་ལེགས་བྱས་ཏེ། “མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’” ཡིན་པའི་ཆབ་སྲིད་ཀྱི་མངག་བཅོལ་དང་། “རི་སྔོ་ཆུ་དྭངས་དེ་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་དང་ང་རྒྱལ་དུ་འགྱུར་བར་བྱ་དགོས”ཞེས་པའི་འཕེལ་རྒྱས་ཀྱི་རེ་བ་ཆེན་པོ་ངོས་འཛིན་གང་ལེགས་བྱས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་ངོས་འཛིན་གང་ལེགས་བྱས། དངོས་གནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བརྗེ་སྒྱུར་མངོན་འགྱུར་བྱེད་པ་དང་། “རི་སྔོ་ཆུ་དྭངས”དེ“གསེར་རི་དངུལ་རིར”བསྒྱུར་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་གསར་སྐྲུན་གྱི་ལམ་བུའི་སྟེང་ཕུགས་འདུན་ཇེ་བརྟན་དུ་གཏོང་བ་དང་སྐུལ་ལྕག་ཆེན་པོ་བྱས་ནས། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་སྔར་ལས་མང་པོ་འཚོལ་ཞིབ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་འཛམ་གླིང་སྟེང་གི་རྩེར་སོན་གྱི་སའི་གོ་ལའི་མཐའ་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་མ་འོངས་པར་འབྲེལ་བ་ཡོད། བུ་རབས་ཚ་རྒྱུད་ལ་ཇུས་འགོད་དང་ཡུན་རིང་འཕེལ་རྒྱས་ལ་ཇུས་འགོད་བྱེད་པར་ང་ཚོས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་བཏང་སྟེ། “རྒྱལ་ཁབ་སྤྱི་གླིང”གི་རྣམ་པའི་ཐོག་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱུན་མཐུད་ངང་སྲུང་སྐྱོབ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་དགོས། དོ་དམ་སྒྲིག་གཞི་འཛུགས་སྟངས་དང་འགན་ནུས་བཀོད་སྒྲིག་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་དང་། ལས་བགོས་ལུགས་མཐུན་དང་དབང་ཆ་དང་འགན་འཁྲི་གསལ་བོ་ཡིན་པ། ཕན་ཚུན་འདེགས་སྐྱོར་བཅས་ཀྱི་ཡུན་ཕན་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྒྱལ་སྤྱི་དང་སྦྲེལ་མཐུད་བྱེད་པའི་ལས་རིགས་ཅན་གྱི་དོ་དམ་དཔུང་ཁག་འཛུགས་སྐྲུན་བཅས་བྱ་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་པ་དང་འཁོར་སྐྱོད། དོ་དམ། དཔྱད་འཇོག ལྟ་སྐུལ་སོགས་ཀྱི་རིམ་པ་སོ་སོ་དང་། དེ་མིན་སྐྱེ་ཁམས་སྲུང་སྐྱོབ་དང་རང་བྱུང་སློབ་གསོ། ཚན་རིག་ཞིབ་འཇུག་སོགས་ཁྱབ་ཁོངས་སོ་སོའི་ལམ་ལུགས་དང་བྱ་ཐབས་ལེགས་སྒྲིག་ནན་ཏན་བྱེད་པ་དང་འབྲེལ་མུ་མཐུད་འཐུས་ཚང་དུ་བཏང་ནས། བརྒྱུད་རིམ་ཧྲིལ་པོར་སྒོ་རྒྱག་དོ་དམ་བྱེད་པའི་ལམ་ལུགས་དང་མ་ལག་ཅིག་ཆགས་པར་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན། 《ཟི་ལིང་གི་ཐུན་མོང་ངོས་འཛིན》གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཀྱི་ཚོགས་གནས་གཏན་འཁེལ་ཞིག་བསྐྲུན་དགོས། རྒྱལ་ཁབ་སྤྱི་གླིང་གིས་རྫོང་ཁོངས་ཀྱི་རང་བྱུང་ཐོན་ཁུངས་གཉེར་སྐྱོང་དོ་དམ་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས་པ་དང་། དེང་རབས་ཅན་གྱི་སྡེ་ཁུལ་འཛུགས་སྐྲུན་ཚོད་ལྟ་བྱེད་གནས་སྤེལ་བར་ཁྲིད་སྟོན་བྱ་དགོས།

འགན་འཁྲི་ཕྲག་ཏུ་ལེན་དགོས། ང་ཚོས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་ཡག་པོ་བཙུགས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་མཚོ་སྔོན་གྱི་འགན་འཁྲི་འཁུར་བ་དང་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས། མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་ནི་སྐྱེ་ཁམས་དཔལ་ཡོན་ཡིན་པས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་སྐྱེ་ཁམས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་། མདོ་དབུས་མཐོ་སྒང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་བསྐྲུན་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། མངགས་བཅོལ་ཟབ་མོ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དངོས་སྒྲུབ་བྱ་ཐབས་སུ་བསྒྱུར་བ། རྒྱལ་ཁབ་སྤྱི་གླིང་གི་མིང་ཐོག་ནས་འཛམ་གླིང་དུ་སྐྱོད་པ་བཅས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་རྣམ་པ་གསར་རྐྱང་ཞིག་བསྐྲུན་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།