རྨ་ཆེན་རྫོང་དབྱིག་གཞུང་ཡུལ་ཚོས་ཁོར་ཡུག་གཙང་སྦྲ་དང་བཅོས་སྐྱོང་བྱས་པ།
2023.01.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

2022ལོར་རྒྱལ་ཁབ་ཀྱིས་བཏོན་པའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པའི་དཔྱད་འཇོག་བྱ་བ་ལེགས་པོར་སྒྲུབ་པར་བསུ་མ་བྱ་ཆེད། 2022ལོའི་ཟླ12པའི་ཚེས20ཉིན། དབྱིག་གཞུང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་འོག རྨ་ཆེན་རྫོང་དབྱིག་གཞུང་ཡུལ་ཚོས་ཁོར་སྲུང་ལས་བཟོ་པ་དང་དུས་རབས་གསར་པའི་ལག་ལེན་ས་ཚིགས་ཀྱི་དང་བླངས་པ། དེ་མིན་འབྲོག་པའི་ཏང་ཡོན་དང་བླངས་པ་སོགས་རྩ་འཛུགས་བྱས་ཏེ་ནུས་ཤུགས་གཅིག་སྒྲིལ་དང་མཁྲེགས་གཏོར་དངོས་འབེབས་དམ་འཛིན་བྱས་ནས། ཞིང་སྡེ་བཅོས་སྐྱོང་གི་ཆེད་དམིགས་བྱ་འགུལ་རྒྱུན་མཐུད་ངང་སྤེལ།

བཅོས་སྐྱོང་ཕྱོགས་ཡོངས་སུ་ཁེབས་པ་དང་ཟུར་ཙམ་ཡང་མི་ལུས་པར་གཙང་སྦྲ་བྱ་ཆེད། ཐེངས་འདིར་གཙོ་བོ་ཡུལ་ཚོ་སྲིད་གཞུང་གི་སྡོད་གནས་དང་དེའི་མཐའ་འཁོར་གྱི་གཞུང་ལམ་ལམ་རྒྱུད། ཆུ་ལམ་དང་དེ་མིན་ཚོང་ཁང་གི་མཐའ་འཁོར་སོགས་ལ་ཁ་གཏད་ནས་ཁོར་ཡུག་བཅོས་སྐྱོང་བྱ་བ་མགོ་བརྩམས་ཏེ། ཁང་པའི་ཕྱི་ནང་གྲལ་དག་ལ་རྣམ་པ་གསར་པར་བསྒྱུར་བར་མ་ཟད། དེ་གོ་སྐབས་ཤིག་ཏུ་བརྩིས་ནས་འབྲོག་པར་འཚོ་བའི་གོམས་གཤིས་ལེགས་པོ་ཞིག་ཆགས་པར་སྣེ་ཁྲིད་དེ། ཡུལ་ཚོའི་ཁྱབ་ཁོངས་སུ“མི་ཚང་མ་ཁོར་ཡུག་བཅོས་སྐྱོང་ཁྲོད་ཞུགས་པ”ཡི་རྣམ་པ་ཞིག་ཆགས་པར་བྱས། དུས་མཚུངས་སུ། མང་ཚོགས་དང་བསམ་བློ་བརྗེ་རེས་དང་སེམས་གཏམ་བཤད་དེ། རྒྱ་ཆེའི་མང་ཚོགས་ལ“ཁོར་ཡུག་གཙང་སྦྲ་ཚང་མར་རག་ལས་པའི”འདུ་ཤེས་ཡོད་དགོས་པ་རྟོགས་སུ་བཅུག་པར་མ་ཟད། མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་དང་ཁས་ལེན་ཚད་དངོས་གནས་ཇེ་མཐོར་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པའི་ཡུལ་དངོས་དཔྱད་ཞིབ་ལ་བསུ་མ་བྱེད་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།

ཐེངས་འདིའི་ཁོར་ཡུག་གཙང་སྦྲ་དང་བཅོས་སྐྱོང་བྱ་འགུལ་སྤེལ་བ་བརྒྱུད། མང་ཚོགས་ཀྱི་དཔལ་ཡོན་བདེ་ཐང་འདུ་ཤེས་ནུས་ལྡན་སྒོས་ཇེ་མཐོར་སོང་བ་དང་། འཕྲོད་བསྟེན་ལ་བརྩི་སྲུང་བྱེད་པ། ཡུལ་སྲོལ་གསར་པ་ཆགས་པ། གད་སྙིགས་དང་ཁ་ལུད་གང་སར་འཕེན་པ་དང་། བསྒྲགས་ཡིག་གང་བྱུང་དུ་སྦྱོར་བ་སོགས་ཚུལ་མིན་བྱ་སྤྱོད་དོར་བར་མ་ཟད། མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་དངོས་གནས་ལེགས་བསྒྱུར་བྱས་ཤིང་། ཧུར་བརྩོན་ཡར་ཐོན་གྱི་སྤོབས་པས་མང་ཚོགས་ཀྱི་སྐྱིད་སྣང་དང་ཡིད་ཚིམ་ཚད་ཆེ་རུ་ཕྱིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།