མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་དུ་བསྐྲུན།
2023.02.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཐུགས་ལ་བཅངས་སྟེ།  2016ལོ་དང་2021ལོར་མཚོ་སྔོན་དུ་གཟིགས་ཞིབ་ཐེངས་གཉིས་མཛད་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ།   མཚོ་སྔོན་གྱི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཐིག་གཏན་འཁེལ་གསལ་པོ་མཛད་པ་དང་།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་བླང་བྱ་སྔར་ལས་མཐོ་བ་གསལ་བོ་བཏོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ།  སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྒྱུགས་གཞི་གསར་པ་ཕུལ་ཏེ།  སྐྱེ་ཁམས་ཀྱི་མཚོ་སྔོན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེའུ་གསར་པ་ཞིག་བརྩམས་ཡོད།

རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ།  སྔོ་བསངས་ཀྱི་མཁའ་དབྱིངས་དང་དྭངས་གཙང་གི་ཆུ་མོ། དག་གཙང་གི་ས་གཞི་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ལ་ཕན་འབྲས་མངོན་གསལ་ཐོབ་པ། ས་ཁོངས་ཀྱི་སྐྱེ་ཁམས་བྱེད་ནུས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ།  ལྟག་ཆུ་བསྐྱིལ་གསོག་ཁུལ་གྱི་ནུས་པ་སྔར་ལས་མངོན་གསལ་དུ་གྱུར་བ།  བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་ཡོད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྫོགས་མཐའ་མེད་ཅིང་། མཚོ་སྔོན་གྱི་སྐྱེ་ཁམས་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་པ་དང་འབྲེལ་བ་ཡོད། མཚོ་སྔོན་གྱིས་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་ཆེ་ཤོས་སུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་དང་རང་རྟོགས་ཀྱི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཧུར་ཐག་གིས་གཏོད་པ་བཅས་བྱས་ནས།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས།

2021ལོའི་ཟླ10བར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ཤིང་། དེ་ནི་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་ཡིན་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་དགུ་ལྷག་ཟིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངོ་མས་ཐུགས་ཁུར་དང་། བཀོད་སྒྲིག་གནང་བ། སྐུ་ངོ་མས་སྐུལ་འདེད་གཏོང་བ་བཅས་ཀྱི་ཚོད་ལྟ་གལ་ཆེན་ཞིག་ཡིན་ཞིང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང“འགོ་ཁུངས་ཀྱི་འགན་འཁྲི་འཁུར་བའི”ཐོག་ནས་ཧུར་ཐག་གིས་འཚོལ་ཞིབ་དང་ལག་ལེན་བྱས་ཏེ། ཐོག་མའི་གསར་གཏོད་རང་བཞིན་གྱི་བཅོས་སྒྱུར་རབ་དང་རིམ་པ་རྩ་འཛུགས་བྱས་ནས་ལག་བསྟར་བྱས་པ་དང་། རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་མངོན་པ་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་གསར་སྐྲུན་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་མགྱོགས་མྱུར་ངང་བསྐྲུན་ཏེ། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཡག་པོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཡག་པོ་བཅས་བྱེད་ཀྱི་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་དང་བསྡུར་ན་མཚོ་སྔོན་པོའི་དམིགས་བསལ་གྱི་རང་བྱུང་ཐོན་ཁུངས་ཀྱིས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་བྱེད་ནུས་བསྐྲུན་པ་དང་།  ཐུན་མོང་མ་ཡིན་པའི“རྩྭ་ཐང་དང་ཆུ་བོ། མཚོ་དང་མཚེའུ། ཉ་དང་འདབ་ཆགས་བཅས”ཀྱི་སྐྱེ་ཁམས་སྦྲེལ་ཐག་ཆགས་པར་བྱས་པས།  མཚོན་བྱེད་རང་བཞིན་ཆེན་པོ་ལྡན་ཡོད།

2022ལོའི་ལོ་སྟོད་དུ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་དོན་སྤེལ་བར་མཆན་འགོད་བཀའ་ལན་གནང་བ་རེད།

མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་དང་པོ་ནས་ཀྲུང་གོའི་སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཞིང་ཆེན་གྱི་གྲས་སུ་ཚུད་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་ཐོག་མ་ནས་མིག་སྔའི་རྒྱལ་ཁབ་སྤྱི་གླིང་མང་ཤོས་ཀྱི་ཞིང་ཆེན་ཞིག་ཏུ་གྱུར་ནས།  རྒྱལ་ཁབ་སྤྱི་གླིང་དེ་མཚོ་སྔོན་གྱི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད།

མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་མངགས་བཅོལ་ལས་ཚབ་རྐྱེན་སྲོལ་གྱི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་།  ཁོངས་གཏོགས་ཁ་གསལ་དང་། འགན་དབང་ཁ་གསལ། སྲུང་སྐྱོབ་ནན་མོ། འཁོར་རྒྱུག་བཟང་བ། ལྟ་སྐུལ་དོ་དམ་ནུས་ལྡན་བཅས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་བཙུགས་ཡོད།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་རིག་ནུས་ཤེས་ཚོར་མ་ལག་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ཆེ་རུ་གཏོང་བ།  སྐྱེ་ཁམས་རིག་གནས་ཀྱི་གྲུབ་འབྲས་ཕྱིར་གཏོང་བྱེད་པ་ཇེ་མགྱོགས་སུ་གཏོང་བ་བཅས་བྱས།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས།  བརྟག་དཔྱད་དང་དོ་དམ་སྒྲིག་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པར་མཐའ་མཚམས་དང་སྲུང་སྐྱོབ་ཁུལ་དབྱེ་འབྱེད་བྱས།

ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གིས་དུས་འགོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་སྟེ།  ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན་གདེང་འཇོག  ཁྱབ་ཁོངས་དང་དེ་བཞིན་ཁུལ་དབྱེའི་རིགས་པས་ཁུངས་སྐྱེལ་སོགས་ཀྱི་ལས་དོན་སྤེལ་བ་རེད།

མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དང་། རང་བྱུང་ཐོན་ཁུངས་གཉེར་སྐྱོང་དོ་དམ། དེང་རབས་ཅན་གྱི་སྡེ་ཁུལ་འཛུགས་སྐྲུན་བཅས་ཀྱི་ཚོད་ལྟའི་ལས་དོན་ཧུར་ཐག་གིས་སྤེལ་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས། འཛམ་གླིང་ལ་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དང་གཡུར་ཟའི་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད།

ལོ་འདི་དག་གི་རིང་ལ། མཚོ་སྔོན་ལ་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་པར་ལེན་ཁྱབ་ཁོངས་ཀྱི་བྱ་དགའ་ཡང་ཡང་ཐོབ། སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་བ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སླར་གསོ་ནུས་ལྡན་བྱུང་ཡོད།

མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས“ཀྲུང་ཧྭའི་ཆུ་མཛོད”ཀྱི་ལྟ་སྲུང་བ་ཡག་པོ་བྱས་ཏེ།  ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་འབྱུང་རྩ་ནས་འགན་འཁྲི་སྒྲུབ་པ་དང་།  འགན་འཁྲི་འཁུར་བ།   བྱས་རྗེས་འཇོག་པ་བཅས་བྱས།

མཚོ་སྔོན་གྱིས“ཀྲུང་ཧྭའི་ཆུ་མཛོད” ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁོངས་ལྗང་བསྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཤིང་།  མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་། རྩྭ་ཐང་བཅོས་སྐྱོང་། ཐང་རྒོད་ཅན་བཅོས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བསྡོམས་འབོར་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་གྱིས་ལོ་བཅུའི་རིང་ལ་རིམ་རྩིས་བྱས་ན་རྒྱལ་ཁོངས་ལྗང་བསྒྱུར་སྤྱི་ཆིང་ས་ཡ་གཉིས་འབུམ་བདུན་ཁྲི་གཅིག་ལྷག་ཡོངས་འགྲུབ་བྱས་པ་དང་། བྱེ་འགོག་བྱེ་བཅོས་སྤྱི་ཆིང་འབུམ་བརྒྱད་ཁྲི་དགུ་ལྷག་ཡོངས་འགྲུབ་བྱས་པ། ཞིང་ཆེན་ཡོངས་ཀྱི་བཅོས་སྐྱོང་བྱེད་ཆོག་པའི་བྱེ་འགྱུར་ས་ཆ་ཕྱེད་ཀ་ཡན་བཅོས་སྐྱོང་བྱས་པ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད57.8%བར་ཇེ་མཐོར་སོང་ཡོད། རྒྱལ་ཁོངས་ཐོན་ཁུངས་བརྟག་དཔྱད་ཐེངས་གསུམ་པའི་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་ལྔ་འབུམ་གཅིག་ཟིན་པ་དེས་རྒྱལ་ཡོངས་ཀྱི་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི21.86%ཟིན་པ་དང་། རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

མཚོ་སྔོན་གྱིས་རྒྱལ་ཁོངས་ལྗང་བསྒྱུར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ཚན་རིག་དང་མཐུན་པའི་སྐུལ་འདེད་བཏང་སྟེ། 《མཚོ་སྔོན་ཞིང་ཆེན་གྱིས་ཚན་རིག་དང་མཐུན་པར་རྒྱལ་ཁོངས་ལྗང་བསྒྱུར་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་བྱ་སྤྱོད་འཆར་གཞི2023ལོ་ནས་2025ལོའི་བར》ལག་བསྟར་བྱས་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་མཐོང་ཆེན་བྱེད་པ་དང་། “ལྗང་བསྒྱུར་ཆེན་པོ”དང“ སྐྱེ་ཁམས་ཆེན་པོའི”རྣམ་པ་ཆགས་པར་སྐུལ་འདེད་གཏོང་རྒྱུ་རེད།

2022ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མཐུད་ངང་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་བརྒྱབ་པ་དང་། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་དམག་འཐབ་ཀྱི་ཉིན་བརྒྱའི་མཁྲེགས་གཏོར་བྱ་སྤྱོད་སྤེལ་ནས།  ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96.4%ལ་བསླེབས་ཡོད།

ལོ་འདི་དག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁབ་ཀྱི་རླུང་ཁམས་ཆེན་པོ་དང་། ཆུ།  ས་རྒྱུ་བཅས“དོན་ཚན་བཅུའི”བྱེད་ཐབས་ལག་བསྟར་ནན་ཏན་བྱས་ནས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱས་པས།  སྔོ་བསངས་ཀྱི་མཁའ་དབྱིངས་དང་དྭངས་གཙང་གི་རི་ཆུ་ཀླུང་གསུམ་རྒྱུན་རྣམ་ཅན་དུ་གྱུར་ཡོད།

2019ལོ་དང2021ལོའི་རྒྱལ་ཡོངས་ཀྱི་སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་དམག་འཐབ་ཀྱི་ཕན་འབྲས་དཔྱད་ཞིབ་ཁྲོད་མཚོ་སྔོན“ཕུལ་བྱུང”གི་གྲས་སུ་ཚུད་པ་རེད།

ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ཆེད་དོན་མ་དངུལ་སྒོར་ཐེར་འབུམ་གཉིས་ལྷག་བཀོད་སྒྲིག་བྱས་ཏེ། རྨ་ཆུ་དང་། འབྲི་ཆུ། རྫ་ཆུ།  ཙོང་ཆུ། མཚོ་སྔོན་པོའི་འབབ་རྒྱུད་བཅས་སུ་ཆུའི་ཁོར་ཡུག་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་རྣམ་གྲངས38ལག་བསྟར་བྱས་པ་རེད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས《སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར་》གཏན་འབེབས་འགྲེམ་སྤེལ་བྱས་ནས།   མ་འོངས་པའི་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་རྒྱག་པའི་དམིགས་འབེན་དང་ལས་འགན་གསལ་བོ་བྱས།  2025ལོར་སླེབས་སྐབས། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་དང་། སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་ཀྱི་བསྡོམས་འབོར་རྒྱུན་སྲིང་ངང་མར་ཆག་པ།  ཞིང་ཆེན་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་དྲུག་ལྷག་ཏུ་བསླེབས་པ། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པ་དང་དེ་ལས་བརྒལ་བ། ཙོང་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་གྱི་ཆ་སྙོམས་ཆུའི་སྤུས་ཚད་རིགས་གསུམ་པར་སྲུང་འཛིན་བྱེད་པ།  ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་དང་དེ་བཞིན་དེའི་ཡན་གྱི་གྲོང་ཁྱེར་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་སྤུས་ཚད་རིགས་གསུམ་པར་སླེབས་པའམ་ཡང་ན་དེ་ལས་ལེགས་པའི་བསྡུར་གྲངས100%ལ་སླེབས་པ།  མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁྱབ་པ་བཅས་མངོན་འགྱུར་བྱས་ཏེ།  ཁུལ་སྲིད་གཞུང་གནས་སའི“ སྦགས་བཙོག་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་རེད།

ད་ལྟའི་མཚོ་སྔོན་དུ་སྐྱེ་ཁམས་སྲུང་སྐྱོབ་ལ་མུ་མཐུད་དུ་ཤུགས་སྣོན་ཐོབ་པ་དང་མི་དང་རང་བྱུང་ཁམས་སྔར་ལས་འཆམ་མཐུན་ཡིན་པས། འཛམ་གླིང་སྐྱེ་བོ་ཀུན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཛེས་སྡུག་གི་རི་མོ་ཞིག་མངོན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།