མཚོ་སྔོན་ཞིང་ཆེན་ཁོར་ཡུག་ཁོངས་གཏོགས་ཀྱིས“ མཐོ་བ་གསུམ”ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་ཡག་པོ་བྱས།
2023.02.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོར་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ཞིང་ཆེན་ཡོངས་ཀྱི“ཚོགས་འདུ་གཉིས”ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བཏོན་པའི་བླང་བྱར་དམིགས་ཏེ།   ལངས་གནས་སྔར་ལས་མཐོ་བ་དང་། ཚད་གཞི་སྔར་ལས་མཐོ་བ། བླང་བྱ་སྔར་ལས་མཐོ་བ་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་དམ་འཛིན་ཡག་པོ་བྱས།

སྔོན་བསངས་ཀྱི་མཁའ་དབྱིངས་དང་དྭངས་གཙང་གི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་གི་དམག་འཐབ་མུ་མཐུད་དུ་ཡག་པོར་སྤེལ་དགོས།  རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་སྦགས་བཙོག་དངོས་པོ་མང་པོ་མཉམ་དུ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བྱས་ནས། མཁའ་རླུང་གི་སྤུས་ཚད་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། གཙང་པོའི་འགོ་ཁུངས་ཀྱི་ཆུ་བོ་དང་བརླན་ས་གལ་ཆེན་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་ཤུགས་སྣོན་བྱེད་པ། གཙང་པོ་དང་ཆུ་བོའི་འབབ་རྒྱུད་བཅོས་སྐྱོང་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ། ས་རྒྱུ་དང་ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ལས་དོན་ཏན་ཏིག་གིས་སྤེལ་ནས། ཞིང་སྡེའི་འཚོ་བའི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་འཁོར་སྐྱོད་དང་དེ་བཞིན་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་སྤྱི་འདོམས་བྱེད་པ་དང་། ཞིང་ལས་ཀྱི་སྦགས་བཙོག་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་བྱེད་པ། ཉེན་ཆེའི་ཟོག་རོའི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། “གད་སྙིགས་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། འགན་འཁྲི་ལྟར་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་འགན་ལེགས་སྒྲུབ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི་བརྒྱད་ལག་བསྟར་ཡག་པོ་བྱེད་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་གི་ཆེད་སྤྱོད་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། གཙོ་གནད་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་སྲུང་སྐྱོབ་ལས་གཞི་ཁག་ཅིག་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞི་ལག་བསྟར་བཟང་བོ་བྱེད་དགོས།

ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁྲིམས་འཛིན་དམ་འཛིན་ཡག་པོ་བྱེད་དགོས། རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དག་ཐེར་ལས་འགན་ལེགས་སྒྲུབ་བྱས་ནས། 2022ལོའི་རྨ་ཆུའི་ཉེན་ཟོན་པར་གཞི་དང་རྨ་ཆུའི་བརྟག་དཔྱད་ཀྱི་ཆེད་དོན་བྱ་སྤྱོད།  ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་ཅན་ལྟ་ཞིབ་གནད་དོན་བཅས་བཅོས་སྒྲིག་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ།  རེས་སྐོར་གསར་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གྲ་སྒྲིག་ལས་དོན་ནན་ཏན་གིས་ཡག་པོར་བསྒྲུབས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟ་སྐུལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཉེན་ཆེའི་ཟོག་རོའི་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ཆེད་དོན་བྱ་སྤྱོད་མུ་མཐུད་དུ་སྤེལ་དགོས།

ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། ཁོར་ཡུག་དཔྱད་དཔོག་གི་ཞིབ་མཆན་འགོད་པ་དང་ལས་གཞིའི་མ་འཇོག་གི་ཞབས་ཞུའི་བྱེད་ཐབས་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ།  ལས་གཞི་གལ་ཆེན་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་འགན་ལེན་ཡག་པོ་བཅས་བྱེད་དགོས།     སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གསར་འཛུགས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། དེ་དང་ཆབས་ཅིག་སྡེ་ཁག་གི་འགན་འཁྲིའི་གསལ་ཐོ་དང་། འཕེལ་རྒྱས་ལ་དོ་དམ། ཐོན་སྐྱེད་ལ་དོ་དམ། ལས་རིགས་ལ་དོ་དམ་བཅས་བྱེད་པར་ངེས་པར་དུ་དོ་དམ་བྱེད་དགོས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།

 གཞན་ཡང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་། ཚན་རིག་དང་མཐུན་པའི་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར། མ་ལག་ལྡན་པའི་སྒོ་ནས་རྩྭ་ཐང་གི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་། བརླན་ས་སྲུང་སྐྱོབ་དང་སླར་གསོ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྲུང་སྐྱོབ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། ཁྲིམས་ལྟར་ནགས་རྩྭའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན། སྐྱེ་ཁམས་དམངས་ཕྱུག་དམངས་ཕན་ལ་ཤུགས་སྣོན། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་རྒྱུན་མཐུད་ངང་ཟབ་སྤེལ། འཕེལ་རྒྱས་ཀྱི་རྨང་གཞིའི་འགན་སྲུང་མུ་མཐུད་དུ་ཇེ་བརྟན་དུ་གཏོང་བ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་ཕྱོགས10ཡི་ཐད་ནས། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། །

མཚོ་སྔོན་གྱིས་ཚད་གཞི་མཐོན་པོའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་དུས་འགོའི་ལས་དོན་ཡག་པོར་བསྒྲུབ་པ།  རྨ་ཆུའི་འབབ་རྒྱུད་དང་ཙོང་ཆུའི་འབབ་རྒྱུད་ཀྱི་ལྗང་མདོག་སྐྱེ་ཁམས་ཁྱམས་ར་འཛུགས་སྐྲུན་སོགས་གཙོ་གནད་ས་ཁོངས་སུ་ལྗང་མདོག་རྒྱ་བསྐྱེད་པའི་བྱ་སྤྱོད་མགྱོགས་མྱུར་གྱིས་སྤེལ་ནས། རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་སྤྱི་ཆིང་འབུམ་གཉིས་ཁྲི་དྲུག་ལྷག་དང་། འོས་འགན་སྡོང་འཛུགས་བྱེ་བ་གཅིག་ས་ཡ་ལྔ་ཡོངས་འགྲུབ་བྱེད་པ། རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ5འཛུགས་སྐྲུན་བྱས་པའི་ཕན་འབྲས་སྲ་བརྟན་དང་ཇེ་མཐོར་གཏོང་བ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། བྱེ་འགོག་བྱེ་བཅོས་སྤྱི་ཆིང་ཁྲི་བརྒྱད་ཡོངས་འགྲུབ་བྱས།

རྩྭ་ཕྱུགས་དོ་མཉམ་གྱི་དཔེ་སྟོན་རྫོང་དང་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་གི་ཚོད་ལྟའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  གཞི་རྩའི་རྩྭ་ཐང་སྲུང་སྐྱོབ་ལམ་ལུགས་འཛུགས་པ། ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ཁུལ་ཕྱོགས་ཚད་དཔེ་རིས་སུ་བསྒྱུར་ནས་མཛོད་དུ་འཇུག་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། མུ་རི་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་གནས་ཐིག་གཏན་འཁེལ་གྱི་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་བསྐྲུན་ཚད་ཇེ་མགྱོགས་སུ་གཏོང་བ་དང་།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བརླན་སའི་ཕྱོགས་བསྡུས་སྲུང་སྐྱོབ་དང་། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་བརླན་སའི་མ་ལག་བཅོས་སྐྱོང་། མདོ་ལ་རི་བོའི་བརླན་སའི་ཆུ་ཁུངས་གསོ་སྐྱོང་སོགས་བརླན་སའི་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་གལ་ཆེན་ཁག་ཅིག་ལག་བསྟར་བྱས་ཏེ། བརླན་སའི་ཕྱོགས་བསྡུས་ཀྱི་ལྟ་ཞིབ་ཚད་ལེན་གནས་ལ་ཞིབ་བཤེར་དཔྱད་བསྡུར་དང་མུ་རིའི་གཏེར་ཁུལ་སོགས་ལ་ལྟ་ཞིབ་ཚད་ལེན་བྱ་དགོས།

                                                                                                                           ཡིག་སྒྱུར་བ།སྒྲོལ་མ་སྐྱིད།