སྐྱེ་ཁམས་སྐར་ཁུང་འཛུགས་སྐྲུན་ལེགས་པོ་བྱས་ཏེ་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོང་བྱེད་དགོས།
2023.02.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

 2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་པར་མ་ཟད། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ན་ཐོག་མར་གནས་ཚུལ་ལ་རྒྱུས་ལོན་དང་འགུལ་རྣམ་ཁོང་དུ་ཆུད་པར་བྱས་ཏེ།  སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་ཡག་པོར་བསྐྲུན་པ་དང་བེད་སྤྱོད་ཡག་པོ་བྱེད་པའི་རྨང་གཞིའི་བྱ་བ་འདི་ལེགས་པོར་སྒྲུབ་དགོས”པའི་བླང་བྱ་གལ་ཆེན་བཏོན།

ད་ལྟ་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་རེ་རེ་ལས་སེམས་འགུལ་ཐེབས་པ་ཞིག་ནི། 2017ལོའི་ཟླ8པར། “མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”གིས་ཨ་ཆེན་གངས་རྒྱབ་ནས་གཙོད3000ལྷག་བགྲོད་ལམ་བརྒྱུད་ནས་གནས་སྤོ་བྱེད་ཚུལ་བརྙན་བླངས་པ་དང་། བརྙན་མིག་ལས་གཙོད་ལ་ལར་ཤ་ཤེད་རྒྱས་ཤིང་ལ་ལར་ཤ་ཤེད་ཞན་པ་གསལ་བོར་མཐོང་ཐུབ།

2018ལོའི་ཟླ12པའི་ཚེས29ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་རྐྱང་ཐང་དུ་དུས་ཚོད་གསུམ་གྱི་རིང་རི་དྭགས་རྐྱང520ཡིས་གཟན་རྩྭ་འཚོལ་བ་དང་འགུལ་སྐྱོད་བྱེད་པའི་ཡིད་འོང་གི་རྣམ་པ་བརྙན་དུ་བླངས་ཡོད།

2018ལོ་ནས་ད་ལྟའི་བར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་ཐང་ཆུ་བོ་དང་བྱ་ཆུའི་རྒྱུད་དུ་ཆུ་སྲམ་འགུལ་སྐྱོད་ཀྱི་བརྙན500ལྷག་དང་འདྲ་པར་སྟོང་ཕྲག་འགའ་བླངས་ཡོད།

2022ལོའི་ཟླ9ཚེས7ཉིན།  མཚོ་སྔོན་པོའི་བྱང་ངོགས་སུ་རི་དྭགས་དགོ་བ་བཅུ་ལྷག་མཉམ་འདུས་ཀྱིས་གཟན་རྩྭ་འཚོལ་བའི་རྣམ་པ་བརྙན་བླངས་ཡོད།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཟུར་ཞུགས་བྱས་པའི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཐིན་ཀྲང་ཐང་ཝན་ཧྥུན་གྱིས་བཤད་རྒྱུར། “ལོ་དྲུག་ལྷག་གི་དུས་ཡུན་ནང་ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་དང་། འབྲེལ་ཡོད་སྡེ་ཁག་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་འཛུགས་སྐྲུན་ལས་གཞི་རྒྱུན་མཐུད་ངང་ལག་བསྟར་བྱས་ནས། ལྟ་ཞིབ་ཚད་ལེན་བྱེད་གནས་དེ་སྔའི6ནས76བར་རྒྱས་སྐྲུན་བྱས་པས།  ཞིང་ཆེན་ཡོངས་ཀྱི་དཔེ་མཚོན་ས་ཁོངས་ཀྱི་སྐྱེ་ཁམས་རིགས་དང་རང་བྱུང་མཛེས་ལྗོངས་དང་དེ་བཞིན་རི་སྐྱེས་སྲོག་ཆགས་སོགས་ལ་རྒྱང་ཐག་རིང་བ་དང་། ཁྱབ་ཁོངས་ཆེ་བ། ཕྱོགས་ཡོངས་བཅས་ནས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པ་དང་།མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཞབས་འདེགས་ཞུ་བའི་ཐད་འདེགས་སྐྱོར་གྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད་༸༸༸༸ཟེར།

ཐང་ཝན་ཧྥུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།  2016ལོར་འཛུགས་སྐྲུན་བྱས་པའི་ཚུན་ལ།  མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་གིས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བརྙན་རིས་ཀྱི་གཞི་གྲངས་འབོར་ཆེན་ལྟ་ཞིབ་ཚད་ལེན་དང་འཚོལ་བསྡུ་བྱས། དེ་དང་ཆབས་ཅིག་རིག་ནུས་ཅན་དང་གཞི་གྲངས་ཅན་གྱི་དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གཙོད་དང་དགོ་བ།  ཆུ་སྲམ་སོགས་མཐོ་སྒང་གི་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་འཚོ་གནས་ཁོར་ཡུག་གི་གནས་ཚུལ་དང་།  སྐྱེ་ཁམས་གོམས་གཤིས་འགྱུར་ལྡོག་འགྲོ་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྲོག་ཆགས་ཀྱི་རིགས་ལ་བརྟག་དཔྱད་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་རྒྱུར་རྨང་གཞི་སྔར་ལས་བརྟན་པོ་བཏིང་ཡོད།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས།  མིག་སྔའི་བར། “མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུངགིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། མདོ་ལ་རིང་མོ། མཚོ་སྔོན་པོ། ཚྭ་འདམ་གཞོང་དང་རྨ་ཙོང་གཞོང་ས་བཅས་སྐྱེ་ཁམས་བཅད་ཁུལ་ཆེ་གྲས་ལྔའི་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་མཛེས་ལྗོངས་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་། འཁྱགས་རོམ་དང་གངས་རི། རྩྭ་ཐང་དང་བརླན་ས། ཆུ་བོ་དང་མཚེའུ། རྩ་ཆེའི་རི་སྐྱེས་སྲོག་ཆགས་བཅས་ལ་བརྙན་ལམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད།

འབྲི་ཆུའི་ཆུ་འགོའི་གཡུ་འབྲུག་ལྷ་རྩེའི་ལྷོ་ངོས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་མཚོ་འཕང་ལ་སྨི5200དང་།  རྨ་ཆུའི་ཆུ་འགོའི་མཚོ་སྔོ་རེངས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་མཚོ་འཕང་ལ་སྨི4200།  རྫ་ཆུའི་ཆུ་འགོའི་རྣམ་སྲས་གྲོག་རོང་ཆེན་པོའི་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་མཚོ་འཕང་ལ་སྨི3700བཅས་ཟིན་གྱིན་ཡོད་པས།   ས་ཁོངས་དེ་དག་གི་རང་བྱུང་སྐྱེ་ཁམས་ཁོར་ཡུག་གནད་ལ་འཁེལ་བའི་ངང་ཟིན་ཐོ་རུ་འགོད་རྒྱུ་དེ་ནི་མིའི་མིག་ལ་བརྟེན་ནས་སྒྲུབ་ཐུབ་པ་ཞིག་གཏན་ནས་མིན།   འོན་ཀྱང“མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”གི་ལྟ་ཞིབ་ཚད་ལེན་ས་ཚིགས་མང་ཆེ་བ་ནི་ས་བབ་མཐོ་བའི་ས་ཁུལ་དང་མཚོ་འཕང་ལ་སྨི4000ཡན་ཟིན་པའི་“ཐུན་མོང་མ་ཡིན་པའི་དགེ་མཚན”ལ་གཞིགས་ནས། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཨ་ཆེན་གངས་རྒྱབ་གྱི་མི་མེད་ལུང་སྟོང་ཁུལ་དུ་དབྱིབས་ཆུང་ལ་ངོ་མཚར་ཆེ་བའིབརྙན་མིགགྲངས་ལས་འདས་པ་ཞིག་བཙུགས་ནསམིག་རྒྱང་ལེ་དབར་སྟོང་གིས་ཆོད་པའིཕུགས་འདུན་ཡག་པོ་དེ་མངོན་འགྱུར་བྱས་ཡོད།

 གླེང་རིན་ཡོད་པ་ཞིག་ནི2020ལོའི་ཟླ9པ་ནས་ད་ལྟའི་བར‘མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་གིས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བརྙན་ལམ་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་སྐྲུན་ལས་དོན་ལ་རྒྱུན་མཐུད་ངང་ཤུགས་སྣོན་བྱས་ཤིང་།  དུས་སྐབས་སྔོན་མའི་ལྟ་ཞིབ་ཚད་ལེན་བྱེད་གནས11དང་གཏེར་ཁུལ་མཐའ་འཁོར་དུ་ལྟ་ཞིབ་ཚད་ལེན་བྱེད་གནས9འཛུགས་སྐྲུན་བྱས་པའི་རྨང་གཞིའི་ཐོག  2022ལོར་སླར་ཡང་ལྟ་དཔྱད་ཚད་ལེན་བྱེད་གནས10གསར་སྐྲུན་བྱས་པ་དང་། ལྟ་ཞིབ་ཚད་ལེན་བྱེད་གནས་རིམ་རྩིས་བྱས་ན་སུམ་ཅུར་སླེབས་ཏེ། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་མང་བའི་བརྙན་ལམ་ལྟ་ཞིབ་ཚད་ལེན་ཆགསཡོད།  མིག་སྔར་དུས་ཚོད1000ལས་བརྒལ་བའི་བརྙན་གྱི་ཡིག་ཚགས་གསོག་འཇོག་བྱས་ཡོད་ཅེས་ཐང་ཝན་ཧྥིན་གྱིས་དེ་ལྟར་ངོ་སྤྲོད་བྱས།

འགོ་རྩོམ་ས་གསར་བའི་སྟེང་ཐང་ཝན་ཧྥུན་གྱིསམཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུངགི་བྱེད་ནུས་དང་གནས་ཁེལ་སྔར་ལས་ལྷག་པར་ཇེ་ལེགས་སུ་བཏང་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན་སོགས་ཀྱི་ལས་དོན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་རྒྱུའི་ཐད་ཐོག་མའི་བསམ་གཞིགས་བཏང་། ཁོས་བཤད་རྒྱུར། ལོ་གསར་པའི་ནང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་རྒྱུན་མཐུད་ངང་འཛུགས་སྐྲུན་བཟང་པོ་བྱས་ཏེ། ཚན་རྩལ་གྱི་བྱེད་ཐབས་ལ་བརྟེན་ནསཀྲུང་ཧྭའི་ཆུ་མཛོདསྲུང་སྐྱོང་བཟང་བོ་བྱེད་པ་དང་ཆབས་ཅིག མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུངགི་ལྟ་ཞིབ་ཚད་ལེན་གཞི་གྲངས་བློ་གྲོས་ལྡན་པའི་ངང་བཀོལ་སྤྱོད་བྱེད་པ་དང་། མ་ལག་ལྡན་པའི་ངང་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དེང་རབས་ཅན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུངགི་སྐྱེ་ཁམས་དཔལ་ཡོན་དྲིལ་བསྒྲགས་ལྟེ་གནས་མུ་མཐུད་དུ་བསྐྲུན་པ། དཔེ་མཚོན་ཅན་གྱི་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་དང་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ལས་རིགས་ཁག་གིསམཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུངཞེས་པའི་སྒོ་འབྱེད་སྟེགས་བུ་དེ་བརྒྱུད་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་གསར་པར་དོ་ཁུར་སྔར་ལས་མང་བ་དང་ཤེས་རྟོགས་སྔར་ལས་གཏིང་ཟབ་ཐུབ་པ་བྱེད་དགོས་ཟེར།

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་དབང་མོ་རྒྱལ།