སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱ་དགོས།
2023.03.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང"ངེས་པར་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་འཆར་འགོད་བྱེད་དགོས"ཞེས་བསྟན་པ་དང་། མགྱོགས་མྱུར་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་བྱེད་པའི་སྐབས་འདིར། མཚོ་སྔོན་གྱི་བྱ་བ་དང་ལྷག་པར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས།

མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་རྒྱུ་ནི་མཚོ་སྔོན་གྱིས་མཐའ་གཅིག་ཏུ་འཁུར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན་ལ། བྲག་རི་བཞིན་བརྟན་པའི་ཆོད་སེམས་དང་ཡིད་ཆེས་ལ་བརྟེན་ནས"ཀྲུང་ཧྭའི་ཆུ་མཛོད"ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས། ད་སྐབས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང"ཀྲུང་ཧྭའི་ཆུ་མཛོད།" རྒྱལ་ཁབ་སྤྱི་གླིང་སོགས་ནི་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི"མཚོན་རྟགས"ཡིན་པ་མ་ཟད། སྙན་གྲགས་རྒྱལ་ཡོངས་དང་འཛམ་གླིང་ཡོངས་སུ་ཁྱབ་པའི་ངོམ་ཆོག་ཆོག་གི"མིང་བྱང"ཞིག་ཀྱང་རེད།

མཚོ་སྔོན་གྱི་དངོས་ཡོད་ལ་དམིགས་ན་སྐྱེ་ཁམས་ནི་ཞིང་ཆེན་འཛུགས་པའི་རྩ་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དགོས་མཁོའི་དབང་གིས་མཚོ་སྔོན་གྱི་བཟོ་ལས་འཕེལ་རྒྱས་དེ་རྒྱུན་མཐུད་ཀྱི་སྒྲིག་གཞི་སྙོམས་སྒྲིག་བྱེད་པའི་ཁྲོད་ནས་ཡང་བ་དང་གསར་བ། ལྗང་མདོག་གི་ཕྱོགས་སུ་རིགས་བསྒྱུར་བྱེད་པ་མངོན་འགྱུར་བྱུང་ཡོད།  ནུས་རྒྱུ་གཙང་མའི་ཐོན་ལས་དང་འཁོར་རྒྱུག་དཔལ་འབྱོར་སོགས་འཕེལ་རྒྱས་འགྲོ་ཤུགས་ཆེ་བ་དང་། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་རིམ་སྤོར་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཀྱིས་ལྗང་མདོག་སྐྱེ་ལྡན་ལ་བརྟེན་ནས་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ཡོད་ལ།   རི་ཆུའི་ཐོན་ཁུངས་ལ་བརྟེན་ནས་དར་རྒྱས་བྱུང་བའི་སྐྱེ་ཁམས་ཡུལ་སྐོར་གྱིས་ཐོན་ལས་གསུམ་པའི་བསྡུར་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བྱས་པ་མ་ཟད། ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པའི་ཞིང་སྡེའི་ཡུལ་སྐོར་ལས་རིགས་ཀྱིས་ཀྱང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཐོན་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།

"ཆེས་ཆེ་བ་གསུམ"གྱི་ཞིང་ཆེན་གྱི་གནས་ཚུལ་ལ་དམིགས་ནས།  སྐྱེ་ཁམས་ཀྱི་རིན་ཐང་དང་སྐྱེ་ཁམས་ཀྱི་འགན་འཁྲི། སྐྱེ་ཁམས་ཀྱི་སྦས་ཤུགས་བཅས་ཀྱི་ནང་གནས་གཏན་ཚིགས་གཏིང་ཟབ་པར་འཚོལ་ཞིབ་བྱེད་པ་དང་། སྐྱེ་ཁམས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་དང་ཁྱབ་པར་བྱས་ལ། དེའི་ནང་དོན་དང་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི"རྒྱལ་ཁབ་ཀྱི་དོན་ཆེན"ཡིན་པ་བློ་ལ་བརྟན་པོར་ངེས་དགོས། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་བཞིན་ཡོད་ལ། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་འཆམ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་ཕྱོགས་སུ་ང་ཚོས་གོམ་པ་ཆེན་པོས་མདུན་སྐྱོད་བྱེད་དགོས།

མགྱོགས་མྱུར་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་ལ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ལ་དམིགས་ཏེ།  “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་ཉར་བ་དང་། “རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་དུ་བསྟར་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྔར་ལས་གདེང་འཇོག་བྱེད་པ། ཆུ་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ།  སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པ།  ཚད་གཞི་མཐོ་བའི་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ།  སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན།  རྒྱུན་མཐུད་རང་བཞིན་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་།  ནུས་ཤུགས་ཡོད་དགུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་དོ་སྣང་བྱེད་དགོས།

བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱེད་པའི་ལངས་གནས་མཐོ་དགོས་ལ། རི་ཆུ་ནགས་ཞིང་།  མཚེའུ་དང་རྩྭ་ཐང་། བྱེ་མ། དར་འཁྱག་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོལ་བྱས་ཏེ།  སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོའི་ལས་དོན་གལ་ཆེན་དེ་ལག་བསྟར་བྱ་རྒྱུར་སྐུལ་འདེད་ནན་མོ་བྱེད་དགོས་པ་དང་། ཆུ་ཁུངས་གསོ་སྐྱོང་གི་ནུས་པ་སྔར་ལས་མཐོ་འདེགས་བཏང་ནས།    གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་པར་ཁག་ཐེག་བྱེད་དགོས།

སྐྱེ་ཁམས་དམིགས་སུ་བཟུང་སྟེ་ལྗང་མདོག་འཕེལ་རྒྱས་སུ་གཏོང་བ་དང་།  ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་སྦག་བཙོག་བཅོས་སྐྱོང་།  སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ།  མཉམ་དུ་ཐཱན་ཇེ་ཉུང་དང་སྦག་བཙོག་ཇེ་ཉུང་། ལྗང་མདོག་རྒྱ་སྐྱེད་དང་འཕར་སྣོན་ལ་སྐུལ་འདེད་བཅས་བྱས་ནས། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་ལེགས་འགྱུར་ལ་སྐུལ་འདེད་ཇེ་མགྱོགས་དང་། ཤུགས་ཆེན་པོས་ལྗང་མདོག་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་བཏང་ནས།  སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པ་དང་། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས།

“ཐཱན་རྩེར་སོན་མངོན་འགྱུར་བྱེད་པར་སྔོན་ལ་ལག་བསྟར་དང་ཚོད་ལྟའི”ཐད་མགོ་འཛུགས་ས་མཐོན་པོ་ཞིག་དགོས་ལ།  དཔལ་འབྱོར་འཕེལ་ཚད་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་བ་དང་།   སྐྱེ་ཁམས་ཐཱན་འདུས་གཞན་འགྱུར་ནུས་པ་མཐོར་འདེགས་གཏོང་བ། སྐྱེ་ཁམས་ཐཱན་འདུས་རིན་ཐང་གཞན་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ།  རྒྱལ་ཁབ་ཀྱི“ཐཱན་གཉིས་”དམིགས་འབེན་ལ་མཚོ་སྔོན་གྱི་ནུས་ཤུགས་འབུལ་དགོས།

དམིགས་འབེན་དང་ལས་འགན་དག་ལ་ནན་གྱིས་དམིགས་ནས་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་།  འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། དངོས་སྒྲུབ་དངོས་གཉེར་གྱིས་བྱ་གཞག་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་གསར་བ་གསར་བསྐྲུན་བྱས་ཏེ།   བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གི་མཛུབ་སྟོན་གྱི་ཁ་ཕྱོགས་ལྟར་མདུན་སྐྱོད་དང་། བྱ་ཐབས་སྔར་ལས་ནན་ཏན་དང་ཤུགས་ཚད་སྔར་ལས་ཆེ་བའི་སྒོ་ནས་འགག་རྩར་དམ་འཛིན་དང་གཙོ་གནད་ལ་ཕར་རྒོལ། དཀའ་གནད་སྒྲོལ་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། ལངས་གནས་མཐོ་བ་དང་ཚད་གཞི་མཐོ་བ།  འགོ་འཛུགས་ས་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་ལྷ་མོ་འཚོ། གཡང་ཕྱུག་སྒྲོལ་མ།