ཐུན་ཏེ་རྫོང་ལ་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་གནང་།
2023.11.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 5

ཉེ་ལམ། ཅི་ནན་གྱི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་གླེང་སྟེགས་གྱི་ལོ་ཚོགས་མགོ་བརྩམས་ཤིང་།  ཚོགས་ཐོག་ཏུ་སྐོར་བདུན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་དང་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་ཐོབ་པའི་ས་ཁུལ་ལ་སྒོ་བྱང་སྤྲད་པའི་ཁྲོད་ཐུན་ཏེ་རྫོང་ལ་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞི་སྐོར་བདུན་པའི་མཚན་སྙན་ཐོབ་པ་རེད། དེ་ནི་ཐུན་ཏེ་རྫོང་གི་སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་སུ་ཐོབ་པའི་རྒྱལ་ཁབ་ཀྱིས་གནང་བའི་མཚན་སྙན་ཐོག་མ་དེ་ཡིན་ལ། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་རྗེས་ཀྱི་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་རྟེན་གཞིའི་གསར་གཏོད་ས་ཁུལ་གཉིས་པ་དེ་ཡིན་པ་རེད།  རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་ལོ་ཚོགས་སྟེང་ཞུགས་ནས་གཟེངས་རྟགས་བླངས།

2017ལོ་ནས་བཟུང་། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཡོངས་སུ་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་ས་ཁུལ་བསྐྲུན་པའི་བྱེད་སྒོ་རྩ་འཛུགས་བྱས་ཏེ། གྲུབ་འབྲས་མངོན་གསལ་དོད་པ་དང་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ས་ཁུལ་དང་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་སྤྲད་པ་རེད།

ཐུན་ཏེ་རྫོང་གི་སུམ་ཆའི་གཅིག་ཙམ་གྱི་ས་ཁོངས་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། ཐུན་ཏེ་རྫོང་དུ་རྨ་ཆུ་སྤྱི་ལེ207ལ་བཞུར་བཞིན་ཡོད་པ་རེད།  སྣ་མང་རྙོག་འཛིང་ཆེ་བའི་ས་དབྱིབས་ལས་གྲོག་རོང་མང་བ་དང་བྲག་རྡོ་གཡང་གཟར་ཆེ་བ་བཅས་ཀྱི་ས་ཁམས་ངོ་མཚར་ལྡན་པ་དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་གི་བར་ཁྱམས་ཡག་ཤོས་དེ་ཡིན་ཞིང་། དེའི་རྔམ་བརྗིད་ཆེ་ལ་གསོན་ཉམས་དོད་པའི་མཐོ་སྒང་མཛེས་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་མཚོན་ཡོད། རྨ་ཆུའི་སྟོད་རྒྱུད་ཀྱི་འགག་རྩའི་ཆུ་ཁུངས་སུ་ས་བབ་ཀྱི་གནས་བབ་གལ་ཆེན་དང་སྐྱེ་ཁམས་ཀྱི་ནུས་པ་མངོན་གསལ་དོད་པས་ཆུ་མགོའི་འགན་འཁྲི་གལ་འགངས་ཆེ་བ་ཞིག་རེད།

ཉེ་བའི་ལོ་ཤས་རིང་། ཐུན་ཏེ་རྫོང་གིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་བརྟན་པོར་བཙུགས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང1335འཕེལ་རྒྱས་ཀྱི་བསམ་ཕྱོགས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་།  སྦགས་བཙོག་འགོག་བཅོས་མཁྲེགས་གཏོར། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྟ་ཞིབ་དག་ཐེར་སོགས་གཙོ་གནད་ལས་འགན་ལ་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལག་བསྟར་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་སྲུང་བྱ་བར་སྐུལ་འདེད་བཏང་།   ཐུན་ཏེ་རྫོང་གི་ཆུ་འཐེན་ནུས་གསོག་གློག་འདོན་ས་ཚིགས་དང་དྭངས་གཙང་དྲོད་རླངས་མཁོ་འདོན། ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་མགོ་གསོ་སྐྱོང་དང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། འབའ་ཆུའི་ཆུ་བོ་སྲུང་སྐྱོབ་དང་སླར་གསོ་སོགས་ཀྱི་ལས་གཞི་གལ་ཆེན་སྔ་རྗེས་སུ་ལག་བསྟར་བྱས་ནས་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་མཁྲེགས་གཏོར་དམག་འཐབ་ལ་རྨང་གཞི་བརྟན་པོ་བཏིང་ནས། མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་ལེགས་བཅོས་དང་ཕུལ་བྱུང་སྐྱེ་ཁམས་ཐོན་རྫས་གསར་གཏོད་བྱེད་པར་རྨང་གཞིའི་མཐུན་རྐྱེན་བསྐྲུན་པ་རེད། རྫོང་ཡོངས་མི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱང་ཚད་རིམ་བཞིན་ཇེ་མཐོར་བཏང་སྟེ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ལ་ཡོངས་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་ཐུན་ཏེ་གསར་པ་འཛུགས་སྐྲུན་བྱེད་ཆེད་སྲ་ཞིང་བརྟན་པའི་སྐྱེ་ཁམས་ཁོར་ཡུག་གི་འགན་སྲུང་འདོན་སྤྲོད་བྱས་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།