སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་བསྣན་ནས་ལྗང་སྒྱུར་ལས་དོན་ལ་སྐུལ་འདེད་བཏང་།
2023.12.06 ཁུངས། ཞིང་ཆེན་མི་དངམས་སྲིད་གཞུང་དྲ་བ། ཀློག་གྲངས། 12

 མཚོ་སྔོན་པོ་ལ་མདོ་དབུས་མཐོ་སྒང་གི་དངོས་རིགས་གཞི་རྒྱུ་མཛོད་ཅེས་འབོད་ཅིང་།  ཕུན་སུམ་ཚོགས་པའི་ཁོར་ཡུག་རྣམ་པ་དང་ཡུལ་ལྗོངས་སྣ་མང་ཅན་གྱིས་མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་མང་པོར་འོས་ཤིང་འཚམ་པའི་འཚོ་སྡོད་ཀྱི་ཁོར་ཡུག་སྐྲུན་པས། སྲོག་ཆགས་དེ་དག་གནས་དེར་འཚོ་སྡོད་དང་རྒྱུད་སྤེལ་བར་བཀུག་པ་རེད། མཚོ་སྔོན་པོ་ནི་འཛམ་གླིང་གི་ཆུ་བྱའི་རྒྱུད་སྤེལ་གནས་གལ་ཆེན་དང་དུས་བྱ་གནས་སྤོར་རྒྱུ་ལམ་ས་ཚིགས་གལ་ཆེན་ཞིག་ཡིན་པས།  ལོ་རེར་ཆུ་བྱ་འབུམ་དྲུག་ལྷག་དེར་གནས་སྤར་ནས་འདུག་པ་དང་རྒྱུད་སྤེལ་གྱིན་ཡོད།  དེ་ཡང་ཀྲུང་གོ་ནུབ་ཕྱོགས་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་ཆུ་རླངས་འཁོར་རྒྱུག་བགྲོད་ལམ་གལ་ཆེན་ཡིན་པས། མདོ་དབུས་མཐོ་སྒང་དང་རང་རྒྱལ་ནུབ་ཕྱོགས་ཀྱི་ཁོར་ཡུག་ཆེན་པོའི་སྐྱེ་ཁམས་དོ་མཉམ་ཡོང་བར་འབྲེལ་བ་དམ་པོ་ཡོད།

ཡིན་ན་ཡང་། ནམ་ཟླའི་འགྱུར་ལྡོག་དང་མིའི་འགུལ་སྐྱོད་སོགས་ཀྱི་ཤུགས་རྐྱེན་ཐེབས་པས་མཚོ་སྔོན་པོའི་སྐྱེ་ཁམས་ལ་སྔོན་ཆད་ཞན་འགྱུར་ཚབས་ཆེན་བྱུང་པ་རེད། དེ་བས་འབྲེལ་ཡོད་སྡེ་ཁག་གིས་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་བཅོས་སྐྱོང་སྐོར་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། མཚོ་སྔོན་པོ་སྟེ་མཐོ་སྒང་གི་རིན་ཆེན་སྔོན་པོ་འདིར་ཡང་བསྐྱར་འདབ་ཆགས་བྱ་དང་ཉ་མཉམ་དུ་འདུས་པ་དང་ཆུ་དྭངས་ཤིང་གནམ་སྔོན་པོའི་སྐྱེ་ཁམས་མཛེས་ལྗོངས་མངོན་ཡོད།

སླར་གསོ་བཅོས་སྐྱོང་ལ་ཤུགས་སྣོན་པའི་ཐད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐྲུན་མགོ་ཚུགས་ཤིང་། དེའི་ཁྱབ་ཁོངས་ཐོག་མར་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཅིག་དྲུག་བརྒྱ་ཇུས་འགོད་བྱས་ནས།  ཕལ་ཆེར་མཚོ་སྔོན་པོའི་མཐོ་སྒང་གི་མཚོ་དང་མཚེའུ་དང་ཆུ་བོ།  བརླན་སའི་སྐྱེ་ཁམས་མ་ལག ཁྲུང་ཁྲུང་སྐེ་ནག ངང་དཀར། མཚོ་སྔོན་པོའི་གསེར་ཉ། དགོ་བ་སོགས་ཚར་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རྩ་ཆེན་རིགས་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་སུ་བཅུག་པས། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གྱུར་ནས་མདོ་དབུས་མཐོ་སྒང་གཅིག་པུར་ཡོད་པའི“རྩྭ་དང་ཆུ།  མཚོ་དང་ཉ།  བྱ”བཅས་མཉམ་འདུས་སྐྱེ་ཁམས་སྦྲེལ་ཐག་དོ་མཉམ་དུ་གྱུར་ཞིང་།  མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་ཐོབ།

ལྟ་ཞིབ་ཚད་ལེན་འཐུས་ཚང་དུ་གཏོང་བའི་ཐད། འབྲེལ་ཡོད་སྡེ་ཁག་གིས“གཏན་བརླིང་བཞི་དང་གཅིག་གྱུར་གསུམ”གྱི་ལྟ་ཞིབ་ཚད་ལེན་ཚད་ལྡན་ཅན་དུ་བཏང་ནས། གཙོ་གནད་སྐྱེ་ཁམས་སྲུང་སྐྱོབ་བྱ་ཡུལ་དང་གཙོ་གནད་ཁྱབ་ཁོངས་ལྟ་ཞིབ་ཚད་ལེན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་། དེ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཁག་གིས་ད་དུང་མཚོ་སྔོན་པོ་ལྗོངས་ཁུལ་དུ་རྒྱལ་ཁབ་རིམ་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་རིམས་ནད་ལྟ་ཞིབ་ཚད་ལེན་ས་ཚིགས་དང་། མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་མ་ལག་རྒྱལ་ཁབ་ས་ཚིགས་གཏན་ཁེལ་ལྟ་ཞིབ་ཚད་ལེན་ས་ཚིགས། ཞིབ་འཇུག་སྒྲིག་གཞི་དང་མཉམ་འབྲེལ་སྒོས་སྐྱེ་ཁམས་ལྟ་ཞིབ་ས་ངོས་ལྟ་ཞིབ་ཚད་ལེན་ས་ཚིགས་བཅས་བཙུགས་པས། འབབ་རྒྱུད་ཡོངས་སུ་ཁྱབ་པའི་ཚན་ཞིབ་ལྟ་ཞིབ་ཚད་ལེན་གཞི་གྲངས་སྟེགས་བུ་དང་ལྟ་ཞིབ་ཚད་ལེན་འདེགས་སྐྱོར་རགས་ཙམ་ཆགས་ཡོད།

ཁྲིམས་ལྟར་སྲུང་སྐྱོབ་ནན་མོ་བྱས་པའི་ཐད། འབྲེལ་ཡོད་སྡེ་ཁག་གིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ཞིབ་བཤེར་དང་བཅོས་སྐྱོང་ཆེན་པོ། སྐོར་ཞིབ་ཆེན་པོ།  བཙོག་ཆུ་ཞིབ་བཤེར་བཅོས་སྐྱོང་། གད་སྙིགས་གཙང་སེལ་བཅོས་སྐྱོང་།  ཆུ་བོའི“གཙང་སེལ་བཞི”སོགས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་ནས།  སྐྱེ་ཁམས་ཁོར་ཡུག་གཏོར་བརླག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ཞིང་། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་འགྲོ་བར་སྐུལ་འདེད་བྱས།

འབྲེལ་ཡོད་ལྟ་ཞིབ་ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན། བརླན་ས་སྲུང་སྐྱོབ་བྱས་ཚད69%དང་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད60% །  མཚོ་སྔོན་པོའི་ཆུ་སྤུས་ལེགས་ཚད100%ཟིན་པ་རེད། གཞན་ཡང་མཚོ་སྔོན་པོའི་གནད་འགག་རང་བཞིན་གྱི་དངོས་རིགས་སྟེ་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་དང་སྲོག་ཆགས་རྩ་ཆེན་དགོ་བའི་ཁྱུ་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད།

མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱིས་ང་ཚོའི་ལྗང་མདོག་རྨང་གཞི་སྲ་བརྟན་དུ་བཏང་བ་མ་ཟད། ང་ཚོའི་ལྗང་མདོག་གི་མ་འོངས་པ་ཡང་སྐྲུན་པ་རེད། ང་ཚོས་མཚོ་སྔོན་པོ་དེ་ང་ཚོའི་སྲུང་སྐྱོབ་འོག་ཏུ་རྒྱུན་མཐུད་ངང་གསོན་ཤུགས་རྒྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཞིག་ཏུ་འགྱུར་བར་རེ་བ་བཅངས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།