མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་ལས་དོན་ལེགས་པོར་བསྒྲུབས།
2024.02.26 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 1

 མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་ཁ་ཕྱོགས་བསྟན་པ་དང་འཆར་གཞི་ཡག་པོ་བཀོད་པས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བཟུང་ནས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་བདེ་འཇགས་སྲུང་བའི་འགན་འཁྲི་ཁུར་ཏེ།  རྒྱལ་ཁབ་ཀྱི་དོན་ཆེན་གྱི་ཆབ་སྲིད་འགན་འཁྲི་ལག་ལེན་དོན་འཁྱོལ་བྱེད་པར་འགན་ལེན་བྱས།

མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཡིན་པ་མ་ཟད། ནུབ་རྒྱུད་ཐང་རྒོད་ཅན་དུ་གྱུར་ནས་ཤར་ཕྱོགས་སུ་མཆེད་པ་འགོག་པའི་རང་བྱུང་སྲུང་ཡོལ་ལྟ་བུ་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་བདེ་འཇགས་གནས་བབ་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། ཕྱོགས་ཡོངས་ནས་མཚོ་སྔོན་པོ་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བྱེ་བྲག་གིས་བཅོས་སྐྱོང་ལ་སྐུལ་འདེད་བྱས་ནས། ད་ལྟ་མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ནུས་པ་མུ་མཐུད་དུ་སླར་གསོ་བྱུང་བ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། མཐོ་སྒང་དུ་ཁྱད་དུ་ཡོད་པའི་རྩྭ་དང་ཆུ། མཚོ།  ཉ། བྱ་བཅས་མཉམ་གནས་ཀྱི་སྐྱེ་ཁམས་དོ་མཉམ་གྱི་རྣམ་པ་མངོན་ཡོད།

མཚོ་སྔོན་གྱིས་བྱེ་འགོག་བྱེ་བཅོས་ཁ་ཕྱོགས་གཙོ་བོར་བཟུང་ནས། རྒྱུན་མཐུད་ངང་ཐང་རྒོད་ཅན་དུ་འགྱུར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་། གཏིང་ཟབ་སྒོས“བྱང་གསུམ”སོགས་ཀྱི་གཙོ་གནད་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། ཐང་རྒོད་ཅན་དང་ས་ཞིང་བྱེ་འགྱུར“གཉིས་ཆག”གི་རྣམ་པ་ལེགས་པོ་མངོན་པ་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ལམ་ལུགས་ལག་བསྟར་བྱེད་མགོ་བརྩམས་པ་ནས་བཟུང་། སྲུང་སྐྱོབ་དང་འཕེལ་རྒྱས་གཙོ་བོར་བཟུང་ནས་མིའི་རིགས་འཕེལ་རྒྱས་དང་རང་བྱུང་སྲུང་སྐྱོབ་དོ་མཉམ་ཡོང་བ་འཚོལ་ཞིབ་བྱས་པས། ས་གནས་འབྲོག་པ་མང་ཚོགས་སྲུང་སྐྱོབ་ལས་དོན་ཁྲོད་ཞུགས་པའི་བརྩོན་སེམས་ཆེས་ཆེར་འཕེལ། གཡང་ཐར་ནི་སྐྱེ་ཁམས་ལྟ་སྲུང་པའི་ཁྲོད་ཀྱི་གཅིག་ཡིན་ལ། ཡོང་འབབ་དང་སྐྱེ་ཁམས་འདུ་ཤེས། འཚོ་བ་རོལ་ཐབས་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བས།  འབྲོག་པ་མང་ཚོགས་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་འཕར་བ་མངོན་འགྱུར་བྱུང་།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ལ་མཚོན་ན། མཚོ་སྔོན་གྱིས་རྒྱལ་ཡོངས་ནས་གཞིས་ཁུལ་མཉམ་བསྐྲུན་མཉམ་སྤྱོད་དཔེ་དབྱིབས་བཙུགས་ནས་རང་བྱུང་སློབ་གསོ་ནི་མིང་རྟགས་ལས་གཞི་ཞིག་ཏུ་གྱུར།  སྐྱེ་ཁམས་ཁ་གསབ་ཚད་གཞི་དང་མ་ལག་གཏན་ཁེལ་བྱས་པ་དང་། ཁ་གསབ་ལམ་ལུགས་གྲུབ་པ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན་པ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དང་ལྗང་མདོག་འཕེལ་རྒྱས་འདུ་ཤེས་མུ་མཐུད་དུ་གཏིང་ཟབ་ཏུ་གྱུར་བ། ཁྱབ་ཁོངས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་བ་ཉིན་བཞིན་ཇེ་ཆེར་གྱུར།

ད་ལྟ་སྐྱེ་ཁམས་ལྟ་སྲུང་པའི་ཟླ་རེའི་གླ་ཕོགས་བརྟན་འཇགས་ཡིན་པ་དང་། རྒྱ་ཆེའི་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་ནས་ཁེ་ཕན་སྔར་ལས་ཆེན་པོ་ཐོབ་ཡོད།  ཁྱད་ལྡན་དཔལ་འབྱོར་ནགས་ཚལ་དང་སྐྱེ་ཁམས་ཡུལ་སྐོར། རྩྭ་འདེབས་གསོ་སྤེལ།   སྨན་རྩྭ་འདེབས་པ། ནགས་སྐྲུན་སོགས་ཀྱི་ཁྱད་ལྡན་ཐོན་ལས་ཀྱིས་མུ་མཐུད་དུ་ཁེ་ཕན་བསྐྲུན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ། ཁོར་ཡུག་མཛེས་པ། མང་ཚོགས་འབབ་འཕར། ཁྱབ་ཁོངས་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ཡོད།

སྐྱེ་ཁམས་ལེགས་ཆ་གཙོ་བོར་བཟུང་ནས་ཐོན་ལས་ཆེན་པོ་གསུམ་གྱིས་མུ་མཐུད་དུ་ལྗང་མདོག་ནུས་པ་རྒྱ་བསྐྱེད་པ་དང་། སྐྱེ་ཁམས་ནུས་པ་ཡིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།  ཐོན་ལས་སྒྲིག་གཞི་ལེགས་བཅོས་དང་ཐོན་ལས་བཀོད་སྒྲིག སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སོགས་ཀྱིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་མདུན་ལམ་མངོན་ཡོད།

ནུས་ཁུངས་གཙང་མའི་ཐོན་ལས་ནི་སྐྱེ་ཁམས་ཐོན་ལས་ཡིན་པ་མ་ཟད་ཁྱད་ལྡན་ཐོན་ལས་ཡང་ཡིན། ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆ་རུ་སྒྱུར་ནས་འོད་གློག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གཞི་ཁྱོན་མུ་མཐུད་དུ་ཇེ་ཆེ་དང་ཐོན་ལས་ཕྲེང་འབྲེལ་འཐུས་ཚང་དུ་བཏང་ཡོད།

སྐྱེ་ཁམས་ཡུལ་སྐོར་ཐོན་ལས་སྐོར་ནས། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བཏོད་པ་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བརྒྱུད་དེ་མཚོ་སྔོན་གྱིས་སྐྱེ་ཁམས་ཐོན་རྫས་རིན་ཐང་བགྲོད་ལམ་མུ་མཐུད་དུ་རྒྱ་བསྐྱེད་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་དམིགས་ས་སྟེ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་བསྐྲུན་བྱེད་བཞིན་པའི་སྒང་ཡིན།

ལག་ལེན་བྱས་ན་ད་གཟོད་མཚོ་སྔོན་གྱི་ཚད་བསྡུར་ལེགས་ཆ་དེ་འཕེལ་རྒྱས་ལེགས་ཆ་རུ་སྒྱུར་ནས་ཁེ་ཕན་དང་ཐོན་ཁོངས། ཐོན་སྐྱེད་ནུས་ཤུགས་སུ་གཏོང་ཐུབ་ལ། རྒྱུན་མཐུད་ཀྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་ཏེ་སྤུས་ཚད་མཐོ་བའི་ངང་ཐོན་ལས“གནས་བཞི” འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་ལེགས་ཤིང་ལྗང་མདོག་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་ཐུབ།  

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།