མཚོ་སྔོན་ནི་སྐྱེ་དངོས་ཐམས་ཅད་འཆམ་མཐུན་མཉམ་གནས་ཀྱི་མཛེས་པའི་གཞིས་ཁྱིམ་ཡིན།
2024.03.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

2023ལོར་འཛམ་གླིང་གི་མིག་ཟུང་སླར་ཡང་མཚོ་སྔོན་ལ་ཕྱོགས་ཡོད།

“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད—ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད་པ”ཡི་ཆེད་དོན་དྲིལ་སྒྲོག་ངོ་སྤྲོད་ཚོགས་འདུ་འཚོགས་ནས་རབ་མཛེས་མཚོ་སྔོན་འཛམ་གླིང་ལ་འོས་སྦྱོར་བྱས།

རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པས་སྐྱེ་དངོས་ཐམས་ཅད་འཆམ་མཐུན་མཉམ་གནས་བྱེད་སའི་མཛེས་པའི་གཞིས་ཁྱིམ་མཉམ་དུ་གླེང་ཞིང་། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཏུ་བླངས།

མཚོ་སྔོན་གྱི་རོང་པོ་ཐང་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་ནང་ཚུད་པ་དེ་ནི་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྗེས་ནས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་ཨང་བཞི་པར་གྱུར།

དུས་རབས་ཀྱི་མ་དཔེ་རུ་གྱུར་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག

རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཏང་བའི་ལམ་ལུགས་གསར་གཏོད་གལ་ཆེན་ཞིག་རེད། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྤུས་འདེགས་རིམ་སྤོར་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་གླིང་སྣེའི་ས་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་ཞིག་ཏུ་བསྐྲུན།

རྒྱལ་ཁབ་སྤྱི་གླིང་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་རྨང་གཞི། རང་བྱུང་སྤྱི་གླིང་ཁ་གསབ་བཅས་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གསར་པ་བསྐྲུན།

རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་བསྐྲུན་ན་མི་རབས་ནས་མི་རབས་བར་རྒྱལ་ཁབ་སྤྱི་གླིང་ནང་སྡོད་པའི་འབྲོག་པ་མང་ཚོགས་དང་ཁ་འབྲལ་ཐབས་མེད། སྒྲོལ་མ་སྐྱབས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཡུལ་ཚོ་མདོ་ཕྱུག་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་ཞིང་། 2023ལོར་སྒྲོལ་མ་སྐྱབས་ཀྱིས་སྐོར་གཡེང་བྱེད་སྐབས་ཤིག་ལ་འབྲོང་ཁྱུ་ཞིག་པར་ལེན་ཐུབ་སོང་བས་དགའ་སྤྲོ་ཚད་མེད་སྐྱེས་བྱུང་།

སྒྲོལ་མ་སྐྱབས་སྡོད་སའི་མདོ་ཕྱུག་སྡེ་བ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བར་གནས་ཤིང་། སྡེ་བའི་ས་ཁོངས་སུ་བརླན་ས་དང་མཐོ་གྲང་ན་སྤང་སོགས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། གཙོད་དང་འབྲོང་། ཤྭ་བ་མཆུ་དཀར་སོགས་རྒྱལ་ཁབ་རིམ་པའི་རི་དྭགས་རིགས20ལྷག་གི་འཚོ་སྡོད་བྱ་ཡུལ་དུ་གྱུར་ཡོད།

རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་དེས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གིས་མཚོ་བོད་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་ཀྱི་བར་སྟོང་བཀོད་སྒྲིག་ལ་སྤྱི་འདོམས་བྱས་ནས། འཁོར་སྐྱོད་དོ་དམ་ནང་རྐྱེན་གསར་གཏོད་དང་། རྒྱལ་ཁབ་སྤྱི་གླིང་གི་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་འཚོལ་ཞིབ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

ལྗང་མདོག་གི་མཐོ་སར་སྐྱེ་ཁམས་བཅོས་སྐྱོང་དང་ཉམས་གསོ་བྱས་པ།

མིག་སྔར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནོན་ཤུགས་གཅིག་ཐོག་གཉིས་བརྩེགས་ཡིན་པ་དང་། མཚོ་བོད་མཐོ་སྒང་གི་གནམ་གཤིས་དྲོ་ལ་བརླན་འགྱུར་གྱི་རྣམ་པ་དེ་བས་མངོན་གསལ་དུ་འགྲོ་བཞིན་ཡོད། ཉེ་བའི་ལོ་ངོ60ཡི་ནང་མཚོ་སྔོན་གྱི་དྲོད་ཚད་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ལྡབ1.5དང་། ཆུ་མགོའི་འཁྱགས་རོམ15%ནས20%བར་ཇེ་ཆུང་དུ་ཕྱིན་པ། གཙང་གསུམ་འབྱུང་ཡུལ་གྱི་ས་ནག་ཐང་གིས་སྔར་བཞིན་སྤྱི་ཆིང་ས་ཡ་བཞི་དང་འབུམ་བཞི་ཁྲི་གཉིས་ཟིན་ལ། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་དྲུག་ལྷག་དང་། ཐང་རྒོད་ཅན་གྱི་ས་ཞིང་རྒྱ་ཁྱོན་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་བཞི་ལྷག་བཅས་ཟིན་ཡོད།

སྐྱེ་ཁམས་བཅོས་སྐྱོང་དང་ཉམས་གསོའི་མ་རྩ་མཐོ་རུ་སོང་བ་དང་དཀའ་ཚེགས་ཆེ་རུ་ཕྱིན་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ལ“མཚེའུ་སྟོང་གི་རྫོང”ཞེས་འབོད་ཀྱིན་ཡོད། ས་ཁོངས་ནང་གི་མཚོ་སྔོ་རེངས་དང་མཚོ་སྐྱ་རེངས་ནི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཞིག་རེད། སྔོན་ཆད་ལུགས་དང་མི་མཐུན་པའི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་བྱས་པའི་དབང་གིས་རྨ་ཆུའི་འབབ་རྒྱུད་དུ་ཁོར་ཡུག་གནད་དོན་ཅུང་ཚབས་ཆེན་བྱུང་།

རང་བྱུང་ཁམས་ཆེན་མོས་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཉེན་བརྡ་བཏང་། 2000ལོའི་ཡས་མས་སུ། རྨ་སྟོད་རྫོང་གིས་དཀའ་ངལ་ལ་མ་འཛེམ་པར་མདུན་དུ་བསྐྱོད་དེ་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ཁག་ཅིག་སྤེལ་བ་དང་། རྩྭ་ཐང་ཕྱུགས་འགོག་དང་། ས་ནག་ཐང་བཅོས་སྐྱོང་། སྐྱེ་ཁམས་གནས་སྤོ་སོགས་བྱས་པ་དང་། 2005ལོ་ནས་བཟུང་རྒྱལ་ཁབ་རིམ་པས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ལག་ལེན་བསྟར་མགོ་ཚུགས་པས་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་ཕྱིན་ཡོད།

ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་ས་ཁོངས་དང་རིགས། གཙོ་གནད་བཅས་དབྱེ་ནས་སྐྱེ་ཁམས་བཅོས་སྐྱོང་དང་ཉམས་གསོ་བྱ་རྒྱུར་སྐུལ་འདེད་བཏང་།

གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་གཙོ་རུ་བཟུང་སྟེ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། རྩྭ་ཐང་འབྲིང་གྲས་ཡན་ལ་ཁྱད་པར་ཡོད་པའི་སྒོ་ནས་སླར་གསོ་བཅོས་སྐྱོང་བྱས།

གསར་གཏོད་ཀྱི་མིག་དཔེ་སྟེ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ།

མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་རང་བྱུང་སླར་གསོ་གཙོར་འཛིན་དང་མི་ཐབས་སླར་གསོས་གཞོགས་འདེགས་བྱ་རྒྱུ་རྒྱུན་འཁྱོངས་བྱས། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་དང་བྱེ་ས། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། ས་ཁོངས་ཧྲིལ་པོར་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པའི་རྣམ་པ་གསར་པ་བཏོད།

ད་ལོར་ལོ་ན74ལ་སོན་པའི་བསམ་འཕེལ་དར་རྒྱས་ནི་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་རྫ་ཆེན་ཡུལ་ཚོ་སྡེ་ཆེན་སྡེ་བའི་མི་ཡིན་པ་དང་། གནས་དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་མགོའི་ལྟེ་གནས་ས་ཁུལ་ཡིན་ལ“གསའ་ཡི་ཕ་ས”རུའང་འབོད།

བསམ་འཕེལ་དར་རྒྱས་སྔོན་ཆད་གསའ་ཡིས་གནའ་བ་གསོད་པ་དང་། རི་སྐྱེས་སྲོག་ཆགས་རྨས་མ། རི་སྐྱེས་སྲོག་ཆགས་ལྐོག་རྔོན་གྱི་རྙི་མཐོང་བ་སོགས་བརྗེད་དཀའ་བའི་དོན་དག་མང་པོར་འཕྲད་མྱོང་།

2019ལོའི་ལོ་མགོར། བསམ་འཕེལ་དར་རྒྱས་ཀྱི་བུ་འཇམ་རྡོས་སྐོར་ཞིབ་ཀྱི་ལམ་དུ་གནའ་བ་ཞིག་གངས་ཁྲོད་དུ་ལྷུང་བ་མཐོང་། འཇམ་རྡོས་གནའ་བ་བསྐྱབས་ནས་ཁྱིམ་དུ་ཁྱེར་ཡོང་བ་དང་ལྷག་འཕྲོ་མང་པོ་མེད་པའི་གཟན་རྩྭས་གསོས་ཤིང་། ཟླ་གཅིག་གི་རྗེས་སུ་གངས་འཁྱགས་ཞུ་རྗེས་གཞི་ནས་གནའ་བ་དེ་རང་བྱུང་ཁམས་སུ་བཏང་། བསམ་འཕེལ་དར་རྒྱས་ཀྱིས་གསར་འགོད་པར་བཤད་རྒྱུར། འབྲོག་པས་རི་སྐྱེས་སྲོག་ཆགས་ལ་རོགས་སྐྱོབ་བྱེད་པ་ནི་ལྷན་སྐྱེས་ཀྱི་ནུས་པ་ཞིག་དང་མི་རབས་ནས་མི་རབས་བརྒྱུད་པའི་རིག་གནས་ཀྱི་འདུ་ཤེས་ཤིག་རེད། རང་བྱུང་གི་ཆ་རྐྱེན་འོག་རི་སྐྱེས་སྲོག་ཆགས་དང་ཁྱིམ་གསོས་ཕྱུགས་རིགས་བར་ཁྱད་པར་སྤུ་ཙམ་ཡང་མེད་པས་གང་ཡིན་ཡང་དམིགས་བསལ་གྱིས་བསྐྱབ་ངེས་རེད།

འབྲོག་པའི་ངོས་ནས་བརྗོད་ན་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པས། གལ་སྲིད་སྔོ་ལྗང་རི་ཆུ་མེད་ཚེ་འབྲོག་པ་མང་ཚོགས་འཚོ་གནས་བྱེད་སའི་གཞིས་ཁྱིམ་མེད་པར་འགྱུར།

རང་བྱུང་ཁམས་ཆེན་མོ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་གཞི་རྩའི་ཆ་རྐྱེན་ཞིག་ཡིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱས་ནས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་དུ་འགྲེངས་ཏེ་ཁྱོན་ཡོངས་ནས་ཇུས་འགོད་བྱས།

2035ལོར་སླེབས་སྐབས། མཚོ་སྔོན་གྱི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཞི་རྩའི་ཆ་ནས་བསྐྲུན་ཐུབ། ཐུན་མོང་ཐོག་སྲུང་སྐྱོབ་ཆེན་པོ་དང་མཐུན་སྦྱོར་ངང་བཅོས་སྐྱོང་ཆེན་པོ་བྱེད་པའི་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་ཐུབ་པ་དང་། “ཀྲུང་ཧྭའི་ཆུ་མཛོད”བརྟན་པོ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་མ་ལག་སྔར་ལས་འཐུས་ཚང་དང་། སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་ཕྱོགས་སུ་འཕེལ་ཐུབ།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།