མཚོ་སྔོན་ནི་སྐྱེ་དངོས་འཆམ་མཐུན་མཉམ་གནས་ཀྱི་གཞིས་ཁྱིམ་ཡིན།
2024.04.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2

 ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་སྟེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད་པའི་ཆེད་དོན་དྲིལ་སྒྲོག་ངོ་སྤྲོད་ཚོགས་འདུ་འཚོགས་ནས་རབ་མཛེས་མཚོ་སྔོན་འཛམ་གླིང་ལ་འོས་སྦྱོར་བྱས།  རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པས་སྐྱེ་དངོས་ཡོད་ཚད་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་སྡུག་གི་གཞིས་ཁྱིམ་མཉམ་དུ་གླེང་ཞིང་། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཡོད།

མཚོ་སྔོན་གྱི་རོང་པོ་བརླན་ས་དེ་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་ནང་ཚུད་པ་དེ་ནི་མཚོ་སྔོན་པོའི་བྱ་གླིང་དང་། མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་གི་རྗེས་ནས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་ཨང་བཞི་པར་གྱུར།

2023ལོར་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི"རྒྱལ་དོན་གྱི་ཆེ་ཕྱོགས"ཡིན་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་བརྟེན་ནས།  རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ།  སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།  ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཤིང་།   ལྗང་མདོག་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔར་ལས་ཇེ་ཟབ་ཏུ་བཏང་ཡོད་།  སྐྱོད་ལམ་གསར་པའི་སྟེང་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས།  སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་སྔར་ལས་མངོན་གསལ་གྱི་གོ་གནས་ཐོག་བཞག་སྟེ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་པ་དང་།   མཐོ་སྒང་གི་མཁའ་དབྱིངས་སྔར་ལས་སྔོ་ཞིང་། ཆུ་མོ་སྔར་ལས་དྭངས་བ། རི་བོ་སྔར་ལས་ལྗང་བ་བཅས་ཀྱི་རྣམ་པ་མངོན་པར་འབད་བརྩོན་བྱེད་བཞིན་ཡོད།

རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་ལམ་ལུགས་གསར་སྐྲུན་གལ་ཆེན་ཞིག་ཡིན། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་གླིང་སྣེའི་ས་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་ཞིག་ཏུ་འཛུགས་སྐྲུན་བྱས།

རྒྱལ་ཁབ་སྤྱི་གླིང་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་རྨང་གཞི། རང་བྱུང་སྤྱི་གླིང་ཁ་གསབ་བཅས་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གསར་པ་བསྐྲུན། རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་བསྐྲུན་རྒྱུ་དེ་མི་རབས་ནས་མི་རབས་བར་རྒྱལ་ཁབ་སྤྱི་གླིང་དུ་སྡོད་པའི་འབྲོག་པ་མང་ཚོགས་དང་ཁ་འབྲལ་ཐབས་མེད། སྒྲོལ་མ་སྐྱབས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཧོ་ཡུལ་ཚོ་མདོ་ཕྱུག་སྡེ་བའི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན་ཞིང་། 2023ལོར་སྒྲོལ་མ་སྐྱབས་ཀྱིས་སྐོར་ཞིབ་བྱེད་སྐབས་འབྲོང་ཁྱུ་ཞིག་པར་ལེན་ཐུབ་པ་བྱུང་བས་དགའ་སྤྲོ་ཚད་མེད་སྐྱེས།

སྒྲོལ་མ་སྐྱབས་ཡོད་སའི་མདོ་ཕྱུག་སྡེ་བ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བར་གནས་ཤིང་།  སྡེ་བའི་ས་ཁོངས་སུ་བརླན་ས་སོགས་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། གཙོད་དང་འབྲོང་། ཤྭ་བ་མཆུ་དཀར་སོགས་རྒྱལ་ཁབ་རིམ་པའི་རི་དྭགས་རིགས20ལྷག་གི་འཚོ་སྡོད་བྱ་ཡུལ་དུ་གྱུར་ཡོད།

སྒྲོལ་མ་སྐྱབས་གྱིས་སྐོར་ཞིབ་བྱེད་པར་སྐྱོད་ཐེངས་རེར་གཅེས་ནོར་ལྟ་བུའི་པར་ཆས་འཁྱེར་ནས་གཙོད་དང་གཟིག དྲེད་མོང་བཅས་མཐོང་སྐབས་དེ་དག་སྐྱོད་སའི་ལམ་ཐིག་བརྒྱུད་ནས་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་ཁྱབ་ཁོངས་དང་ལམ་ཐིག་ཤེས་རྟོགས་གསལ་བོ་བྱེད་ཀྱིན་ཡོད།

ཉིན་རེ་ནས་ཉིན་རེ་དང་ལོ་རེ་ནས་ལོ་རེ་བཞིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལྟ་སྲུང་པས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དྲ་བ་བཙུགས་ནས་རང་བྱུང་སྐྱེ་ཁམས་མ་ལག་དང་།  རང་བྱུང་ཤུལ་བཞག  རང་བྱུང་མཛེས་ལྗོངས།  ཚར་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་བཅས་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱས།

རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་དེས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད།  མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་ཀྱི་བར་སྟོང་བཀོད་སྒྲིག་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས།   འཁོར་སྐྱོད་དོ་དམ་རྐྱེན་སྲོལ་གསར་སྐྲུན་དང་། རྒྱལ་ཁབ་སྤྱི་གླིང་གི་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་འཚོལ་ཞིབ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་བ་བསྐྲུན་པ་རེད།

སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོའི་མ་རྩ་མཐོ་རུ་སོང་བ་དང་དཀའ་ཚེགས་ཆེ་རུ་ཕྱིན་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ལ“མཚེའུ་སྟོང་གི་རྫོང”ཞེས་འབོད་ཀྱིན་ཡོད།  ས་ཁོངས་ནང་གི་མཚོ་སྔོ་རེངས་དང་མཚོ་སྐྱ་རེངས་ནི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཞིག་ཡིན་ཞིང་། སྔོན་ཆད་ལུགས་དང་མི་མཐུན་པའི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་བྱས་པའི་དབང་གིས་རྨ་ཆུའི་འབབ་རྒྱུད་དུ་ཁོར་ཡུག་གནད་དོན་ཅུང་ཚབས་ཆེན་བྱུང་། རང་བྱུང་ཁམས་ཆེན་མོས་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཉེན་བརྡ་བཏང་། 2000ལོའི་ཡས་མས་སུ། རྨ་སྟོད་རྫོང་གིས་དཀའ་ངལ་ལ་མ་འཛེམ་པར་མདུན་དུ་བསྐྱོད་དེ་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ཁག་ཅིག་སྤེལ་བ་དང་། ཕྱུགས་བཀག་རྩྭ་གསོ་དང་ས་ནག་ཐང་བཅོས་སྐྱོང་། སྐྱེ་ཁམས་གནས་སྤོར་སོགས་ཀྱི་ལས་གཞི་ལག་བསྟར་བྱས་པ་དང་།  2005ལོ་ནས་བཟུང་རྒྱལ་ཁབ་རིམ་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱེད་འགོ་བརྩམས་པས། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་ཕྱིན་ཡོད།

ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་ས་ཁོངས་དབྱེ་བ་དང་ཁག་བགོ་བ།  གཙོ་གནད་འབུར་དུ་ཐོན་པ་བཅས་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོ་བྱེད་པར་སྐུལ་འདེད་བཏང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་གཙོ་བོར་བཟུང་སྟེ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། བཅོས་སྐྱོང་བཅས་ལ་ཤུགས་སྣོན་བྱས་པ་དང་། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་རང་བྱུང་སླར་གསོ་གཙོ་བོར་འཛིན་པ་དང་མིའི་ཐབས་ཀྱིས་སླར་གསོ་བྱེད་པ་རྒྱུན་འཁྱོངས་བྱས། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་། བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། ས་ཁོངས་ཧྲིལ་པོར་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པའི་རྣམ་པ་གསར་པ་བསྐྲུན།

2035ལོར་སླེབས་སྐབས། མཚོ་སྔོན་གྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཞི་རྩའི་ཆ་ནས་བསྐྲུན་ཐུབ། ཚང་མས་མཉམ་དུ་སྲུང་སྐྱོབ་ཆེན་པོ་དམ་འཛིན་དང་མཐུན་སྦྱོར་ངང་བཅོས་སྐྱོང་ཆེན་པོ་བྱེད་པའི་རྣམ་པ་སྔར་ལས་འཐུས་ཚང་དུ་འགྱུར་བ་དང་།    “ཀྲུང་ཧྭའི་ཆུ་མཛོད”བརྟན་བརླིང་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་མ་ལག་སྔར་ལས་ཇེ་བཟང་དུ་འགྲོ་བ།    སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་ངེས་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།