“རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་བཅངས་ནས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད།
2024.08.28 ཁུངས། ཀློག་གྲངས། 45

“མཚོ་སྔོན་གྱི་ས་གཞི་ཆེན་པོས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཕྲག་སྟེང་དུ་བླངས་ཡོད་པར་མ་ཟད། དུས་སྐབས་རེ་དང་བར་སྐབས་རེ་ཙམ་མ་ཡིན་པར། ལྗང་མདོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་ཆེན་པོ་བཟོས་ཏེ། རང་བྱུང་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་ལུགས་མཐུན་བཀོལ་སྤྱོད་ཀྱི་ཐད་རྣམ་པ་གསར་འབྱེད་བྱེད་དང་བྱེད་མུས་ཡིན།”ཚིག་དུམ་འདི་ནི་ཟླ8པའི་ཚེས8ཉིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་བསྟན་པའི་དངོས་བྲིས་གློག་བརྙན《ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད》ཅེས་པའི་ཟུར་གཏམ་ཞིག་ཡིན་པ་དང་། དངོས་བྲིས་འདིས་སྣ་སོ་སོ་ནས “ཀྲུང་ཧྭའི་ཆུ་མཛོད”དེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་རང་བྱུང་ཁྱད་མཚར་དང་མི་ཆོས་རིག་གནས་ཀྱི་སེམས་ཁམས་མངོན་པར་མཚོན་ཡོད་ལ། མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇགས་བརྟན་སྲུང་དང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་ལག་ལེན་གྲུབ་འབྲས་གཟུགས་ཅན་བཞིན་དུ་བསྟན་ཏེ། འཛམ་གླིང་སྐྱེ་བོ་ཀུན་ལ་དུས་ཚོད་ཀྱིས་བརྩེ་བས་སྐྱོང་བཞིན་པའི་དག་གཙང་གི་ཁམས་ཆེན་མོ་འདིའི་འདས་སོང་དང་ད་ལྟའི་རང་མདངས་གསར་པ་ཤེས་སུ་བཅུག་ཡོད།

2024ལོའི་ཟླ6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གནང་ནས། གལ་ཆེན་ནང་གི་འགངས་ཆེན་ནི་གཙང་གསུམ་འབྱུང་ཡུལ་གྱི“ཀྲུང་ཧྭའི་ཆུ་མཛོད”འདི་ལ་སྲུང་སྐྱོབ་གང་ལེགས་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དང་ཆུ་ཁུངས་གསོ་སྐྱོང་ནུས་པ་མངོན་སུམ་གྱིས་མཐོར་འདེགས་གཏོང་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་མཚོ་སྔོན་ལ་ལྗང་མདོག་གི་སྐྱ་རིས་བཟོས་ནས། མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་ཡོད།

མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་གནས་ཡིན་ལ། སྐྱེ་དངོས་སྣ་མང་རང་བཞིན་གྱི་མཚོན་བྱེད་རང་བཞིན་ཆེན་པོ་ལྡན་པའི་ས་ཁོངས་ཀྱི་གྲས་ཤིག་ཀྱང་ཡིན། མཚོ་སྔོན་འདི་ཉིད་ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་གལ་ཆེན་ཞིག་ཡིན་པའི་ངོས་ནས་བཤད་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི། མཚོ་སྔོན་གྱི་གཡོལ་ཐབས་མེད་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན།  མཚོ་སྔོན་གྱིས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས། རྨ་འབྲི་རྫ་གསུམ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཏེ། བློ་བརྟན་འགྱུར་མེད་སྒོས“ཀྲུང་ཧྭའི་ཆུ་མཛོད”གྱི་སྲུང་སྐྱོང་བྱེད་མཁན་རྣལ་མ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བསྐྲུན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་གཙང་ཞིང་རྩྭ་རྒྱས་པ་དང་། “ཀྲུང་ཧྭའི་ཆུ་མཛོད”ཀྱི་མགོ་ཁུངས་ཆུ་རྒྱུད་དྭངས་གཙང་ཡོང་བར་བྱེད་བཞིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ། ཆུ་ཐིགས་རེ་རེས་ཚེ་སྲོག་གི་ལྗིད་ཚད་མཐོ་རུ་བཏེགས་ཡོད་ཅིང་། ས་རྒྱུ་སྤར་མོ་གང་གིས་ཀྱང་རང་བྱུང་ཁམས་ཆེན་མོའི་གསང་པ་རུམ་ཡོད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ས་ཁུལ་གྱི་གོ་སྐབས་ལ་བརྟེན་ཏེ།  སྐྱེ་ཁམས་སྲུང་སྐྱོབ་ལམ་སྲོལ་གསར་གཏོད་དང་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་པའི་དབང་གིས། དེ་སྔ་རྩྭ་ས་ཞན་འགྱུར་དང་བརླན་ས་ཉམས་ཞན་དུ་འགྲོ་བའི་ས་ཆ་དེ་དག་ལ་སླར་ཡང་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་འགོ་བརྩམས།

ད་ལོའི་ཟླ8པར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ས་ཁུལ་དུ་གནས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རང་སྐྱོང་ཁུལ་འདི་ཉིད་བཙུགས་ནས་ལོ70འཁོར་བའི་དུས་སྐབས་གལ་ཆེན་བསུས་ཏེ། བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་མཁན་ཡག་པོ་བྱས་ནས།  “སྐྱེ་ཁམས་ལ་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི” འདུ་ཤེས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དག་གི་སེམས་གཏིང་དུ་སིམ་པར་བྱས་ཡོད།

གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ཏུ། མགོ་ལོག་ཁུལ་དར་ལག་རྫོང་རྒྱུད་སྨད་གྲོང་རྡལ་མཁར་རེ་སྡེ་བའི་རྩྭ་ཐང་དོ་དམ་སྲུང་སྐྱོབ་པ་ཚེ་རྡོས་དགའ་སྤྲོའི་ངང་རང་ཁྱིམ་གྱི་རྩྭ་ཐང་ལ་ལྟ་བཞིན་ཡོད་ཅིང་། དེ་སྔ་ཉམས་ཞན་དུ་སོང་བའི་རྩྭ་ཐང་དུ་དེང་སྐབས་ལིས་སྨི30ཡི་མཐོ་ཚད་དང་མཉམ་པའི་རྩྭ་སྐྱེས་ཡོད། “སྔོན་ཆད་ང་ཚོ་འབྲོག་པས་སྒོར་མོ་མང་ཆེ་བ་ནོར་ལུག་ལ་བརྟེན་ནས་བཙལ་གྱིན་ཡོད་ཅིང་། ལོ་རེར་ཆར་ཆུ་དུས་སུ་བབས་ནས་རྩྭ་མང་པོ་སྐྱེས་པར་རེ་ལྟོས་བྱེད་ཀྱིན་ཡོད་ནའང་། རྩྭ་སར་ཚད་བཀག་ཡོད་པ་དང་ཕྱུགས་འཚོ་བའི་ཁ་གྲངས་མང་དྲགས་པ་སོགས་ཀྱི་དབང་གིས། རྩྭ་ཐང་ཉམས་ཞན་དུ་སོང་བ་དང་ས་ནག་ཐང་ཆེར་ཆེར་ཕྱིན་ནས། ནོར་ལུག་འཚོ་སྐྱོང་བྱེད་དཀའ་བར་གྱུར་ཅེས་ཕྱིར་དྲན་གྱི་ཚུལ་དུ་བཤད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་རྗེས། གླིང་ཁུལ་ནང་གི་སྐྱེ་ཁམས་ཁོར་ཡུག་ལ་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོབ་དང་ཉམས་གསོ་ཐོབ་ཡོད། དར་ལག་རྫོང་གིས་ས་ནག་ཐང་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུ། རྩྭ་བསྲེས་འདེབས་དང་སྡེབ་སྦྱོར་ཡོད་པའི་སྒོ་ནས་ལུད་གཏོང་བ་སོགས་ཞིང་ལས་ལག་རྩལ་གྱི་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་སྒོས་བེད་སྤྱོད་བྱས་ཏེ། ཉམས་ཞན་དུ་སོང་བའི་རྩྭ་སའི་སྔོ་ཁེབས་ཀྱི་ཚད་སླར་གསོ་བྱས་པས། རྩྭ་སའི་སྐྱེ་ཁམས་ནུས་པ་མངོན་སུམ་གྱིས་ཇེ་ལེགས་སུ་ཕྱིན་པ་དང་ཐོན་སྐྱེད་ནུས་ཤུགས་མངོན་གསལ་སྒོས་ཆེ་རུ་ཕྱིན་པར་མ་ཟད། དེ་སྔ་ཕྱུགས་ལས་འཕེལ་རྒྱས་ལ་འཕྲད་མྱོང་བའི་དཀའ་ཁག་སྟེ། རྩྭ་ཕྱུགས་དོ་སྙོམས་མིན་པའི་གནད་དོན་ཡང་ཐག་གཅོད་ནུས་ལྡན་བྱས་ཡོད། དེ་མིན་ད་དུང་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འབྲོག་པ་མང་ཚོགས་རྩྭ་ཐང་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཁྲོད་བསྡུ་ལེན་བྱས་ནས། རྩྭ་ཐང་བེད་སྤྱོད་བྱེད་མཁན་ནས་སྲུང་སྐྱོབ་བྱེད་མཁན་དུ་གྱུར་ཡོད། དེང་སྐབས་ནོར་ལུག་བཙོང་བ་དང་སྐྱེ་ཁམས་བདག་སྐྱོང་པའི་གླ་ཕོགས་གཉིས་ཀྱི་ཡོང་འབབ་ཅུང་མང་པོ་རེག་ཐུབ་ཀྱིན་ཡོད། ཚེ་རྡོ་ཡིས “ང་ཚོའི་ས་ཆ་འདི་རུ་སྐྱེ་ཁམས་བཟང་བ་དང་འཚོ་བ་སྐྱིད་པ་ལས་ལྷག་པའི་དོན་ཆེན་ཞིག་གང་དུའང་མེད”ཟེར།

གཅིག་སྒྲིལ་རྫོང་ནི་འབྲི་ཆུ་དང་རྨ་ཆུའི་ཆུ་རྒྱུད་ཆེན་པོ་གཉིས་ཀྱི་གསོག་ཉར་ས་ཁུལ་དུ་གནས་པ་དང་། གནས་དེ་གར་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་སྟབས། “ཀྲུང་ཧྭའི་ཆུ་མཛོད”ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། གནས་འདིས་སྐྱེ་ཁམས་ཀྱི་གནས་བབ་ཆེན་པོ་བཟུང་ཡོད། གཅིག་སྒྲིལ་རྫོང་གིས་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་ཆེད། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཆུ་དཔོན་དང་དམངས་ཁྲོད་ཀྱི་སྟོབས་ཤུགས། དང་བླངས་ཞབས་ཞུ་པ་བཅས་ཀྱི་ཁར“མཉམ་འགོག་དང་མཉམ་འཛིན། མཉམ་བཅོས”བཅས་ཀྱི་མཉམ་འགུལ་མཉམ་གཉེར་ལམ་སྲོལ་དངོས་སུ་བཙུགས་ནས། རིམ་པ་གསུམ་པའི་ཆུ་བོ་དང་མཚེའུ་ཡི་དོ་དམ་མ་ལག་བཙུགས་པས། རྫོང་ཡོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།

རྩྭ་ལ་དོ་དམ་བྱེད་མཁན་དང་ཆུ་བོར་སྲུང་སྐྱོབ་བྱེད་མཁན་ཡོད། མགོ་ལོག་ཁུལ་ཁོངས་གཏོགས་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ44ཡི་ཁྲོད་དུ། ཡུལ་ཚོ་དང་གྲོང་རྡལ30རྨ་ཆུའི་འབབ་རྒྱུད་དུ་ཡོད་ཅིང་། ཡུལ་ཚོ་དང་གྲོང་རྡལ14འབྲི་ཆུའི་འབབ་རྒྱུད་དུ་གནས་ཡོད། 2005ལོ་ནས་བཟུང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པའི་བཟོ་སྐྲུན་ལེགས་གྲུབ་བྱུང་བའི་བར་དུ། ལས་གཞི་ལག་བསྟར་ས་ཁུལ་གྱི་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་ཆ་སྙོམས14%ཡིས་ཇེ་མཐོར་ཕྱིན་པ་དང་། སྔོ་ཁེབས་ཁྱབ་ཚད་ཀྱིས62%ལྷག་ཟིན་པ་དེའི་ནང་། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད20%ནས85%ཡན་བར་ཇེ་མང་དུ་ཕྱིན་ཡོད། ཁྱོན་བསྡོམས་རིམ་པ་སོ་སོའི་ཆུ་དཔོན་དང་མཚེའུ་དཔོན474དང་གཙང་པོ་དང་མཚེའུའི་དོ་དམ་སྲུང་སྐྱོབ་མི་སྣ5989བཀོད་སྒྲིག་བྱས་པའི་དབང་གིས། ཆུ་བོ་དང་མཚེའུ་ཡི་ཆུ་ཁོངས་ཁྱོན་ཡོངས་ནས་ཁེབས་པར་བྱས་ཡོད། རྨ་ཆུའི་ས་མཚམས་བརྒལ་སའི་ཆད་ངོས་ཀྱི་ཆུ་སྤུས་ཐོག་མཐའ་བར་གསུམ་དུ་རིགས་དང་པོ་རྒྱུན་འཁྱོངས་ཐུབ་པ་བྱུང་ནས། མི་འབུམ་གཅིག་དང་ཁྲི་ལྔ་སྟོང་བཞི་བརྒྱད་བརྒྱ་ལྷག་གིས་སྐྱེ་ཁམས་ཁ་གསབ་ལོངས་སུ་སྤྱོད་ཐུབ་པར་གྱུར་པ་དང་སྐྱེ་ཁམས་ལ་བརྟེན་ནས་ཟ་མ་ཟ་ཐུབ་པར་གྱུར།

དེང་སྐབས། “རྨ་འབྲི་རྫ་གསུམ་འབྱུང་ཡུལ”གྱི་སྐྱེ་ཁམས་རྨང་གཞི་སྔར་ལས་མཛེས་སྡུག་ལྡན་པར་གྱུར་བ་དང་། ཆུ་ཁུངས་གསོ་སྐྱོང་དང་ས་རྒྱུ་སྲུང་འཛིན་སོགས་སྐྱེ་ཁམས་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་ཆེ་རུ་ཕྱིན་ནས། ས་ཁོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དོ་སྙོམས་རྒྱུན་འཁྱོངས་ཐད་ནུས་པ་གལ་ཆེན་ཐོན་ཡོད། “དྭངས་གཙང་གི་ཆུ་མོ་ཤར་ཕྱོགས་སུ་ལྷུང་ལྷུང་དལ་གྱིས་བཞུར་ཐུབ་པར”འགན་ལེན་བྱས་པར་མ་ཟད། སྨད་རྒྱུད་མི་དམངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འགན་ལེན་བརྟན་པོ་འདོན་སྤྲོད་བྱས་ཡོད།

གཡི་དཀར་ཞིག་དང་ཝ་མོ་ཞིག་ལམ་འཕྲད་བྱུང་རྗེས། ཝ་མོ་ཡིས་སྐོར་བ་ཞིག་བརྒྱབ་ནས་འགྲན་སློང་བའི་ཚུལ་བསྟན་པ་ན། གཡི་དཀར་གྱིས་ལུས་པོ་གྱེན་ལ་འགྲེང་སྟེ་འཐབ་འགོ་བརྩམས་པ་དང་། སྡེར་མོ་སྤུ་གསེང་ནས་བཏོན་ཏེ་ཝ་མོའི་འཇབ་རྒོལ་ལ་ཡ་ལན་བྱིན་པ་ན། ཝ་མོ་ཡིས་གཡི་དཀར་གྱི་རྒོལ་བ་མ་ཐེག་པར་རྔ་མ་ཤ་ལེར་བྲོས་སོང་བ་རེད། འདི་ནི་ད་ལོའི་ལོ་འགོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་ལི་ཁྲི་ཡུལ་ཚོ་རུ་བྱུང་བའི་གནས་ཚུལ་ཞིག་ཡིན་ལ། གནས་ཚུལ་འདི་ནི་འབྲོག་པ་སྒྲོལ་མ་སྐྱབས་ཀྱིས་པར་ལེན་བྱས་ནས་ཚང་མར་བསྟན་པ་རེད།

ལོ་ངོ་བཅུ་ཡི་ཡར་སྔོན་དུ།  ཆུ་དམར་ལེབ་རྫོང་གི་འབྲོག་པ་སྒྲོལ་མ་སྐྱབས་ཀྱིས་སྐབས་དེའི་སྐྱེ་ཁམས་དངོས་བཤུས་གློག་བརྙན་པར་ལེན་བྱེད་མཁན། མཚོ་སྔོན་ཡོན་ཅིས་མན་པུའུ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིའི་གློག་བརྙན་བཟོ་མཁན་ཁྲིན་ཡུས་ངོ་ཤེས། སྒྲོལ་མ་སྐྱབས་ཀྱིས་ཕྱིར་དྲན་གྱི་ཚུལ་དུ་བཤད་རྒྱུར། “སྐབས་དེ་དུས་ཁོ་ཚོས་ང་ལམ་ཁྲིད་དུ་བཙལ་ནས། ཁོ་ཚོ་དང་འགྲོགས་ནས་ངའང་རྩྭ་རྩི་ཤིང་དང་མེ་ཏོག སྲོག་ཆགས་དེ་དག་པར་ལེན་པར་ཡ་མཚན་སྐྱེས་པའི་དབང་གིས། ཁོང་ཚོ་དང་མཉམ་དུ་རི་མགོ་ནས་ཟླ་བ་ཕྱེད་ཀ་ལྷག་ཙམ་བསྡད་པ་ཡིན”ཟེར། དེའི་རྗེས་སུ། འབྲོག་པ་སྒྲོལ་མ་སྐྱབས་ཀྱིས་པར་ལེན་ལག་རྩལ་སྦྱངས་ཏེ། ལོ40ལྷག་ལ་འཚོ་བ་སྐྱེལ་སའི་ཕ་ཡུལ་གྱི་རི་ཆུ་དང་སྐྱེ་དངོས་ལ་དོ་སྣང་ཆེན་པོ་བྱེད་འགོ་བརྩམས།

ཁྲིན་ཡུས་པར་ལེན་བཟོ་སྐྲུན་ཚོགས་པས་ལོ་མང་གསོ་སྐྱོང་བྱས་པ་བརྒྱུད། སྒྲོལ་མ་སྐྱབས་ཀྱིས་པར་ལེན་བྱས་པའི་རྒྱུ་ཆ་སྔར་ལས་གནད་ཁེལ་འཐུས་ཚང་དུ་ཕྱིན། བློ་རྩེ་གཅིག་སྒྲིམ་གྱིས་འདྲ་པར་ལས་མངོན་པའི་གཟུགས་བརྙན་ལ་ལྟ་ཞིབ་དང་བསྡུར་བ་བྱས་རྗེས། སྒྲོལ་མ་སྐྱབས་ཀྱིས་བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། པར་ལེན་བྱས་ཟིན་པའི་རི་སྐྱེས་རྩི་ཤིང་གི་རིགས200ལྷག་ཙམ་དང་། སྲོག་ཆགས་རིགས40ལྷག་ཙམ་ཡོད། སྒྲོལ་མ་སྐྱབས་ཀྱིས་མུ་མཐུད་འཚོལ་བསྡུ་བྱས་ནས། དཔྱད་གཞི་རུ་འགྱུར་རུང་བའི་རྒྱུ་ཆའི་མཛོད་ཅིག་བསྐྲུན་ཏེ། མི་རབས་རྗེས་མར་ཕ་ཡུལ་གྱི་སྐྱེ་ཁམས་ཟིན་ཐོ་ཞིག་འཇོག་རྩིས་འདུག

ཁྲིན་ཡུས་ཀྱིས་སྒྲོལ་མ་སྐྱབས་ངོ་ཤེས་རྗེས། ང་རང་ལ་ས་དེའི་འབྲོག་པ་མང་ཚོགས་པར་ལེན་པར་སྐྱེད་སྲིང་བྱས་ནས། དུས་དངོས་ཀྱི་སྐྱེ་ཁམས་བརྙན་རིས་འདོན་སྤྲོད་བྱེད་རྒྱུའི་བསམ་པ་སྐྱེས་ཟེར། མིག་སྔར། ཁོ་ཚོ་དང་མཉམ་ལས་བྱས་པའི་རང་ས་ཆའི་བརྙན་ལེན་པ་ཉིས་བརྒྱ་ལྷག་ཡོད་པ་དང་། དཔུང་སྡེ་ཡིས་ཁོ་ཚོར་བརྙན་ལེན་རྩལ་ནུས་ཁྲིད་པར་མ་ཟད། སྒྲིག་ཆས་སྐོར་ཞིག་འདོན་སྤྲོད་བྱས། རང་ས་ཆའི་པར་ལེན་པས་ས་གཤིས་ཀྱི་དགེ་མཚན་ལ་བརྟེན་ནས་རི་དྭགས་དང་རྩི་ཤིང་གི་བརྙན་པར་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་པ་དང་། བརྩམས་ཆོས་སྐོར་ཞིག་ད་དུང་རྒྱལ་ཁབ་ཕྱི་ནང་གི་བརྙན་པར་འགྲེམ་སྟོན་སྟེང་འགྲེམ་སྟོན་བྱས།

གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར། མཚོ་སྔོན་ཞིང་ཆེན་དུ་སྐམ་སའི་རི་དྭགས་སྣ665ཡོད་པ་དང་། རི་སྐྱེས་རྩི་ཤིང་བསྡོམས་པས་ཚན་ཁག109 དང་རིགས600། སྣ2867ཡོད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བཅའ་ཁྲིམས་ཁྲིམས་སྲོལ་ཕྱིར་བཏོན་པ་བརྒྱུད་དེ། ཆེད་དོན་འགུལ་སྐྱོད་སྤེལ་ནས་ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་བྱས་པ་དང་། རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་རི་དྭགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་ལ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། མཐོ་སྒང་གི་རི་དྭགས་རྩ་ཆེན་དེ་གསའི་ལྟ་ཞིབ་གྲངས་ཀ་ད་ལྟ་སྟོང་གཅིག་དང་ཉིས་བརྒྱ་ལས་བརྒལ། ཆེད་ཡོད་དངོས་རིགས་དགོ་བའི་གྲངས་ཀ་སྲུང་སྐྱོང་བྱེད་འགོ་རྩོམ་དུས་ཀྱི་སུམ་བརྒྱ་ཙམ་ནས་སྟོང་གསུམ་དང་བཞི་བརྒྱ་ལྷག་ལ་འཕར། ཁྲུང་ཁྲུང་སྐེ་ནག་གི་རིགས་ཚོགས་ཀྱི་གྲངས་ཀ་ལོ་བཅུའི་ནང་སྟོང་གཅིག་དང་བཞི་བརྒྱ་ལྷག་འཕར་ནས། ད་ལྟའི་སྟོང་གཉིས་དང་དྲུག་བརྒྱར་སླེབས། མཚོ་སྔོན་པོའི་གཉེར་ཉའི་གསོག་ཚད་ཏུན་འབུམ་གཅིག་དང་ཁྲི་གཉིས་ལ་སླེབས། མཚོ་སྔོན་གྱི་སྐྱེ་ཁམས་པར་ལེན་པའི་བརྩམས་ཆོས་ཀྱིས། སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་གནས་བབ་མཚོན་པའི་ཞོར་དུ། མང་ཚོགས་ཀྱི་འདུ་ཤེས་ཇེ་མཐོར་གཏོང་བ་དང་ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ལ་རྒྱབ་སྐྱོར་བྱེད་པ། ཁོར་ཡུག་འགྱུར་ལྡོག་གི་ཟིན་བྲིས་འདེབས་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་ཐུབ་ལ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་གྲུབ་འབྲས་ཀྱི་འགྲེལ་བཤད་གསལ་བོར་གྱུར་ཡོད།

ཆུ་ཁུངས་གསོག་བསྐྱིལ་མཐོར་འདེགས་བཏང་ནས། སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ལ། སྐྱེ་ཁམས་ཀྱི་རྨང་གཞི་ཡང་ཡིན། མཚོ་སྔོན་ཞིང་ཆེན་གྱིས་སྡོང་འཛུགས་ནགས་སྐྲུན་དང་རྨོ་བསྐྱུར་བརླན་གསོ། སྐྱེ་ཁམས་ཆུ་གསབ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆུ་ཁུངས་བསྐྱིལ་གསོག་ནུས་པ་ཕན་དང་ལྡན་པའི་སྒོ་ནས་མཐོར་འདེགས་བཏང་། བརླན་སའི་རྒྱ་ཁྱོན་ཇེ་ཆེར་སོང་བ་དང་། རྩྭ་སའི་ཁེབས་ཚད་ཇེ་མཐོར་སོང་ལ། ཁུལ་ཁོངས་ཀྱི་སྐྱེ་ཁམས་མཉེན་ཤུགས་ཇེ་ཆེར་སོང་བར་མ་ཟད། མཁའ་དབུགས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐད་རང་བྱུང་གི་ཐག་གཅོད་ཇུས་གཞི་འདོན་སྤྲོད་བྱས།

ཟླ་བརྒྱད་པའི་ནང་། པེ་ཅིང་ནས་མཚོ་སྔོན་དུ་གནས་སྐོར་ལ་ཡོང་བའི་ཙིག་ཅིན་ཁྱིམ་ཚང་གང་བོས། མཚོ་སྔོན་དུ་ཐོན་མ་ཐག མཚོ་སྔོན་གྱི་དག་ཅིང་གཙང་བའི་ཁོར་ཡུག་དང་གྲོང་ཁྱེར་ཡོངས་སུ་ཁེབས་པའི་རྩི་ཤིང་དང་མེ་ཏོག་གིས་ང་ཚོའི་ཡིད་སེམས་བཀུག་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་བཟང་ཟེར།

ཙིག་ཅིན་གྱིས་གསར་འགོད་པར་བཤད་རྒྱུར། ལོ་བཅུ་ལྷག་གི་སྔོན་དུ། ཁོ་མོའི་རྒན་རབས་པ་ཞིག་མཚོ་སྔོན་དུ་ཡོང་མྱོང་ལ། ཁོས་ས་འདིའི་ནམ་ཟླ་སྐམ་ཞིང་བྱེ་རླུང་ཧ་ཅང་ཆེ་ཟེར། ད་ལྟ་ཁོ་མོ་དངོས་སུ་ས་འདིར་ཐོན་ནས་བལྟས་ན། དེ་འདྲ་ཞིག་གཏན་ནས་མིན་པ་དང་། ལྷག་པར་དུ་ཁོ་མོས་རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་ནི་ཀྲུང་གོའི་བརླན་ཆའི་རྒྱ་ཁྱོན་ཆེས་ཆེ་བའི་ཞིང་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་རྒྱལ་ཁབ་རིམ་པའི་བརླན་སའི་སྤྱི་གླིང་ཁྲོད་ཚུད།

ཁོ་མོས་ས་འདི་རུ་ཆར་འབབ་ཚད་མང་བ་དང་། མཁའ་དབུགས་ཀྱི་བརླན་གཤེར་ཆེ་ལ། ང་ཚོ་ཟི་ལིང་གྲོང་ཁྱེར་གྱི་པེ་ཁྲོན་ཆུ་བོ་དང་ཉིན་ཧུའུ་བརླན་ས་སྤྱི་གླིང་དུ་ལྟ་སྐོར་ལ་སོང་བ་དང་། དེའི་རྩི་ཤིང་གི་རྫོང་སྟུག་པ་མ་ཟད། བྱ་ཡང་ཧ་ཅང་མང་ཟེར། ཁོ་མོས་ད་དུང་ཞིང་ཆེན་ཕྱི་ནས་ཡོང་བའི་བྱ་ལྟ་ཞིབ་བྱེད་པར་དགའ་བའི་མི་འགའ་ངོ་ཤེས་པ་དང་། ཁོ་ཚོས་མཚོ་སྔོན་དུ་མཐོ་སྒང་ས་ཁུལ་གྱི་བྱ་རིགས་ཡོད་ཚད་མཐོང་ཐུབ་པ་མ་ཟད། གྲངས་ཀ་ཡང་ཧ་ཅང་མང་བ་དང་། དེས་ས་འདིའི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་བཟང་བ་མཚོན་ལ། བརླན་ས་དང་སྲོག་ཆགས་ཐོན་ཁུངས་ཀྱིས་བྱ་རིགས་འཚོ་གནས་ཀྱི་དགོས་མཁོ་སྐོང་ཐུབ་ཟེར།

2024ལོར་ཕྱིར་བསྒྲགས་བྱས་པའི་ཡིག་ཆ་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་བདུན་དང་འབུམ་གཅིག་ཁྲི་གཉིས་ཡོད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ཆེས་ནན་མོའི་གྲོས་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ཀྱི་ཚོད་ལྟའི་བྱེད་ཐབས། མཚོ་སྔོན་ཞིང་ཆེན་གྱི་བཏུང་ཆུའི་ཐོན་ཁུངས་སྲུང་སྐྱོབ་སྲོལ་ཡིག ཆུའི་ཐོན་ཁུངས་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་གྲོས་གཞི་སོགས་ཁྲིམས་སྲོལ་ཕྱིར་བཏོན་པ་དང་། དེའི་དམིགས་འབེན་ནི་དོ་དམ་ལམ་ལུགས་ཆེས་ནན་མོ་བཀོལ་ནས། བཅའ་ཁྲིམས་ཀྱི་བྱེད་ཐབས་བརྒྱུད་དེ་ཆུའི་ཐོན་ཁུངས་དང་རྒྱུན་མཐུད་བཀོལ་སྤྱོད་བྱེད་པར་སྲུང་སྐྱོབ་དང་སླར་གསོ་བྱེད་རྒྱུ་དེ་ཡིན།

མཚོ་སྔོན་ཞིང་ཆེན་གྱི2023ལོའི་ས་ཆུ་སྲུང་འཛིན་སྲོལ་ཡིག་གི་བསྡོམས་རྩིས་ལྟར་ན། 2023ལོའི་ཞིང་ཆེན་ཡོངས་ཀྱི་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་ལྔ་སྟོང་བརྒྱད་དང་བརྒྱད་བརྒྱ་ཡིན་པ་དང་། དེ2022ལོ་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ་སྟོང་གཅིག་དང་སུམ་བརྒྱ་གོ་ལྔ་ལྷག་ཇེ་ཆུང་དུ་སོང་ལ། འཕྲི་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་བརྒྱད་བདུན་ལ་སླེབས་པ་དང་། ས་ཆུ་སྲུང་འཛིན་བྱེད་ཚད་བརྒྱ་ཆའི་དོན་བདུན་དང་གྲངས་ཆུང་གཉིས་ལ་སླེབས་ཤིང་། དེ2022དང་བསྡུར་ན་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཉིས་ཇེ་མང་དུ་སོང་། ཞིང་ཆེན་ཡོངས་ཀྱི་ས་ཆུ་ཤོར་བར་བཅོས་སྐྱོང་བྱེད་པའི་ཐད་ནས་སྤྱི་ཁོག་ནས་ཇེ་བཟང་དུ་འགྲོ་བའི་རྣམ་པ་སྔར་ལས་སྲ་བརྟན་དུ་གྱུར་བ་དང་། ས་ཆུ་ཤོར་བའི་རྒྱ་ཁྱོན་དང་བསླད་སྐྱོན་ཐེབས་ཚད་ཐད་ནས་རྒྱུན་མཐུད་ངང་ཇེ་དམའ་རུ་འགྲོ་བ་མངོན་འགྱུར་བྱས། དེ་རིང་གི་མཚོ་སྔོན་དུ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་སྲ་བརྟན་ཡིན་ཞིང་། ཆུ་དྭངས་རི་མཛེས་དང་ལྷུན་ཆགས་ཁྱད་འཕགས་ཀྱི་མཛེས་སྡུག་གི་རི་མོ་མངོན་ཡོང་། མཚར་སྡུག་ལྡན་པའི་ས་གཞི་འདིའི་སྟེང་། མཚོ་སྔོན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་སྟོབས་ཤུགས་ཡོད་རྒུས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྗང་མདོག་གི་ཤོག་དྲིལ་སྟེང་མཚར་སྡུག་གི་རི་མོ་བྲིས་པ་མ་ཟད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། ཀྲུང་ཧྭའི་ཆུ་མཛོད་ཀྱི་ཚད་མེད་སྐྱེ་སྟོབས་ནམ་ཡང་མི་ཉམས་པར་བྱས།

བན་དེ་སྐྱབས་དང་རིན་ཆེན་མཚོས་བསྒྱུར།