ཆུ་དཔོན་དང་མཚོ་དཔོན་ལམ་ལུགས”ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུ་ཡི་མཛེས་སྡུག་རི་མོ་བྲིས།
2024.12.02 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 10

 མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཧྲ་ཐང་ཁྲོན་གཙང་པོའི་བཞུར་རྒྱུད་དུ་གཙང་ཞིང་གྲལ་འགྲིག་པའི་ཆུ་ངོགས་དང་སྔོ་ཞིང་དྭངས་བའི་ཆུ་ངོས་སུ་ནམ་མཁའ་གཡའ་དག་ཅིང་། ཆུ་ངོགས་ཀྱི་མཛེས་ལྗོངས་དང་དྭངས་ཤིང་གཙང་བའི་ཆུ་རླབས་ཕན་ཚུན་འོད་མདངས་འཚེར་བའི་ཐོག་ནས་ངོགས་ཀྱི་གྲོང་ཚོ་དང་ཞིང་ཁ་གསོས་ཤིང་།  མི་དང་ཆུ་འཆམ་མཐུན་མཉམ་གནས་དང་ཆུ་དང་གྲོང་ཁྱེར་འཆམ་ཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མངོན། དེ་ནི་ཧྲ་ཐང་ཁྲོན་གཙང་པོའི་བཞུར་རྒྱུད་ཀྱི་བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུའི་ངོགས་ཀྱི་མཛེས་ལྗོངས་ཤིག་ཡིན་ལ་ཧུའུ་ཀྲའུ་ཧོར་རིགས་རང་སྐྱོང་རྫོང་གིས་གཙང་པོ་དང་མཚེའུའི་ངོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པའི་བསྡུས་རིས་ཤིག་ཀྱང་རེད།

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཝང་དབྱིན་ཀྲི་དང་ལས་རོགས་ཚོས་སྔར་བཞིན་ཉིན་རེར་རྫོང་ཁོངས་ཀྱི་གཙང་པོ་དང་མཚེའུ་གལ་ཆེན་དུ་སྐོར་ཞིབ་བྱེད་པར་འགྲོ་བཞིན་ཡོད།

ཧྲ་ཐང་ཁྲོན་གཙང་པོ་ནི་ཙོང་ཆུའི་ཆུ་ལག་ཆེ་བ་ཞིག་ཡིན་ལ། དེ་ནི་ཧུའུ་ཀྲུའུ་རྫོང་གི་ནན་མིན་ཞ་གྲོང་རྡལ་ནས་བཞུར་བ་དང་། ཆུ་གཞུང་གཙོ་བོའི་རིང་ཚད་ལ་སྟོང་སྨི73ཡོད་པ་དང་།  གཙང་པོའི་འབབ་རྒྱུན་དུ་སྲིད་འཛིན་གྲོང་ཚོ28ཡོད།

ཝང་དབྱིན་ཀྲི་ཡིས་བཤད་རྒྱུར།  ཆུ་དཔོན་དང་མཚོ་དཔོན་ལས་དོན་མ་ལག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་སྟེ། གཙང་པོ་དང་མཚེའུའི་སྐྱེ་ཁམས་སྲུང་སྐྱོབ་དང་དོ་དམ་གྱི་ཡུན་ཕན་ལམ་སྲོལ་ཞིག་ཆགས་པར་བྱས་ནས། གཙང་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། འཚོ་བའི་ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པ་དང་འཚོ་སྡོད་བྱེད་རྒྱུར་འཚམ་པར་བྱེད་ཆེད། ང་ཚོས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་པ་ཡིན།  ཆུའི་སྦགས་བཙོག་འགོག་བཅོས་དང་། ཆུའི་སྐྱེ་ཁམས་སླར་གསོ། ཆུ་ཁོངས་དང་འགྲམ་རྒྱུད་དོ་དམ་ཚོད་འཛིན་བཅས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཟེར།

ཆུ་ལམ་དུ་སྔོ་ཁེབས་ཉུང་ལ་ཁོར་ཡུག་བཙོག་ཅིང་རྙོག་འཛིང་ལྡན་པ་བཅས་ཡིན་པའི་ཧྲ་ཐང་ཁྲོན་གཙང་པོའི་དེ་སྔའི་རྣམ་པ་གླེང་སྐབས། ཧྲ་ཐང་ཁྲོན་གྲོང་རྡལ་ཞིན་ཡོན་གྲོང་ཚོ་རིམ་པའི་ཆུ་དཔོན་དང་མཚོ་དཔོན་ཀྲའོ་གོ་ཆང་གིས་བཤད་རྒྱུར། ཉིན་རེའི་ལས་འགན་ནི་གཙང་པོར་སྐོར་གཡེང་བྱེད་པ་ལས་གཞན།  ད་དུང་གཙང་པོའི་ངོགས་གཉིས་སུ་གད་སྙིགས་གཙང་ཕྱགས་བྱེད་དགོས།   བཅོས་སྒྲིག་བྱས་པ་བརྒྱུད། ཧྲ་ཐང་ཁྲོན་གཙང་པོའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པར་མ་ཟད། སྔོན་ཆད་མཐོང་མྱོང་མེད་པའི་བྱ་རིགས་སྟེ་ཆུ་བྱ་ནག་པོ་དང་ཁྲུང་ཁྲུང་སྐེ་ནག་སོགས་རྟག་ཏུ་དེ་གར་འཚོ་སྡོད་བྱེད་པར་ཡོང་བཞིན་ཡོད་ཟེར།

གཙང་པོ་འབབ་རྒྱུད་ཆུང་གྲས་ཀྱི་ས་ཆུ་སྲུང་འཛིན་ཕྱོགས་བསྡུས་བཅོས་སྐྱོང་དང་། ཉེན་ཡོད་ཆུ་མཛོད། ཆུ་རགས་གཙོ་བོའི་ཉེན་སེལ་བརྟན་གཏོང་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ལེགས་པོ་བྱས། ཧྲ་ཐང་ཁྲོན་གཙང་པོའི་སྦགས་བཙོག་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་སླར་གསོའི་ལས་གཞི་ལག་བསྟར་བྱས་ཏེ། བཙོག་ཆུའི་སྦུག་དྲ་སྤྱི་ལེ24བཏིང་བས། བཙོག་ཆུའི་སྦུག་དྲ་ཁྱབ་ཚད་དང་དེ་བཞིན་བཙོག་ཆུ་བསྡུ་རུབ་བྱེད་ཚད་ལོ་རེ་བཞིན་ཆེ་རུ་ཕྱིན་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད། འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ།  ཆུ་བོ་བཅོས་སྐྱོང་དང་། སྦགས་བཙོག་བཅོས་སྐྱོང་། ཆུ་ངོགས་བཅོས་སྐྱོང་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་།

ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་མོ་དོན་འཁྱོལ་བྱེད་པ། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་དོ་དམ་ལམ་ལུགས་ལ་ཤུགས་བསྣན་པས། ཧྲ་ཐང་ཁྲོན་གཙང་པོའི་ཆུ་ནུས་ཁུལ་གཙོ་བོའི་ཆུའི་སྤུས་ཚད་ཀྱི་ཚད་ལོན་ཚད100%ཟིན་ཡོད།  “འཛམ་གླིང་གི་ཁོར་ཡུག་ཉིན་མོ”དང་།“འཛམ་གླིང་གི་ཆུའི་ཉིན་མོ”།  “ཀྲུང་གོའི་ཆུའི་གཟའ་འཁོར”སོགས་ནུས་ཡོད་གོ་སྐབས་ལ་བརྟེན་ནས་གཙང་པོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་དྲིལ་བསྒྲགས་ལས་དོན་ཏན་ཏིག་གིས་སྤེལ་བས།  ཆུ་ལ་དགའ་ཞེན་དང་ཆུ་གྲོན་ཆུང་། ཆུ་ལ་དོ་དམ་དང་ཆུ་བཅོས་སྐྱོང་། ཆུ་སྲུང་སྐྱོང་དང་ཆུ་སྤྱོད་པ་བཅས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འདུ་ཤེས་མངོན་གསལ་སྒོས་ཆེ་རུ་ཕྱིན་ནས།  སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཁག་མཉམ་འགུལ། སྤྱི་ཚོགས་ལས་རིགས་ཁག་ཡོངས་ཁྱབ་ཏུ་ཞུགས་པ་བཅས་ཀྱི་ས་ཁོངས་ཡོངས་ཀྱི་དམངས་ཡོངས་ཀྱིས་ཆུ་བཅོས་སྐྱོང་བྱེད་པའི་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད།

ཆུའི་རིག་གནས་འཛུགས་སྐྲུན་གྱི་ཐབས་ལམ་འཚོལ་ཞིབ་ལེགས་པོ་དང་། ཡུལ་བབ་དང་བསྟུན་པ། དུས་བསྟུན་དོན་གཉེར་བཅས་བྱས་ཏེ། ཧྲ་ཐང་ཁྲོན་གཙང་པོའི་ཁོངས་ཀྱི་ཁྱད་ལྡན་ཐོན་ཁུངས་མཉམ་འདྲེས་དམ་ཟབ་བྱེད་པ་དང་། གཙང་པོ་དང་མཚེའུའི་ཉེ་འཁོར་གྲོང་གསེབ་ཀྱི་སྐྱེ་ཁམས་ཞིང་ལས་དང་། སྡོད་ཁང་། རིག་གནས་གསར་གཏོད། ཡུལ་སྐོར་ཐོན་ལས་སོགས་ལས་རིགས་མང་པོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས།   ནན་མིན་ཞ་ཆུ་མཛོད་ཀྱི་རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ཁུལ་དང་།  ནན་མིན་ཞའི་བརླན་སའི་སྤྱི་གླིང་གསར་སྤེལ་དང་བེད་སྤྱོད་ལེགས་པོ་བྱས། གཙང་འགྲམ་གྱི་ཞིང་ལས་ཆུ་འདྲེན་ཁུལ་གྱི་སྤྲོ་གསེང་ཡུལ་སྐོར་ལས་གཞི་དང་།  རྐང་འཁོར་ཞོན་ནས་སྐྱོད་པ། གྲོང་ཁྱེར་གྱི་འཚོ་བ་དང་མཉམ་འདྲེས་བཅས་བྱས་ནས་སྔར་ལས་སྐྱོན་བྲལ་དང་། ལྗང་མདོག ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ཞིང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསོན་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་འཆམ་མཐུན་དང་བདེ་སྐྱིད་ཀྱི་རིག་གནས་རྣམ་པ་བསྐྲུན་ཏེ།  འབབ་འཕར་ཕྱུག་འགྱུར་དང་སྐྱེ་ཁམས་སྲུང་སྐྱོབ་ལ་ཕན་འབྲས་ཐོན་པར་བྱས།

གཙང་པོ་དང་མཚེའུའི་གཙོ་གནད་གནད་དོན་ཐག་གཅོད་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་བཏང་ནས། མཉམ་དུ་གཙང་པོ་དང་མཚེའུའི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་ཆེད། ཧུའུ་ཀྲུའུ་རྫོང་གི་རྫོང་རིམ་པའི་འགོ་ཁྲིད23ཚང་མ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་འགན་འཁྲིའི་མ་ལག་ནང་བཅུག་ནས་རིམ་དབྱེ་དང་ས་ཁོངས་དབྱེ་ནས་རྫོང་རིམ་པའི་གཙང་པོ་དང་མཚེའུའི་འགན་འཁུར་བ་དང་། ཡུལ་ཚོ་དང་གྲོང་རྡལ་དང་དེ་བཞིན་གྲོང་ཚོ་རིམ་པའི་ཆུ་དཔོན་དང་མཚོ་དཔོན522གཏན་འཁེལ་གསལ་བོ་བྱས། འགན་འཁྲི་དོན་འཁྱོལ་བྱེད་སྐབས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས། ཆུ་དཔོན་དང་མཚོ་དཔོན་བཀོད་སྒྲིག་བྱེད་རྒྱུ་དེ་གཙང་པོ་དང་མཚེའུའི་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།  གཙང་པོ་དང་མཚེའུའི“རྙོག་ཟིང་བཞི་བཅོས་སྐྱོང”རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་བཏང་ཞིང་།   རིམ་པ་ཁག་གི་ཆུ་དཔོན་དང་མཚོ་དཔོན་གྱིས་རང་འགན་གཙང་སྒྲུབ་དང་སྒྲུབ་འགན་ཁུར་བས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས།  རྫོང་ཡོངས་ཀྱི་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་སྐྱེ་ཁམས་སླར་གསོ། ཆུ་ཁོངས་དང་མཚོ་ངོགས་ཀྱི་ཁྲིམས་འཛིན་ལྟ་སྐུལ་དོ་དམ་དང་ཚོད་འཛིན་བཅས་ལ་མུ་མཐུད་དུ་ཤུགས་སྣོན་བྱས་པ་རེད།

ཝང་དབྱིན་ཀྲི་ཡིས་བཤད་རྒྱུར།  ང་ཚོས་ཧྲ་ཐང་ཁྲོན་གཙང་པོར་ཆུ་དཔོན་དང་མཚོ་དཔོན32དོན་འཁྱོལ་བྱས་པའི་ནང་རྫོང་རིམ་པའི་ཆུ་དཔོན་དང་མཚོ་དཔོན1དང་།  ཡུལ་ཚོ་རིམ་པའི་ཆུ་དཔོན་དང་མཚོ་དཔོན2། དེ་མིན་འགན་འཁུར་པའི་ཆུ་དཔོན་དང་མཚོ་དཔོན1དང་། སྐོར་ཞིབ་གཙང་སྦྲ་བྱེད་མཁན27བཅས་ཡོད། རིམ་རྩིས་བྱས་ན་སྐོར་ཞིབ་མི་ཐེངས་ཁྲི་གཅིག་སྟོང་ལྔ་བྱས་ཏེ།  དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་མཉམ་དུ་སྲུང་སྐྱོང་བྱས་པ་ཡིན་ཟེར།

ཆུ་དཔོན་གཞུང་སྒྲུབ་ཁང་གིས་དཔལ་འབྱོར་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ལེགས་པོ་ཞུས་པས། སྔོན་ཆད་ལྟ་བས་མི་བཟོད་པའི་ཆུ་ལམ་དེར་གསོན་ཤུགས་འཕེལ་བ་མ་ཟད། གྲོང་མི་ཚོར་ཡུལ་སྐོར་དང་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་སྐྱེལ་ཐུབ་པ་བྱུང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཡོད།

ཧུའུ་ཀྲུའུ་རྫོང་ཆུ་བེད་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡན་ཅི་ཏུང་གིས་བཤད་རྒྱུར།

ཧུའུ་ཀྲུའུ་རྫོང་གིས་ས་ཁོངས་ཡོངས་ཀྱི་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུ་བསྐྲུན་ནས། མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་གཏོང་བ་གཙོ་བོར་བྱེད་པའི་སྐྱེ་ཁམས་མིན་པའི་ཕྱོགས་བསྡུས་བཅོས་སྐྱོང་འཚོལ་ཞིབ་ཧུར་ཐག་བྱས་ཏེ།  རང་བྱུང་ སྐྱེ་ཁམས་ནུས་པ་ཆེ་རུ་གཏོང་བ་དང་། ཆུ་རྩ་བར་བྱེད་པ།   སྔོ་ལྗང་མཉམ་འདྲེས་པ་དང་ཆུ་དང་གྲོང་ཚོ་མཉམ་འདྲེས་བཅས་ཀྱི་རང་བྱུང་ཆུའི་སྐྱེ་ཁམས་ཀྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་ཡོད། ད་ལྟ་ཆུ་དྭངས་ཤིང་གཙང་བ་དང་ཡུལ་ལྗོངས་མཛེས་པ། མི་སེམས་མཐུན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རི་མོ་ཞིག་རིམ་བཞིན་སྐྲུན་བཞིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།