ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། འཛམ་གླིང་ཚན་རྩལ་གསར་གཏོད་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་ལ་དམིགས་པ། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དབྱེ་ཞིབ་ལ་གཞིགས་པའི་ཚན་རིག་དང་མཐུན་པའི་ཇུས་འགོད་ཅིག་ཡིན་པ་མ་ཟད། སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་སྤུས་ཚད་ལ་བརྟེན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད། མིག་སྔར། རང་རྒྱལ་ཕྱོགས་ཡོངས་ནས་ལྗང་མདོག་གི་ཚུལ་སྒྱུར་དུས་རིམ་དུ་སླེབས་ཡོད་པ་དང་། ཧུར་ཐག་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་བྱེད་བཞིན་ཡོད་པས། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བའི་ནང་གནས་ཀྱི་བླང་བྱ་དང་མཐུན་ཡོད། ལྗང་མདོག་ཚན་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ནུས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ནུས་ཚད་ཚུལ་སྒྱུར་ཆེས་ཆེ་བར་མངོན་འགྱུར་བྱ་རྒྱུ་ནི་སྤྱི་ཚོགས་སྟེང་གི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད།
ལྗང་མདོག་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་འདོན་སྤྲོད་བྱ་དགོས། ལྗང་མདོག་གི་ཐོན་སྐྱེད་ནུས་ཤུགས་ནི་ཐོན་སྐྱེད་ནུས་ཤུགས་གསར་མའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པ་དང་། ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པའི་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་གསར་མའི་སྒུལ་ཤུགས་ཤིག་ཡིན། ཚན་རིག་ལག་རྩལ་གསར་སྐྲུན་ལ་བརྟེན་ནས་ལྗང་མདོག་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་ལ་འདེགས་སྐྱོར་བྱེད་དགོས། ལྗང་མདོག་ཚན་རྩལ་གསར་གཏོད་ཀྱིས་ཟད་གྲོན་ཇེ་ཆུང་དུ་གཏོང་བ་དང་། སྦགས་བཙོག་ཇེ་ཉུང་དུ་གཏོང་བ། སྐྱེ་ཁམས་ལེགས་བཅོས་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས། ལྗང་མདོག་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་དེས་སྐྱེ་ཁམས་བཅོས་སྐྱོང་གི་ལས་ཆོད་ཆེ་རུ་གཏོང་བར་ཕན་ཐོགས་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་རོགས་སྐྱོར་བྱེད་པར་ལག་རྩལ་གྱི་འདེགས་སྐྱོར་ལེགས་པོ་འདོན་སྤྲོད་བྱེད་པར་ཕན་ཐོགས་ཡོད་པ་མ་ཟད། བཟོ་ལས་ཐོན་སྐྱེད་བརྒྱུད་རིམ་ཁྲོད་དུ་བྱུང་བའི་ནུས་ཁུངས་ཟད་གྲོན་ཉུང་འཕྲི་ནུས་ལྡན་དང་། ཁོར་ཡུག་བདེ་ཐང་གི་ཉེན་ཁ་ཇེ་ཆུང་དུ་ཕྱིན་ནས། ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་སྟེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་ཐུབ། ཞིབ་ཕྲའི་ཐོག་ནས་བརྗོད་ན། འགག་སྒྲོལ་དཀའ་སེལ་ཧུར་ཐག་བྱས་ནས་ལྗང་མདོག་ཚན་རྩལ་གསར་གཏོད་ཚད་བརྒལ་ཡོང་བ་བྱེད་དགོས། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་ཐོན་ཁུངས་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་འབེན་ལ་གཞི་ཚུགས་པ། སྐྱེ་ཁམས་ལེགས་གཏོང་གི་དགོས་མཁོ་དང་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་དམིགས་པ། ལྗང་མདོག་ཚན་རྩལ་གསར་གཏོད་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལྗང་མདོག་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་ཚན་རྩལ་གྱི་གསར་གཏོད་བསམ་བློ་དང་། དོན་དངོས་ཀྱི་ཕན་སྤྱོད། མ་ལག་གི་གྲུབ་ཆ་སོགས་ཀྱི་ཟུར་ཚད་ཐོག་ནས་ལྗང་མདོག་ཐཱན་ཉུང་གི་རྒྱུ་ཆ་གསར་པ་དང་། སྒྲིག་ཆས་གསར་པ། ལག་རྩལ་གསར་པ་བཅས་རྒྱུན་མཐུད་ཐོད་བརྒལ་བྱས་ཏེ། འགག་རྩའི་ལྟེ་བའི་ལག་རྩལ་ཚད་བརྒལ་ཡོང་བར་བྱེད་དགོས་པ་མ་ཟད་ལྗང་མདོག་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་གསར་མའི་སྐྱེད་སྲིང་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་དགོས།
ལྗང་མདོག་ཚན་རྩལ་གསར་གཏོད་དང་བཀོལ་སྤྱོད་ཇེ་མགྱོགས་སུ་བཏང་ནས། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་སྒུལ་ནུས་འདོན་སྤྲོད་བྱེད་དགོས། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན། ལྗང་མདོག་ཚན་རྩལ་གསར་གཏོད་དང་བཀོལ་སྤྱོད་ཇེ་མགྱོགས་སུ་བཏང་ན། ཚན་རྩལ་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས་ནང་གནས་ཀྱི་ངོ་བོ་འབྲེལ་བའི་གཏན་ཚིགས་ཀྱི་སྡེབ་སྒྲིག་མངོན་འགྱུར་བྱེད་ཐུབ་པ་མ་ཟད། གསར་གཏོད་འཕེལ་རྒྱས་དང་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་བར་གྱི་ནང་གནས་ཀྱི་གཅིག་གྱུར་རང་བཞིན་ལ་སྐུལ་འདེད་ཀྱང་གཏོང་ཐུབ་ལ། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། ཞིབ་ཕྲའི་སྒོ་ནས་བརྗོད་ན། གཅིག་ནི་ལྗང་མདོག་ལག་རྩལ་གསར་གཏོད་དང་བེད་སྤྱོད་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། ལྗང་མདོག་ཚན་རྩལ་གྲུབ་འབྲས་ཀྱི་ཐོན་ལས་འཕེལ་རྒྱས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། བཟོ་སྐྲུན་ལས་རིགས་ལྗང་མདོག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཞབས་ཞུའི་ལས་རིགས་སྟོབས་ཆེར་གཏོང་བ། ནུས་ཁུངས་ཟད་གྲོན་ཆེ་བའི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། ཚོང་ལས་རྣམ་པ་གསར་པ་བཅས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བཅས་བྱས་ཏེ། ལྗང་མདོག་ཐཱན་ཉུང་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་ཆགས་པར་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མའི་སྐྱེ་ཁམས་ཕན་ནུས་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་ཐུབ་པ་བྱས་ཏེ། ལྗང་མདོག་ཚན་རྩལ་གསར་གཏོད་ཀྱི་ཕན་འབྲས་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཞིག་འདོན་སྤྲོད་བྱེད་དགོས། གཉིས་ནི་སྐྱེ་ཁམས་ཁོར་ཡུག་སྦགས་བཙོག་ཇེ་ཆུང་དུ་གཏོང་ཆེད། ལྗང་མདོག་ཚན་རྩལ་བཀོལ་སྤྱོད་ཀྱི་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ལྗང་མདོག་ཚན་རྩལ་གྲུབ་འབྲས་ལག་བསྟར་བརྒྱུད་རིམ་གྱི་ལྟ་སྐུལ་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ལྟ་སྐུལ་ཚོད་འཛིན་གྱི་གཞི་གྲངས་མཐོང་ཐུབ་ལ་མཉམ་སྤྱོད་ཐུབ་པ་བྱས་ཏེ། ལྗང་མདོག་ཚན་རྩལ་གྱི་ནུས་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་གཞི་གྲངས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས་པ་མ་ཟད་གཞི་འཛིན་སར་བྱས་ནས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། ཁོར་ཡུག་གི་ཉེན་ཁའི་སྔོན་བརྡའི་ནུས་པ་ཆེ་རུ་གཏོང་བ། ཁོར་ཡུག་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ལ། ཚན་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས། ཐོན་སྐྱེད་སྒྲིག་ཆས་དང་ཐོན་སྐྱེད་བརྒྱུད་རིམ། ཐོན་སྐྱེད་དོ་དམ་གྱི་ལྗང་མདོག་ཅན་དང་རིག་ནུས་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། ཐོན་སྐྱེད་བརྒྱུད་རིམ་ཁྲོད་ཀྱི་སྦགས་བཙོག་དངོས་པོ་ཕྱིར་གཏོང་ཚད་དང་ནུས་ཁུངས་ཟད་གྲོན་བྱེད་ཚད་ཇེ་དམའ་རུ་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་ཚད་དང་བེད་སྤྱོད་ཚད་ཇེ་མཐོར་གཏོང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། ལྗང་མདོག་ཐོན་སྐྱེད་མངོན་འགྱུར་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ་ནི་ལྗང་མདོག་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་བརྟེན་ནས་ཁོར་ཡུག་བཅོས་སྐྱོང་ནུས་པ་དང་ཕན་ནུས་ཆེ་རུ་གཏོང་དགོས། ཧུར་ཐག་གིས་ལྗང་མདོག་རེས་འཁོར་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། བེད་མེད་དངོས་པོའི་རེས་འཁོར་བེད་སྤྱོད་མ་ལག་འཛུགས་པ། ཚན་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་སྦགས་བཙོག་དངོས་པོ་འབུད་གཏོང་བྱེད་ཚད་ཁྲིམས་བཀོད་ཀྱི་ཚད་གཞི་དང་མཐུན་པར་འགན་སྲུང་བཅས་བྱ་དགོས།
ལྗང་མདོག་ཚན་རྩལ་གསར་སྐྲུན་གྱི་འཇོན་མི་སྐྱེད་སྲིང་ལ་ཤུགས་བསྣན་ནས། ཐོན་སྐྱེད་ནུས་ཤུགས་གསར་མའི་རིག་ནུས་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། འཇོན་མི་ནི་ཐོན་ཁུངས་ཨང་དང་པོ་ཡིན་པས། ལྗང་མདོག་ཚན་རྩལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་འཇོན་མི་གསོ་སྐྱོང་བྱེད་པ་དེ་གོ་གནས་གལ་ཆེན་དུ་འཇོག་དགོས། གཅིག ལྗང་མདོག་ཚན་རྩལ་གསར་གཏོད་ཀྱི་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐྱེད་སྲིང་བྱེད་པའི་བརྒྱུད་རིམ་ཁྲོད་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། ལྗང་མདོག་ཚན་རྩལ་གསར་གཏོད་ཀྱིས་སྤུས་ལེགས་ཐོན་སྐྱེད་ནུས་ཤུགས་ལ་སྐུལ་འདེད་གཏོང་བའི་ནུས་པ་གསལ་བོ་བྱས་ནས། ལྗང་མདོག་ཚན་རྩལ་གསར་གཏོད་ཀྱི་ཧུར་བརྩོན་རང་བཞིན་འཕེལ་བ་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རིག་ནུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། གཉིས་ནི་ལྗང་མདོག་ཚན་རྩལ་གསར་གཏོད་འཇོན་མའི་སྐུལ་མའི་རྐྱེན་སྲོལ་དང་གདེང་འཇོག་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྐུལ་མའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཁོང་ཡངས་ཀྱི་རྣམ་འགྱུར་ཐོག་ནས་ཚན་རྩལ་གསར་གཏོད་ཀྱི་ཕམ་ཉེས་ལ་ལྟ་སྟངས་འཛིན་པ་དང་། འཇོན་མའི་ཚན་རྩལ་གསར་གཏོད་ཀྱི་ཡིད་ཆེས་འཕེལ་བར་བྱེད་དགོས་པ་མ་ཟད་ལྗང་མདོག་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་། བཀོལ་སྤྱོད་ཕན་འབྲས། གསར་གཏོད་ནུས་པ་སོགས་ཕྱོགས་མང་པོའི་ནང་དོན་འཇོན་མིའི་གདེང་འཇོག་མ་ལག་ནང་འཇུག་པ་དང་། གྲུབ་འབྲས་རང་བཞིན་གྱི་གདེང་འཇོག་དང་བརྒྱུད་རིམ་རང་བཞིན་གྱི་གདེང་འཇོག་ཕན་ཚུན་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། གདེང་འཇོག་གྲུབ་འབྲས་ཀྱི་ཚན་རིག་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། ལྗང་མདོག་ཚན་རྩལ་གསར་གཏོད་གྲུབ་འབྲས་ཚུལ་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་ནི་ལྗང་མདོག་གསར་གཏོད་འཇོན་མི་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ལྗང་མདོག་ཚན་རྩལ་གསར་གཏོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ཚན་རྩལ་གསར་གཏོད་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་ཚན་རྩལ་གསར་གཏོད་ཀྱིས་འཇོན་མིར་གསར་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དེ། ལྗང་མདོག་ཚན་རྩལ་གསར་བརྗེས་རིམ་སྤོར་ལ་རམ་འདེགས་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མའི་སྐུལ་འདེད་ཀྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། བཞི་ནི་གཙོ་གནད་མང་པོར་མཐུན་སྦྱོར་བྱས་ཏེ་འཇོན་མི་གསོ་སྐྱོང་གི་ནུས་པ་འདོན་སྤེལ་བྱེད་དགོས། ཁེ་ལས་དང་སློབ་གྲྭ་ཆེན་མོ། ཚན་རིག་ཞིབ་འཇུག་གླིང་བཅས་འཇོན་མི་མཉམ་འབྲེལ་གྱི་གསོ་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། འཇོན་མིའི་བརྗེ་རེས་འབྲེལ་ལམ་རྒྱ་ཆེར་གཏོང་བ་དང་། ལྗང་མདོག་ཚན་རྩལ་གསར་སྐྲུན་གྱི་འཇོན་མི་སྐྱེད་སྲིང་བྱེད་པ་དང་ལས་རིགས་ཀྱི་དགོས་མཁོ་གནད་ལ་འཁེལ་བའི་སྟེགས་བུར་སྦྲེལ་མཐུད་བྱས་ཏེ། ལྗང་མདོག་ཚན་རྩལ་གསར་གཏོད་ཀྱི་འཇོན་མིའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་ཆེད་རིག་ནུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས།
ཤ་བོ་རིན་མཚོས་བསྒྱུར།