པདྨ་རྫོང་གིས་ཁྲིམས་སྐྱོང་རྨང་གཞི་ཇེ་བརྟན་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་ལ་ནུས་པ་བསྩལ།
2025.03.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཁྲིམས་སྐྱོང་འཛུགས་སྐྲུན་དེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་བ་དང་། ཁྲིམས་སྐྱོང་གི་བསམ་བློ་བརྟན་པོར་བཙུགས་པ། ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་བཏང་བ་བཅས་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་ཁྲིམས་སྐྱོང་རྨང་གཞི་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་། མཐོ་རིམ་སྐུལ་སྤེལ་ལ་དམིགས་ཏེ་ཁྲིམས་སྐྱོང་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་བརྟན་པོར་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་གི་འཆར་གཞི་གཏན་འབེབས་བྱས་ཤིང་། འབྲེལ་ཡོད་ནང་དོན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་གཙོ་གནད་དཔྱད་གཞི་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ནང་དོན་གཙོ་བོར་བཞག་ནས། མགོ་ཁྲིད་ལས་བྱེད་པའི་ཁྲིམས་སྦྱོང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་འགན་འཁྲི་ཇེ་དམ་དུ་བཏང་ཞིང་། ཏང་སྲིད་ཀྱི་འགན་འཁུར་པ་གཙོ་བོའི་ཆེད་དོན་བཅའ་ཁྲིམས་ལས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་བཅད་མེད་པར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་སོགས་གལ་ཆེའི་ཚོགས་འདུའི་ཐོག་འགན་འཁུར་མི་སྣ་རྩ་འཛུགས་བྱས་ཏེ་ཆེད་དོན་གསལ་བརྗོད་དང་གྲོས་དཔྱད་བྱས། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་དམངས་འདོད“ཐད་གཏོང་རླངས་འཁོར”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།《མཚོ་སྔོན་ཞིང་ཆེན་གྱི་འཕང་འབྲས་ཐོན་ལས་སྐུལ་འདེད་སྲོལ་ཡིག》སོགས་ཁྲིམས་སྲོལ་འཆར་ཟིན་ལ་བསམ་འཆར་བསྡུ་ལེན་བྱས་ནས། ཁྲིམས་ལྟར་ཇུས་གཅོད་གོ་རིམ་ཚད་ལྡན་དུ་བཏང་བ་དང་། སྲིད་འཛིན་ཇུས་ཆོད་དོན་དག་གལ་ཆེན་གྱི་དཀར་ཆག་བཟོ་འགོད་དང་ཁྱབ་བསྒྲགས་བྱས་ཤིང་། སྲིད་འཛིན་ཇུས་ཆོད་དོན་དག་གལ་ཆེན་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་བཤེར་བྱས། སྲིད་འཛིན་ཁྲིམས་བསྟར་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྲིད་འཛིན་ཁྲིམས་བསྟར་མི་སྣ་རྩ་འཛུགས་བྱས་ཏེ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དྲ་ཐོག་ནས་སློབ་སྦྱོང་བྱས་ཤིང་། ཁྲིམས་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་པ་གདན་ཞུ་བྱས་ནས་ཆེད་དོན་སློབ་ཁྲིད་དང་། སྲིད་འཛིན་ཁྲིམས་རའི་འདྲི་གཅོད་ཟུར་ཉན་སོགས་ཀྱི་བྱ་འགུལ་སྤེལ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཚད་ལྡན་དུ་བཏང་ཞིང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་ཁྲིམས་སྐྱོང་ལྟ་སྐུལ། སྲིད་འཛིན་ཞིབ་དཔྱོད། སྲིད་འཛིན་ལྟ་སྐུལ། ཁྲིམས་འཛིན་ལྟ་སྐུལ། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་བཅས་ཀྱི་བྱ་བའི་ལམ་སྲོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་། ཁྲིམས་སྐྱོང་ཞབས་ཞུར་དམིགས་ཏེ་ཁྲིམས་སྐྱོང་གི་སྲུང་ནུས་འཕེལ་བར་བྱས། “ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། སེ་ལེ་ཐང་གྲོང་རྡལ་མི་དམངས་སྲིད་གཞུང་ནི“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དུས་དཀྱིལ་གྱི་གཟེངས་སུ་ཐོན་པའི་ལས་ཁུངས་སུ་བདམས་པ་དང་། པདྨ་རྫོང་ཁྲིམས་འཛིན་ཅུའུ་ཞིང་ཆེན་ཡོངས་ཀྱི“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དུས་དཀྱིལ་གྱི་གཟེངས་སུ་ཐོན་པའི་ལས་ཁུངས་སུ་བདམས། རྒྱུན་རྣམ་ཅན་གྱིས་གནད་ཁེལ་ཁྲིམས་ལུགས་ཁྱབ་གདལ་བཏང་ཞིང་། "བཅའ་ཁྲིམས་དགུ་སྤེལ"གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མཁོ་འདོན་ཇེ་ལེགས་སུ་བཏང་བ་དང་། རོགས་སྐྱོར་གང་ཐུབ་ཅི་ཐུབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གོའི་བཅའ་ཁྲིམས་རོགས་སྐྱོར་དང་བླངས་པའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་། འགན་འཁྲི་ལ་དམིགས་ཏེ་བདེ་འཇགས་འཛུགས་སྐྲུན་གྱི་འགོག་སྲུང་ཇེ་བརྟན་དུ་བཏང་བ། དུས་རབས་གསར་པའི"ཧྥིན་ཆའོ་ཉམས་མྱོང"ལག་ལེན་ཧུར་ཐག་བྱས་ཏེ། སྤྱི་ཚོགས་བརྟན་བརླིང་གི"འགོག་སྲུང་དང་པོ"བརྟན་པོར་བཙུགས་པ་དང་། མི་དམངས་འདུམ་འགྲིག་རྩ་འཛུགས་བྱས་ནས"འཕྲེད་ཀྱི་མཐའ་ཟིན་པ། གཞུང་གི་མཐིལ་ཐུག་པ། གཅིག་ཀྱང་མི་ལུས་པ"བཅས་ཀྱི་གྲལ་བཤེར་དྲ་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཤིང་། ཡོངས་ཁྱབ་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། གནད་དོན་འབུར་ཐོན་ཅན་གཙོ་གནད་དུ་བཟུང་ནས་རྩད་ཞིབ། ཚོར་སྐྱེན་དུས་སྐབས་སུ་དུས་ཐོག་ཏུ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཙོ་གནད་ས་ཁུལ་དང་གཙོ་གནད་ཁྱབ་ཁོངས། གཙོ་གནད་མི་ཚོགས། དུས་མཚམས་གལ་ཆེན་བཅས་ལ་དམིགས་ནས་འགལ་བ་དང་གྱོད་གཞི་རྩད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཞིང་། གནས་ཚུལ་ཤེས་རྟོགས་དང་ཁྱོན་ཡོངས་ལ་ཁེབས་པ། ཆད་ལྷག་མེད་པ་བཅས་བྱས། "ཨུ་ཡོན་ལྷན་ཁང་གཉིས་དང་ཁྲིམས་ར་གཅིག་ལྟ་སྐུལ་གཅིག"གི་བྱ་བའི་ལམ་སྲོལ་འཚོལ་ཞིབ་དང་གསར་འཛུགས་བྱས་ཏེ། འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་བཏང་ནས་བྱ་བའི་ལམ་སྲོལ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་སྐུལ་སྤེལ་བཏང་བ་དང་། སྡེ་ཁག་སོ་སོའི་ཐོན་ཁུངས་སྟོབས་ཤུགས་སྔར་ལས་ལེགས་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱས་ཤིང་། འགལ་བ་དང་གྱོད་གཞི་དུས་ཐོག་ཏུ་ལས་ཆོད་ཆེ་བའི་སྒོ་ནས་གཞི་རིམ་དང་འབྱུང་རྩ། ཞུ་གཏུག་མ་བྱས་གོང་ཁྲིམས་ལྟར་འདུམ་འགྲིག་བྱས་ནས་རྫོང་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་ནུས་ལྡན་བྱས། "མི་སྣ་རིགས་གཉིས"ཀྱི་དོ་དམ་ཞབས་ཞུའི་ལས་དོན་ཞིབ་ཚགས་དང་ལེགས་པར་བསྒྲུབ་པ་དང་། གཙོ་གནད་མི་ཚོགས་ཀྱི་ཆེད་དོན་ཚན་ཆུང་གི་ཚོགས་འདུ་དང་། གཙོ་གནད་མི་སྣའི་དབྱེ་ཞིབ་བརྡར་གཅོད་ཚོགས་འདུ་རྩ་འཛུགས་བྱས་ནས་འཚོགས་པ་དང་། དུས་བཅད་ལྟར་བཅར་འདྲི་དང་བསམ་ཚུལ་བརྗེ་རེས། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་བྱ་འགུལ་སྤེལ་ནས་སྡེ་ཁུལ་གྱི་སློབ་གསོའི་རྟེན་གཞི་གསུམ་དང་། སྤྱི་ཕན་ངལ་རྩོལ་རྟེན་གཞི་དྲུག  ལས་ཞུགས་རྟེན་གཞི་གསུམ་བཅས་བསྐྲུན་ཏེ། སྡེ་ཁུལ་དོ་དམ་ཅུའུ་ཡི་སྒོ་བྱང་འགེལ་བའི་ལས་དོན་ལེགས་འགྲུབ་བྱུང་ཞིང་། སྡེ་ཁུལ་གྱི་ལོ་གཉིས་ཀྱི་སྤུས་ཚད་མཐོར་འདེགས་འགུལ་སྐྱོད་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་།

ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།