ལོ་ངོ་བཅུའི་རིང་ལ། གཙང་གསུམ་འབྱུང་ཡུལ་གྱི་ཆུའི་ཐོན་ཁུངས་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱད་ཅུ་ཇེ་མང་དུ་སོང་པས། དེ་མཚེའུ་ལྔ་བརྒྱ་དང་དྲུག་ཅུ་ཇེ་མང་དུ་སོང་པ་དང་གཅིག་མཚུངས་རེད། ལོ་ངོ་བཅུའི་རིང་ལ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྩྭ་སའི་ཆ་སྙོམས་ཁེབས་ཚད་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་དྲུག་ཡིན་པ་དང་། རྩྭ་ཐང་ཡོངས་ཁྱབ་ཏུ་ཉམས་ཞན་དུ་འགྱུར་བ་ཚོད་འཛིན་བྱས་ཡོད། ལོ་ངོ་བཅུའི་རིང་ལ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཡང་ཇེ་ལེགས་སུ་སོང་། ལོ་ངོ་བཅུའི་རིང་ལ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རི་དྭགས་གཙོད་དེ་སྔོན་ཆད་ཀྱི་ཁྲི་གཉིས་ནས་ད་ལྟ་ཁྲི་བདུན་ལ་ཇེ་མང་དུ་སོང་ཡོད། ལོ་ངོ་བཅུའི་རིང་ལ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཁྲུང་ཁྲུང་མགོ་ཁྲ་སྟོང་གཅིག་ལའང་མི་འབུད་པ་དེ་ད་ལྟ་སྟོང་གསུམ་ལྷག་ལ་སླེབས་ཡོད། ལོ་ངོ་བཅུའི་རིང་ལ་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བའི་གནས་ཚུལ་དེ་ཚོད་འཛིན་བྱེད་འགོ་བརྩམས་ཏེ་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་ཇེ་མཐོར་སོང་པ་དང་། གནད་སའི་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ས་ཁུལ་གྱི་སྐྱེ་ཁམས་གནས་ཚུལ་མངོན་གསལ་སྒོས་ཇེ་ལེགས་སུ་གྱུར་ཏེ“འཕར་བ་ལྔ” མངོན་འགྱུར་བྱུང་། མིག་འབྲས་སྲུང་སྐྱོབ་བྱེད་པ་ཇི་བཞིན་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་སྐྱེ་ཁམས་ལ་གཅེས་སྤྲས་བྱས་ནས་མཛེས་ཤིང་སྡུག་པའི་མཚོ་སྔོན་གྱིསགཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱས་ནས་དྭངས་གཙང་ཆུ་བོ་ཤར་ཕྱོགས་སུ་བཞུར་བར་འགན་སྲུང་བྱེད་པར་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད།
ཁུ་ནུ་རི་བོ་དང་གདང་ལ་རི་བོ། བཱ་ཡན་ཧ་རི། ཨ་མྱེས་རྨ་ཆེན་སོགས་རྔམ་ཞིང་བརྗིད་པའི་རི་བོ་མུ་རུ་འབྲེལ་ཡོད་པས། དེ་ནི་རི་བོ་སྟོང་གི་གནས་ཡུལ་གཙང་གསུམ་འབྱུང་ཡུལ་ཡིན། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་སོགས་ཆུ་བོ་མང་པོ་དེ་ནས་བརྡོལ་པས་དེ་ནི་ཆུ་བོ་སྟོང་གི་འབྱུང་ཁུངས་གཙང་གསུམ་འབྱུང་ཡུལ་ཡིན།
ད་ལོའི་ཟླ་བཅུ་གཅིག་པའི་ནང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྣམ་པ་དེ་བཞེངས་སྐྲུན་བྱེད་འགོ་བརྩམས་པ་དང་། དེ་ནི་རང་རྒྱལ་གྱི་ཐོག་མའི་རྒྱལ་ཁབ་སྤྱི་གླིང་གི་སྣང་བརྙན་ངོམས་པ་ཡིན་ལ། དེ་ལས་ཀྱང་རྒྱལ་ཁབ་ཀྱི་སྣང་བརྙན་དང་འདོད་བློ་གཅིག་སྡུས་སྒོས་མཚོན་པ་དང་། དེས་མཚོ་སྔོན་གྱིས་ས་ཆུ་གཙང་པ་ནི་ཀུན་ལས་ཀྱང་གལ་ཆེ་བར་བཟུང་ནས་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ལེགས་པོ་བྱས་ནས་ཆུ་བོ་དྭངས་མོ་ཤར་ཕྱོགས་སུ་བཞུར་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་ལ་འགན་སྲུང་བྱེད་པ་ལག་བསྟར་བྱེད་བཞིན་པ་མཚོན།
ཀྲུང་གོའི་ས་ཁྲར་བལྟས་ན་ཀྲུང་གོའི་ཆེས་ཆེ་བའི་ཚྭ་མཚོ་མཚོ་སྔོན་དུ་ཡོད་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཀྱང་མཚོ་སྔོན་རེད། དེ་བས་མཚོ་སྔོན་ནི་སྐྱེ་ཁམས་ཐོན་ཁུངས་ཀྱི་བང་མཛོད་ཅིག་ཡིན་པ་མ་ཟད། སྐྱེ་ཁམས་བདེ་འཇགས་ཀྱི་ལྟེ་གནས་ཤིག་ཀྱང་རེད། རང་སྟེང་ནས་བཤད་ན། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དེ་རྒྱུད་མཐུད་ངང་འཕེལ་རྒྱས་སུ་འགྲོ་བའི་གནད་འགག་ཡིན་པ་དང་། ཆེ་ཕྱོགས་ནས་བཤད་ན། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་། ལྷག་པར་དུ་གཙང་གསུམ་འབྱུང་ཡུལ་གྱི“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པ་དེའང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཆེ་ཕྱོགས་ལ་འབྲེལ་བ་ཡོད་པ་དང་དེ་གཞན་གྱིས་ཚབ་བྱེད་ཐབས་མེད་པ་ཞིག་ཡིན།
རང་རྒྱལ་ལ་མཚོན་ན་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ཧ་ཅང་ཆེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ནས་འཛུགས་སྐྲུན་དང་། འཛུགས་སྐྲུན་ནས་བཅོས་སྐྱོང་བྱས་ཏེ། མཚོ་སྔོན་ལྷད་མེད་ངང་འཕེལ་རྒྱས་སུ་གཏོང་བའི་འཆར་གཞི་སྔར་ལས་རྒྱ་སྐྱེད་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཐུན་མོང་མ་ཡིན་པའི་གོ་གནས་ཁོང་དུ་ཆུད་པར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དུས་རབས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ། མཚོ་སྔོན་མཛེས་པའི་ཀྲུང་གོའི་ཁྱད་འཕགས་ཀྱི་ས་གནས་ཤིག་ཏུ་འཛུགས་སྐྲུན་བྱེད་པ་དང། མཚོ་སྔོན་སྔར་ལས་ལྷག་པའི་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་ཤིང་སྡུག་པ་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ཀྲུང་ཧྭ་མི་རིགས་ལ་ཞབས་འདེགས་ཞུ་བའི་རྒྱང་རིང་གི་ཁེ་ཕན་དེ་གྲོང་ཁྱེར་དང་ཞིང་སྡེ། འབྲོག་ཕྱོགས་བཅས་སུ་ལག་བསྟར་བྱས་ནས་རི་བོ་དང་མཚེའུ། རྩྭ་ཐང་བཅས་ཀྱི་རྣམ་པ་ཇེ་ལེགས་སུ་སྒྱུར་ནས་ག་ས་གང་དུ་ཆུ་དྭངས་ས་གཙང་གི་རྣམ་པ་ཞིག་མངོན་དུ་འཇུག་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བར་དུ་ཐུན་མོང་གི་ལྟ་བ་དང་ཐུན་མོང་གི་འགུལ་སྐྱོད་བསླངས་པ་དེ་ནི་མི་སེམས་ལ་ཡར་སྐུལ་ཐེབས་པ་ཞིག་རེད།
རྒྱལ་ཁབ་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་དེ“གནས་ལྔ་གཞི་གཅིག”གི་སྤྱིའི་འཆར་འགོད་ཀྱི་ནང་དུ་བཞག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་ལ་ཆོག་མཆན་དང་མཛུབ་སྟོན་ཐེངས་མང་པོར་གནང་སྟེ། ཏན་ཏན་ཏིག་ཏིག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དར་སྤེལ་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་གཙོ་བོར་འཛིན་པའི་འདུ་ཤེས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་མཐུན་སྦྱོར་བྱེད་དགོས་ཞེས་ནན་གྱིས་གསུང་།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ནི་རང་རྒྱལ་རྒྱུད་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཆེས་གལ་ཆེ་བའི་རྨང་གཞི་ཡིན། ད་ལོའི་ཟླ་བརྒྱད་པའི་ཟླ་མཇུག་ལ་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ནན་གྱིས་གསུང་རྒྱུར། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་པ་དང་། ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་སྟེང་དུ་ཡོད་ཅེས་གསུང་ནས་ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་གོ་གནས་གལ་ཆེན་དུ་བཞག་ནས་དམ་འཛིན་བྱེད་དགོས། རང་བྱུང་ལ་བརྩི་བཀུར་དང་རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱས་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་སོགས་གཅིག་གྱུར་གྱིས་མངོན་འགྱུར་བྱས་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འཛུགས་སྐྲུན་བྱེད་པའི་ཐད་དུ་ཡང་བསྐྱར་བཀོད་སྒྲིག་བྱས་ནས་མཚོ་སྔོན་གྱིས་ལྷད་མེད་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལའང་ཡང་བསྐྱར་ཁ་ཕྱོགས་གསལ་བོར་བསྟན།
སྲུང་སྐྱོབ་བྱེད་པ་གཙོ་བོར་འཛིན་པ་དང་རང་བྱུང་སླར་གསོ་དང་མིས་བཟོས་སླར་གསོ་གཉིས་ཟུང་དུ་འབྲེལ་ཏེ་དོན་དངོས་ནས་འགོ་བརྩམས་ཏེ་ཕྱོགས་ཡོངས་ནས་བྱེད་ནུས་གཙོ་བོའི་ས་ཁུལ་གྱི་འཆར་གཞི་དངོས་འབེབས་བྱེད་པའི་རེ་བ་ལྟར། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་གཙོ་ནུས་ས་ཁུལ་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱེད་པར་ཤུགས་སྣོན་བྱེད་དགོས། སྐྱེ་ཁམས་བཟོ་སྐྲུན་དང་ནུས་ཁུངས་གྲོན་ཆུང་། བཙོག་ཆུ་ཉུང་འདོན། ཁོར་ཡུག་ལ་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱེད་པ། མཛེས་པའི་ཞང་གྲོང་འཛུགས་སྐྲུན་བཅས་གཅིག་གྱུར་སྒོས་བཀོད་སྒྲིག་དང་འཆར་འགོད་བྱས་ནས་མཚོ་སྔོན་པོ་མཐའ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱེད་པ་དང་། རྩྭ་ས་བྱེ་ཐང་དུ་འགྱུར་བ་བཅོས་སྐྱོང་བྱེད་པ། གྲང་ངར་ཆེ་བའི་མཐོ་སྒང་གི་རྩྭ་ཐང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ། ཕྱུགས་འཚོ་མཚམས་བཞག་ནས་རྩྭ་ས་སླར་གསོ་དང་ཞིང་འདེབས་མཚམས་བཞག་ནས་ནགས་ཚལ་སླར་གསོ་བྱེད་པ། བྱང་གསུམ་ནགས་ཚལ་སྲུང་སྐྱོབ་བྱེད་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན། ཁོར་ཡུག་ལ་ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ནས་དྭངས་གཙང་ཆུ་བོ་ཤར་ཕྱོགས་སུ་བཞུར་བར་འགན་སྲུང་བྱེད་དགོས།
སྲུང་སྐྱོབ་ནས་འཛུགས་སྐྲུན་དང་འཛུགས་སྐྲུན་ནས་བཅོས་སྐྱོང་བྱེད་དགོས་པའི་འཐབ་ཇུས་དེ་རྒྱལ་ཁབ་ཀྱིས་ཡང་དང་བསྐྱར་དུ་བཏོན་ཏེ་མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་སྐྱོད་པར་བཀོད་སྒྲིག་གང་ལེགས་བྱས།
གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི་མཚོ་སྔོན་གྱིས་འདོར་ཐབས་མེད་པའི་འོས་འགན་གལ་ཆེན་ཞིག་ཡིན་པས། བྱ་བ་དེ་དམ་འཛིན་ལེགས་འཛིན་བྱེད་དགོས་པ་ལས་ལྷོད་ཡངས་སུ་གཏོང་མི་རུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་སྟེང་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཁུག་ལ་སྲུང་སྐྱོབ་བྱེད་པ་ནི་འཐབ་ཇུས་དང་པོ་དང་འགན་འཁྲི་གཙོ་བོ། དགོས་གལ་གྱི་ལས་འགན་བཅས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཐུགས་རེ་གལ་ཆེན་དེ་དངོས་འབེབས་བཟང་བོ་བྱས་ནས་ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ལྗང་མདོག་གི་ཡུལ་གྲུ་དེ་མངོན་འགྱུར་བྱེད་དགོས།
མཚོ་སྔོན་གྱི་སྐྱེ་ཁམས་འཕེལ་རྒྱས་ཀྱི་ལོ་རྒྱུས་རིང་མོར་བལྟས་ན་དུས་ཡུན་རིང་པོ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། གོང་རིམ་ནས་འཆར་གཞི་བཀོད་དེ་འཐབ་ཇུས་བཀོད་སྒྲིག་ལེགས་པོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་སྲིད་ཇུས་ནས་འདུ་ཤེས་སུ་བསྒྱུར་ཏེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བཞིན་པ་གསལ་བོར་ཤེས་ཐུབ། ད་ལྟ་ཐོག་མར་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བྱ་བ་ལེགས་འཛིན་བྱེད་པ་དེ་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ལྟ་བར་གྱུར་འདུག་པ་དང་། སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དེ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་འགུལ་གྱིས་སྤེལ་བའི་བྱ་འགུལ་ཞིག་ཏུ་འགྱུར་འདུག། སྐྱེ་ཁམས་དང་ཁོར་སྲུང་། ལྗང་མདོག མཚོ་སྔོན་གྱི་མཁའ་དབུགས་གཙང་པ་དང་མཐོ་སྒང་གི་སྐྱེ་ཁམས་ལེགས་པ། གཙང་བོ་དང་ཆུ་བོ་དྭངས་པར་བྱེད་པ་ནི་འཛམ་གླིང་གིས་དོ་སྣང་བྱེད་ཡུལ་དུ་གྱུར་བས། ཡོངས་ཁྱབ་ཏུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐུན་མོང་གི་ལྟ་བ་དེ་མཚོ་སྔོན་ནས་རྩ་བ་ཚུགས་ཞིང་རྩེ་མོ་རྒྱས་སོང་།
ད་ལོའི་ཟླ་གསུམ་པར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་ཚོད་ལྟའི་ཇུས་གཞི་དཔར་ནས་བཀྲམས། ད་ལོའི་ཟླ་བཞི་བའི་ནང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི་སོགས་ཇུས་གཞི་སུམ་ཅུ་སོ་གཅིག་གཏན་འཁེལ་བྱས།
རྒྱལ་ཁབ་ཀྱིས་སྤྱི་ལེ་གྲུ་བཞི་མ་སུམ་ཅུ་སོ་དགུ་དང་གྲངས་ཆུང་ལྔ་ཡོད་པའི་གཙང་གསུམ་འབྱུང་ཡུལ་ནས་ཆེས་འགོ་ཁུངས་ཀྱི་སྤྱི་ལེ་གྲུ་བཞི་མ་བཅུ་གཉིས་དང་གྲངས་ཆུང་གསུམ་གཅིག་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་འཆར་གཞི་བཀོད་པ་དང་། དེའི་ནང་དུ་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་འདུས་པའི“གླིང་གཅིག་ཁུལ་གསུམ”གྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུ་གཏན་འཁེལ་གསལ་བོ་བྱས།
རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་སྒྲིག་སྲོལ་འཛུགས་པ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་དང་ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་། ཆུ་དམར་ལེབ་རྫོང་། འབྲི་སྟོད་རྫོང་བཅས་ཀྱི་ས་གནས་ལ་འབྲེལ་བ་ཡོད་པ་དང“125 ”གོ་རིམ་གསུམ་གྱིས་འགྲོ་བའི་བཟོ་སྐྲུན་དམིགས་འབེན་བཏོན་ཏེ་ལོ་གཅིག་གི་ནང་རྨང་གཞི་འདིངས་བ་དང་ལོ་གཉིས་ཀྱི་ནང་ཚོད་ལྟ་བྱས་པ་ཚར་བ། ལོ་ལྔའི་ནང་རྒྱལ་ཁབ་སྤྱི་གླིང་བཙུགས་ནས་2020ལོའི་སྔོན་དུ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་དགོས།
དེ་ནི་ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་ལ་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་པོ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་ཕྱོགས་སོ་སོའི་ནུས་ཤུགས་གཅིག་ཏུ་བསྡུས་ནས་ཏན་ཏན་ཏིག་ཏིག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་རྩ་འཛིན་ཡང་ཡིན།
དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་ལོ་ངོ་བཅུའི་རིང་ལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་རྨང་གཞིའི་སྟེང་གྲུབ་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རེད།
དེ་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་དང་པོའི་ཚོད་ལྟའི་སྒྲིག་སྲོལ་ཡིན་ལ། འཚོལ་ཞིབ་བྱེད་པའི་སྒྲིག་སྲོལ་གསར་བ་ཞིག་ཀྱང་ཡིན། ཧུར་ཐག་སྒོས་བྱ་སྤྱོད་བསླངས་པ་དང་འགུལ་སྤྱོད་སྤེལ་བ་ནི་ང་ཚོས་འཚོལ་ཞིབ་བྱེད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཉམས་མྱོང་དང་མཛེས་པའི་ཀྲུང་གོའི་མཚོ་སྔོན་གསར་སྐྲུན་བྱེད་པའི་ལེའུ་གསར་བ་ཞིག་ཡིན།
གཙང་གསུམ་འབྱུང་ཡུལ་ནི་གྲང་ངར་ཆེ་བ་དང་མཚོ་ངོས་ལས་མཐོ་བའི་ས་ཁུལ་ཡིན། འདི་ལྟ་བུའི་སྐྱེ་ཁམས་ཉམས་ཞན་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་སྤེལ་བ་ནི་རྒྱལ་ནང་ནས་ཐེངས་དང་པོ་རེད། མཚོ་སྔོན་ཞིང་ཆེན་གྱིས་ལག་ལེན་བྱེད་ཞོར་དང་འཐུས་ཚང་དུ་གཏོང་ཞོར། ཇེ་ལེགས་སུ་གཏོང་ཞོར ། དར་སྤེལ་དུ་གཏོང་ཞོར་བཅས་བྱེད་དགོས་པའི་རེ་བ་ལྟར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་དམ་དུ་འབྲེལ་ཏེ་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བྱ་བ་སྤེལ་བཞིན་ཡོད།
ལོ་ངོ་བཅུའི་རིང་ལ་རིམ་བསགས་བྱས་ན་མ་དངུལ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་ལྔ་བྱེ་བ་གསུམ་ས་ཡ་དགུ་བཏང་སྟེ་ཕྱོགས་ཡོངས་ནས་དུས་སྐབས་དང་པོའི་བཟོ་སྐྲུན་དང་འཛུགས་སྐྲུན་ལས་འགན་ཡོངས་སུ་འགྲུབ་པ་དང་དུས་སྐབས་གཉིས་པའི་བཟོ་སྐྲུན་ཕྱོགས་ཡོངས་ནས་དར་སྤེལ་དུ་བཏང་། མིག་སྔའི་བར་དུ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བྱེ་བ་བརྒྱད་ས་ཡ་གསུམ་བཏང་སྟེ། ས་ནག་ཐང་བཅོས་སྐྱོང་བྱེད་པ་དང་རི་བགག་ནགས་གསོ་བྱེད་པ། རྩྭ་ས་བྱེ་ཐང་དུ་འགྱུར་བ་བཅོས་སྐྱོང་བྱེད་པ། བརླན་ས་སྲུང་སྐྱོབ་སོགས་ཀྱི་ལས་གཞི་དངོས་སུ་གོ་རིམ་ལྡན་པའི་ལག་བསྟར་བྱེད་བཞིན་ཡོད།
ལོ་ངོ་བཅུའི་རིང་ལ། ཆུའི་ཐོན་ཁུངས་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱད་ཅུ་ཇེ་མང་དུ་སོང་པ་དེ་མཚེའུ་ལྔ་བརྒྱ་དང་དྲུག་ཅུ་ཇེ་མང་དུ་སོང་པ་དང་གཅིག་མཚུངས་ཡིན། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྩྭ་ས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་དྲུག་རྒྱ་སྐྱེད་པས། རྩྭ་ཐང་ཡོངས་ཁྱབ་དུ་ཉམས་ཞན་དུ་འགྲོ་བའི་གནས་ཚུལ་ལ་ཚོད་འཛིན་ཐེབས་ནས་སྐྱེ་དངོས་སྣ་མང་རང་བཞིན་ཇེ་ལེགས་སུ་སོང་། གནས་དེ་རུ་སྔོན་ཆད་གཙོད་ཁྲི་གཉིས་ལའང་མི་ལོངས་པ་དེ་ད་ལྟ་ཁྲི་བདུན་ལ་ཇེ་མང་དུ་སོང་ཡོད། ཁྲུང་ཁྲུང་མགོ་ཁྲ་སྔོན་ཆད་སྟོང་གཅིག་ལའང་མི་ལོངས་པ་དེ་ད་ལྟ་སྟོང་གསུམ་ལ་སླེབས།
ཉིས་སྟོང་བཅོ་ལྔ་ལོར། རྫ་ཆུའི་འགོ་ཁུངས་སུ་གནས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་རྫ་སྟོད་རྫོང་གི་མང་ཚོགས་ཀྱིས་བསྟུད་མར་ཐེངས་གསུམ་ལ་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་གངས་གཟིགས་གནས་དེ་རུ་རྒྱུ་བ་མཐོང་མྱོང་། གཙང་གསུམ་འབྱུང་ཡུལ་དུ་གངས་གཟིགས་ལས་གཞན་ད་དུང་རི་དྭགས་གཙོད་དང་ཤ་སྐྱ། རྐྱང་། འབྲོང་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡང་རྒྱུན་དུ་གནས་དེའི་མང་ཚོགས་ཀྱི་མིག་ལམ་དུ་རྒྱུ་བཞིན་ཡོད། ལྷག་པར་དུ་ཆུ་དམར་ཆུ་བོའི་བཞུར་རྒྱུན་པར་ཁྱུ་དང་ཁྱུ་བྱས་ནས་འགྲོ་བའི་རྐྱང་མང་པོ་མཐོང་ཐུབ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་འཚོ་གནས་ཀྱི་ཁོར་ཡུག་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། དེ་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་ལེགས་པོ་བླངས་པའི་མཚོན་རྟགས་ཡིན།
སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པ་ཕྱོགས་ཡོངས་ནས་དར་སྤེལ་དུ་བཏང་སྟེ། བྱེད་ནུས་གཙོ་བོ་དང་བར་གསེང་གི་བཀོད་སྒྲིག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས་སྐྱེ་ཁམས་འཐབ་ཇུས་གོ་གནས་ཇེ་ལེགས་སུ་སོང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་མདོ་ལ་རི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། བྱང་གསུམ་ནགས་ཚལ་འགོག་སྲུང་སོགས་གནད་སའི་སྐྱེ་ཁམས་བཟོ་སྐྲུན་གོ་རིམ་ལྡན་པའི་སྤེལ་བཞིན་ཡོད། ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན། ཁོར་ཡུག་དག་ཐེར་བཅོས་སྐྱོང་། མཛེས་པའི་ཞང་གྲོང་འཛུགས་སྐྲུན་བྱེད་པ་སོགས་རྒྱུན་ཆད་མེད་པར་ཡར་རྒྱས་གོང་འཕེལ་དུ་སོང་།
ལོ་ངོ་བཅུའི་རིང་ལ། རྒྱལ་ཁབ་ཀྱིས་སྔ་གཞུག་ཏུ་མ་དངུལ་སྒོར་ཐེར་ཆེན་གཅིག་ལ་ཉེ་བ་ཙམ་བཏང་ནས་ལས་གཞི་བརྒྱ་ལ་ཉེ་བ་ཙམ་ལ་ཞིབ་འཇུག་བྱས་ནས་སྣེ་ཁྲིད་བྱས་པ་དང་། ལོ་རེར་ལས་གཞི་བརྒྱ་ལ་ཉེ་བ་ཙམ་དར་སྤེལ་དུ་བཏང་པ་དང་། ཞིབ་འཇུག་མི་སྣ་བརྒྱ་ལ་ཉེ་བ་ཙམ་གྱིས་ལས་གནས་དང་པོར་སྲུང་འཛིན་བྱས་ཡོད།
ལོ་བཅུའི་རིང་ལ། གཙང་གསུམ་འབྱུང་ཡུལ་ཡོངས་སུ་སྲུང་སྐྱོབ་བྱ་བ་དེ་ཕྱོགས་ཡོངས་དང་གོ་རིམ་ལྡན་པ། ཕན་འབྲས་ལྡན་པའི་ངང་སྤེལ་བ་ཡིན། གཙང་གསུམ་འབྱུང་ཡུལ་གྱི་ཆུ་དང་ཉ། བྱ། རྩྭ་བཅས་མཉམ་གནས་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱས་ཡོད།
མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇེ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། ནུབ་རྒྱད་ས་ཁུལ་དར་རྒྱས་མིན་པའི་ཆ་ནས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བལྟོས་བཅོས་ཀྱིས་རྗེས་ལུས་ཡིན། ས་གནས་འདི་བཟང་པོ་ཞིག་སྲུང་པ་དང་། ཀྲུང་ཧྭའི་ཆུ་མཛོད་བཟང་པོ་ཞིག་སྲུང་ཆེད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འགན་ཁུར་ཕོད་པ་དང་བཅོས་སྒྱུར་བྱེད་ཕོད་པའི་རྣམ་འགྱུར་གྱིས་རྒྱལ་ནང་གི་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་གྱི་ཁྱབ་ཁོངས་ནང་སྔོན་སྐྱོད་ཀྱིས་བྱ་བ་དེ་སྤེལ་བཞིན་ཡོད།
གཙང་གསུམ་བྱུང་ཡུལ་གྱི་ས་གཙང་འདིས་རྒྱུན་ཆད་མེད་པར་གཙང་གསུམ་གྱི་བཞུར་རྒྱུན་གསོས་ཏེ་གཙང་གསུམ་འགྲམ་གྱི་གྲོང་ཁྱེར་དང་ཞང་གྲོང་གསོ་སྐྱོང་བྱས་ནས་བཞུར་རྒྱུན་དུ་གནས་པའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པར་སྨོན།
ལོ་ཙཱ། བསོད་ནམས་ལྷ་མོ།