ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་། “གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ཏེ། ཏང་གི་སྲིད་འཛིན་རྩ་འཛུགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས”ཞེས་བསྟན་པ་དེ་ནི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གྱི་དམིགས་འབེན་བླང་བྱ་ཡང་བསྐྱར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་དེ་ཡིན།
2014ལོར། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་སྟེང“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་སྲིད་འཛིན་ཆུ་ཚད་མཐོར་འདེགས་གཏོང་བའི«བསམ་འཆར»ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས། ཞིང་ཆེན་ཡོངས་སུ་གཞི་གསུམ་འཛུགས་སྐྲུན་གྱི་དུང་བརྡ་བསྒྲགས།
ཞིང་ཆེན་ཏང་ཨུའི«བསམ་འཆར»ལག་ལེན་མཐར་ཕྱིན་བྱེད་ཆེད། རྨ་ལྷོ་ཁུལ་ཏང་ཨུས“གཞི་གསུམ”འཛུགས་སྐྲུན་དེ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་གྲོས་རིམ་ཉིན་ཐོར་བཀོད་པ་དང་། ཤུགས་ཕུད་དེ“ལོ་གཉིས་ཀྱི་ནང་ཕན་འབྲས་ཐོན་པ་དང་། ལོ་བདུན་གྱི་ནང་འགྱུར་ལྡོག་ཆེན་པོ་འབྱུང་བར་བྱེད་པའི”དམིགས་འབེན་བླང་བྱ་ལྟར། རང་ཁུལ་གྱི་གནས་ཚུལ་ལ་གཏིང་ཟབ་ཏུ་རྟོག་ཞིབ་དང་ཁོང་དུ་ཆུད་པར་བྱས་པའི་རྨང་གཞིའི་སྟེང་། «རྨ་ལྷོ་ཁུལ་ཏང་ཨུའི་གཞི་གསུམ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ»འགྲེམ་སྤེལ་བྱས་པར་མ་ཟད། གཅིག་གཉིས་གསུམ་བཞི་ལྔ་ཡི་སྤྱིའི་བླང་བྱ་གཏན་འཁེལ་གསལ་བོ་བྱས།
རྨ་ལྷོ་ཁུལ་གྱི་གཞི་གསུམ་འཛུགས་སྐྲུན་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི། ལག་ལེན་གཙོ་བོ་ཡིན་པ་དང་། གནད་དོན་ཐག་གཅོད་གནད་འགག་ཡིན་པ། ངོས་ཟིན་གནད་དོན་ཐག་གཅོད་བྱེད་པ་ལས་གཞན་དངོས་ཡོད་གནད་དོན་དེ་བས་ཐག་གཅོད་བྱེད་དགོས་པ་དེ་ཡིན་ཞེས་རྨ་ལྷོ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཅིས་ཁི་ཀྲུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་བྱུང་།
ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་དཔྱད་ཞིབ་བྱས་པ་བརྒྱུད། “གཞི་རིམ་གྱི་འཕྲིན་གསར་བྱ་བའི་སྟེགས་བུ་འཛུགས་སྐྲུན”དང“ཞན་ཆ་སེལ་བའི་བྱ་བའི་བྱེད་ཐབས་ཁྱབ་སྤེལ”གྱི་ཏང་འཛུགས་སྐྲུན་ལས་གཞི་གཉིས་དེ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་འཛུགས་སྐྲུན་ལས་གཞིར་བདམས་པ་དང་། “གཞི་རིམ་གྱི་ནུས་ལྡན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན”ལས་གཞི་དེ་ཏང་འཛུགས་སྐྲུན་གྱི་ལས་གཞི་བཟང་པོར་བདམས།
ཞང་གྲོང་གི“དགུ་ལྡན”བཟོ་སྐྲུན་ལག་བསྟར་བྱས། རྫོང་བཞི་ཡིས་འཕེལ་རྒྱས་བཅོས་སྒྱུར་དང་འཛུགས་སྐྲུན། ནོར་སྲིད་སོགས་སྡེ་ཁག་མང་པོར་གཏོགས་པའི་ལག་བསྟར་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་ཧྲིལ་བསྡུས་བྱས་ཏེ། ཞང་གྲོང་ཉེར་བརྒྱད་གྱི་དགུ་ལྡན་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས་ནས། ཞང་གྲོང་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས།
གསོ་སྦྱོང་ལ་ཤུགས་བསྣན་ཏེ། གཞི་རིམ་གྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་། ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གསོ་སྦྱོང་བྱ་འགུལ་སྤེལ་ཏེ། གཞི་རིམ་གྱི་ནུས་ལྡན་ལས་བྱེད་པ་སྐྱེད་སྲིང་བྱས།
འདས་པའི་ལོ་ལྔའི་ནང་། རྨ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་ཆབ་སྲིད་བརྟན་འཇགས་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས། མི་རིགས་འཆམ་མཐུན་མཐུན་སྒྲིལ། མི་དམངས་བདེ་སྡོད་ལས་སྐྲུན་བཅས་ཀྱི་རྣམ་པ་གསར་བ་བསྐྲུན་ཏེ། དོན་ངོ་མའི་ཐོག་ནས་རྨ་ལྷོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ཆེན་པོ་མཚོན་པར་བྱས།
ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་ཁུལ་ཏང་ཨུ་ཡིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་ཏང་ཨུའི་ལྟེ་གནས་རྩ་འཛུགས་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པར«ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་འཛིན»དང«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ»འགྲེམ་སྤེལ་བྱས་ཏེ། མཁར་གྲོང་གང་ཡིན་རུང་། ཟླ་རེའི་ཚེས་ཉེར་གཉིས་ནས་ཉེར་དྲུག་ཉིན་དེ་སློབ་སྦྱོང་བྱེད་པའི་ཉི་མར་གཏན་འཁེལ་བྱས་ནས། སྐབས་དོན་སྲིད་ཇུས་ཤེས་བྱ་དང་སྲིད་ཇུས་ཁྲིམས་སྲོལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཀྲུང་གོའི་ཕུགས་འདུན་དང་རང་རློམ་བཞི། ནན་གསུམ་གནད་གསུམ། ཕྱོགས་ཡོངས་བཞི། རྒྱུད་གཅིག་ལམ་གཅིག་བཅས་ཀྱི་ཐ་སྙད་གསར་བ་དེ་ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་ཤེས་སུ་བཅུག དེ་དང་ཆབས་ཅིག ཁུལ་ཡོངས་ཀྱི་ཏང་སྲིད་ལས་ཁུངས་ཀྱི་རིག་གནས་གསར་འཛུགས་བྱ་འགུལ་ཀྱང་སྤེལ། ཆབ་སྲིད་རིགས་གཞུང་དང་ཆེད་ལས་ཤེས་བྱ་སོགས་ཀྱི་སློབ་སྦྱོང་གསོ་སྦྱོང་སྣ་ཚོགས་སྤེལ་བ་བརྒྱུད། ལས་ཁུངས་ལས་བྱེད་པའི་ཕྱོགས་བསྡུས་ལས་སྒོའི་བྱང་ཚད་དང་ཀུན་སྤྱོད་ཆུ་ཚད་ཇེ་མཐོར་སོང་བ་དང་། རང་སོ་སོའི་དོན་དངོས་དང་མཐུན་པའི་ལས་ཁུངས་ཀྱི་རིག་གནས་འདུ་ཤེས་སྐྱེད་སྲིང་བྱས་ཤིང་། ལས་ཁུངས་ཀྱི་དཀྱིལ་སྙིང་རིན་ཐང་ལྟ་བ་ཆགས་པར་སྐུལ་འདེད་བྱས།
ཉེ་བའི་ལོ་འདི་འགར། རྨ་ལྷོ་ཁུལ་གྱིས་ཀུན་སྤྱོད་དཔེ་ལེགས་དང་ཉེ་འགྲམ་གྱི་མི་བཟང་པོ་དཔྱད་འདེམ་གཟེངས་བསྟོད་དང་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་རྒྱུན་མཐུད་ངང་སྤེལ་ཏེ། རིམ་བསགས་ཀྱིས་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་ལ“མཚོ་སྔོན་གྱི་མི་བཟང་པོ”དང“མཚོ་སྔོན་གྱི་ཆེས་བཟང་པོའི་མི”ཡི་འདེམ་སྒུག་པ་ཉེར་གཉིས་འོས་སྦྱོར་ཡར་ཞུ་བྱས་པ་དང་། “རྨ་ལྷོའི་མི་བཟང་པོ”སོ་དགུ་དཔྱད་འདེམས་དང་གཟེངས་བསྟོད་བྱས། ཁྱིམ་ཚང་ཁྲི་གཉིས་ལྷག་དཔལ་ཡོན་ཁྱིམ་ཚང་དུ་བདམས་པ་དང་། སྡེ་ཁག་བཅུ་དང་བློ་མཐུན་ལྔ་ལ་སོ་སོར“དཔལ་ཡོན་གྱི་རྨ་ལྷོ”གསར་འཛུགས་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ།
མིག་སྔའི་བར་དུ། ཁུལ་དེས་བསྡོམས་པས་རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་གཉིས་དང་དཔལ་ཡོན་སྡེ་ཁག་དྲུག་གསར་འཛུགས་བྱས་ཤིང་། ཁུལ་ཡོངས་སུ་ཞིང་ཆེན་རིམ་པའི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་བཞི་དང་། དཔལ་ཡོན་སྡེ་ཁག་སོ་ལྔ་ཡོད་པ་དང་། ཁུལ་རིམ་པའི་དཔལ་ཡོན་རྫོང་མཁར་གཉིས་དང་དཔལ་ཡོན་ཞང་གྲོང་དགུ། དཔལ་ཡོན་སྡེ་བ་དང་ཧྲེ་བཅུ་བདུན། དཔལ་ཡོན་སྡེ་ཁག་གྱ་གཉིས། དཔལ་ཡོན་ཞབས་ཞུ་སྡེ་ཁག་བཅུ་བདུན། དཔལ་ཡོན་ལྗོངས་ཁུལ་ལྔ་བཅས་ལ་མཚན་སྙན་གནང་ནས་གཟེངས་བསྟོད་བྱས།
རྨ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནར་མ་སོན་པའི་ལོ་ཆུང་ན་གཞོན་གྱི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲོས་རིམ་ཉིན་ཐོ་གལ་ཆེན་དུ་བཞག་ནས་ཞིབ་འཇུག་བཀོད་སྒྲིག་བྱས། འགན་ནུས་སྡེ་ཁག་གིས་ནར་མ་སོན་པའི་ལོ་ཆུང་ན་གཞོན་གྱི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་དེ་འབྲེལ་ཡོད་སྡེ་ཁག་སོ་སོ་དང་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ནང་དོན་ཁྲོད་བཞག སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་སྟོབས་ཤུགས་གཅིག་བསྡུས་ཀྱིས་ནར་མ་སོན་པའི་ལོ་ཆུང་ན་གཞོན་གྱི་སློབ་ཕྱིའི་བྱ་འགུལ་སྤེལ་ས་འཛུགས་སྐྲུན་སྐུལ་འདེད་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་གཙང་བཟོ་བྱེད་པ་སྲུང་འཛིན་ལེགས་པོ་བྱས།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། རྨ་ལྷོ་ཁུལ་གྱིས་ནགས་ཚལ་གྱི་སྐྱེ་ཁམས་མ་ལག་འཛུགས་སྐྲུན་སྲུང་སྐྱོབ་དང་། བརླན་ས་དོ་དམ་སླར་གསོ། བྱེ་ཐང་གི་སྐྱེ་ཁམས་མ་ལག་བཅོས་སྐྱོང་། སྐྱེ་དངོས་སྣ་མང་སྲུང་སྐྱོབ་འཕེལ་རྒྱས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྔ་གཞུག་ཏུ་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་རྨོ་བསྐྱུར་ནགས་སྐྲུན། བྱང་གསུམ་འགོག་སྲུང་ནགས་ཚལ་སོགས་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་རྩ་འཛུགས་ལག་བསྟར་བྱས་ཏེ། རྨ་ལྷོའི་ནགས་ལས་དེ་ལོ་རྒྱུས་སྟེང་ཆེས་མགྱོགས་ཤིང་ཆེས་བཟང་པོའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་ཞུགས།
ཉེ་བའི་ལོ་འདི་འགར། ཁུལ་ཡོངས་ཀྱིས་རིམ་བསགས་ཀྱིས་རྨོ་བསྐྱུར་ནགས་སྐྲུན་རྩྭ་འདེབས་བཟོ་སྐྲུན་སྤྱི་ཆིང་ཁྲི་གཅིག་ལྷག་ཙམ་ཡོངས་འགྲུབ་བྱས་ཏེ། རོང་འབྲོག་མང་ཚོགས་ཁྲི་གཉིས་སྟོང་དྲུག་ལྷག་ལ་ཕན་ཁེ་ཐོབ།
རྩེ་ཁོག་རྫོང་གི་ས་ནག་ཐང་བཅོས་སྐྱོང་ལས་གཞི་ས་ཁུལ་དུ། ཕྱུགས་རྩྭ་སྣ་ཚོགས་བཏབ་ཏེ། མུའུ་རེར་ཕྱུགས་རྩྭ་སྟོང་ཁེ་ཉིས་བརྒྱ་དྲུག་ཅུ་ཡན་ཐོན་པ་དང་། ལོ་རེར་ཕྱུགས་ལས་ཐོན་རིན་སྒོར་ས་ཡ་གཉིས་ཙམ་འཕར་སྣོན་འབྱུང་བཞིན་ཡོད་པས། ལས་གཞི་ས་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་མ་ཟད་ནུས་ཡོད་སྒོས་སྒོ་ཕྱུགས་དགུན་ལས་བརྒལ་བའི་གནད་དོན་ཐག་གཅོད་བྱས།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། རྨ་ལྷོ་ཁུལ་གྱིས་སློབ་ཁྲིད་སྤུས་ཚད་མཐོར་འདེགས་གཏོང་བ་དེ་འགོ་ཚུགས་ས་དང་རྐང་འཛུགས་སར་བརྩིས་ཏེ། སློབ་གསོའི་རྨང་གཞི་སྒྲིག་ཆས་ལེགས་བཅོས་དང་། དགེ་རྒན་གྱི་སྟོབས་ཤུགས་འཕར་སྣོན། སློབ་གསོའི་འགན་སྲུང་དངོས་འབེབས། སློབ་ཁྲིད་ཀྱི་རྣམ་པ་གསར་གཏོད་བཅས་བྱས་ཏེ། ཁུལ་དེའི་སློབ་གསོའི་ལས་དོན་ལ་གསོན་ཤུགས་གསར་བ་བསྣན་པ་དང་གྲུབ་འབྲས་ལེགས་པོ་ཐོབ།
གྲུབ་འབྲས་དང་པོ། ཐོག་མར་རྒྱལ་ཡོངས་ཀྱི“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྒྱ་ཡིག་ཆུ་ཚད་རིམ་འདྲའི་རྒྱུགས་ལེན”ལག་བསྟར་བྱས་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་དང་པོར་གྱུར། ཉེ་བའི་ལོ་འདི་འགར། རྨ་ལྷོ་ཁུལ་གྱིས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་གི་སློབ་ཁྲིད་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། ཁུལ་ཡོངས་ཀྱི་མི་རིགས་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་སུ“ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་རྒྱ་ཡིག་ཆུ་ཚད་རིམ་འདྲའི་རྒྱུགས་ལེན”ལག་བསྟར་བྱས་པས། ཁུལ་དེ་ཐོག་མར་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རྒྱ་ཡིག་ཆུ་ཚད་རིམ་འདྲའི་རྒྱུགས་ལེན་ལག་བསྟར་བྱེད་པ་ཡོངས་སུ་ཁེབས་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་དང་པོར་གྱུར་ཞིང་། དེ་ལ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྒྱ་ཡིག་ཆུ་ཚད་ཚད་ལེན་ཚོད་ལྟའི་ལྟེ་གནས་དང་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཁས་ལེན་ཐོབ།
གྲུབ་འབྲས་གཉིས་པ། ཁ་གཏད་རོགས་སྐྱོར་གྱི་ལས་རིགས་སློབ་གསོ་བྱ་བའི་ཉམས་མྱོང་དེ་རྒྱལ་ཡོངས་སུ་བརྗེ་རེས་ཁྱབ་སྤེལ་བྱས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ཁུལ་དེར་ཧྲན་ཏུང་ཆིས་ལུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དང་ཧུའུ་ནན་འཕྲིན་གསར་སློབ་གླིང་གི་དམངས་སྒྲུབ་ལས་རིགས་མཐོ་རིམ་སློབ་གྲྭ་གཉིས་ཀྱི་རོགས་སྐྱོར་ཐོབ། ཧྲན་ཏུང་ཆིས་ལུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གིས་མ་དངུལ་བཏང་ནས་རྒྱལ་ཁབ་ཀྱི་ཚད་གཞི་ལྡན་པའི་བདག་སྐྱོང་དངོས་སྦྱོང་ལྟེ་གནས་འཛུགས་སྐྲུན་བྱས་པར་མ་ཟད། དགེ་རྒན་མངག་ནས་ཁུལ་ལས་རིགས་སློབ་གྲྭར་སློབ་ཁྲིད་བྱས། དུས་མཚུངས་སུ། ཐེན་ཅིན་གློག་ཤུགས་སློབ་གླིང་དུ་རྨ་ལྷོའི་ལས་རིགས་སློབ་གསོའི་འཛིན་གྲྭ་ཞིག་སྒྲུབ་པར་མ་ཟད། སྐོར་ཐེངས་གཉིས་པའི་རོགས་སྐྱོར་ལས་བྱེད་མི་སྣ་རྨ་ལྷོ་ཁུལ་དུ་ཡོང་ནས་གནས་གཏན་ཁེལ་གྱི་རོགས་སྐྱོར་བྱས། 2015ལོར་འཚོགས་པའི་རྒྱལ་ཡོངས་ཀྱི་དམངས་སྒྲུབ་དངོས་གཞི་ཚན་ཁག་གི་སློབ་གྲྭས་བོད་ལྗོངས་དང་ཟི་ཁྲོན་ཞིང་ཆེན་བོད་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་བྱ་བར་རོགས་སྐྱོར་བྱེད་པའི་སྐུལ་འདེད་ཚོགས་འདུའི་སྟེང་། རྨ་ལྷོ་ཁུལ་གྱི་ཁ་གཏད་རོགས་སྐྱོར་གྱི་ལས་རིགས་སློབ་གསོ་བྱ་བ་དེ་ཚོགས་ཆེན་སྟེང་བརྗེ་རེས་ཁྱབ་སྤེལ་བྱས་པར་མ་ཟད། རྒྱལ་ཁབ་སློབ་གསོ་པུའུ་ཡི་གཟེངས་བསྟོད་ཐོབ།
གྲུབ་འབྲས་གསུམ་པ། རྨ་ལྷོ་ཁུལ་གྱིས་ས་གཞན་དུ་མི་རིགས་འཛིན་གྲྭ་སྒྲུབ་པའི་རྣམ་པ་གསར་གཏོད་བྱས། རྨ་ལྷོ་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། སྔ་གཞུག་ཏུ་མཐོ་འབྲིང་དང་པོའི་ཕུལ་བྱུང་སློབ་མ་གསར་བ་ཆིག་སྟོང་ཉིས་བརྒྱ་ལྷག་ཞིང་ཆེན་ཕྱི་ནང་གི་དཔེ་སྟོན་རང་བཞིན་ལྡན་པའི་མཐོ་འབྲིང་དུ་མངག་ནས་སྤུས་ལེགས་སློབ་གསོ་མྱངས་སུ་བཅུག། 2015ལོར་ཁུལ་དེས་བསམ་ཕྱོགས་གསར་སྐྲུན་བྱས་ཏེ། ས་གཞན་དུ་རྨ་ལྷོའི་མི་རིགས་འཛིན་གྲྭ་ཐོག་མ་སྒྲུབ་པ་དང་། ས་གཞན་དུ་འཛིན་གྲྭ་སྒྲུབ་པའི་བྱ་བས་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་བརྒྱ་ཆའི་ཉི་ཤུ་ཡི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་པའི་དུས་མཚུངས་སུ། 2014ལོ་ལས་མི་གྲངས་ལྡབ་གཉིས་དང་གྲངས་ཆུང་ལྔ་འཕར་སྣོན་བྱུང་།
གྲུབ་འབྲས་བཞི་བ། དམིགས་བསལ་སློབ་གསོའི་སྟོང་ཆ་བསྐངས། 2014ལོའི་ཟླ་བཅུ་བར། རྨ་ལྷོ་ཁུལ་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དངོས་སུ་བཙུགས་ཏེ། རྨ་ལྷོ་ཁུལ་གྱི་དམིགས་བསལ་སློབ་གསོའི་སྟོང་ཆ་བསྐངས། དུས་མཚུངས་སུ། དབང་བོ་སྐྱོན་ཅན་གྱི་སློབ་ཞུགས་སློབ་གསོའི་འགན་སྲུང་མ་ལག་བཙུགས་ཏེ། སློབ་གྲྭ་སོ་སོས་དབང་བོ་སྐྱོན་ཅན་དུ་གྱུར་ཚད་ཡང་བའི་ལོ་ཆུང་བྱིས་པས་སློབ་གསོ་མྱོང་བར་བཀོད་སྒྲིག་བྱས་ཤིང་། མིག་སྔར། ཁུལ་ཡོངས་སུ་སློབ་གྲྭ་འགྲིམས་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པ་བདུན་ཅུ་ཡོད་པ་དང་། དབང་བོ་སྐྱོན་ཅན་བྱིས་པས་སློབ་གསོ་མྱོང་བའི་གཞི་རྩའི་ཁེ་ཕན་འགན་སྲུང་བྱས།
ལོ་ལྔའི་རིང་ལ། ཁུལ་དེས་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་འགན་སྲུང་གྲོན་དངུལ་དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སློབ་གསོའི་ཁ་གསབ་གྲོན་དངུལ། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བཅུད་སོགས་སློབ་གསོའི་ཕྱོགས་ཀྱི་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་བཞི་ལྷག་བཏང་ཞིང་། དེ་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དུས་སྐབས་དང་བསྡུར་ན་བརྒྱ་ཆའི་བརྒྱ་དང་བཅོ་བརྒྱད་འཕར་སྣོན་བྱུང་།
ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དེ་སྒུལ་ཤུགས་སུ་བརྩིས་ཏེ། བདེ་འཇགས་དང་དར་སྤེལ་གྱི་ལས་འགན་ཆེན་པོ་དེ་གཉིས་ལ་དམ་པོར་དམིགས་ནས། རྨ་ལྷོ་ཁུལ་གྱིས་མཛེས་སྡུག་གི་མཁར་གྲོང་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལྟར། མཁར་གྲོང་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཞིང་། མཁར་གྲོང་གི་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་བཏང་བ། དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་བྱས། ད་སྐབས། ཁུལ་ཡོངས་ཀྱི་མཁར་གྲོང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཏེ། མཁར་གྲོང་གི་ནུས་པ་རིམ་བཞིན་འཐུས་ཚང་དང་། མཁར་གྲོང་གི་ཕྱོགས་བསྡུས་ཐེག་ནུས་ཆེས་ཆེར་ཇེ་དྲག་ཏུ་གྱུར་ཡོད་ཅེས་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་ཆའོ་ཞེ་ཀྲི་ཡིས་དེ་ལྟར་བཤད་བྱུང་།
ཉེ་བའི་ལོ་ལྔའི་ནང་རྨ་ལྷོ་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་བདུན་ལྷག་བཏང་ཏེ། རྨང་གཞི་སྒྲིག་ཆས་ལས་གཞི་ཞེ་གཉིས་ཡོངས་འགྲུབ་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་བཅུ་གཉིས་ལྷག་བཏང་ཏེ། འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་སྤྱིལ་ཁྱིམ་ས་ཁུལ་གྱི་སྡོད་ཁང་ཁྲི་གསུམ་ལྷག་འཛུགས་སྐྲུན་དང་བསྒྱུར་བཀོད་བྱས། མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བརྒྱད་བཏང་ཏེ། སྡེ་བ་དོན་བརྒྱད་ནས་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱས། མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་ལྷག་བཏང་ཏེ། ཁྱིམ་ཚང་ཁྲི་གསུམ་སྟོང་གཉིས་ལྷག་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་སྤྱིལ་ཁྱིམ་ས་ཁུལ་གྱི་སྡོད་ཁང་བསྒྱུར་བཀོད་བྱས།
ཉེ་བའི་ལོ་ལྔའི་རིང་། རྨ་ལྷོ་ཁུལ་གྱིས་མཁར་གྲོང་དོ་དམ་དང་མཁར་གྲོང་འཆར་འགོད་འཛུགས་སྐྲུན་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་ཏེ། འཛུགས་སྐྲུན་དོ་དམ་མཉམ་འཛིན་གྱི་རྩ་དོན་ལྟར། རྒྱུན་ཆད་མེད་པར་མཁར་གྲོང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བྱས་པའི་དུས་མཚུངས་སུ། དོ་དམ་ལ་ཤུགས་སྣོན་དང་ཐོན་ཁུངས་ཧྲིལ་བསྡུས། མི་སྣ་འཐུས་ཚང་། འགན་འཁྲི་བྱེ་བྲག་བཅས་སུ་བཏང་ཏེ། སྡོད་དམངས་ཀྱི་གཞི་རྩའི་དགོས་མཁོ་སྐོང་བ་དང་མཁར་གྲོང་གི་ཕྱོགས་བསྡུས་ཐེག་ནུས་ཇེ་དྲག་ཏུ་གཏོང་བར་ནུས་པ་གལ་ཆེན་བཏོན།
ཉེ་བའི་ལོ་ལྔའི་རིང་། རྨ་ལྷོ་ཁུལ་གྱིས་འཆར་འགོད་སྣེ་ཁྲིད་བྱ་བ་གནད་སར་བཞག་ཏེ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་། སྡེ་བའི་རྣམ་པ་ལེགས་པོ་གསར་བསྐྲུན་བྱས་ནས། མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་བྱ་བར་གྲུབ་འབྲས་གསར་བ་བླངས། «རྨ་ལྷོ་ཁུལ་རྫོང་ཁོངས་ཀྱི་གྲོང་རྡལ་མ་ལག་འཆར་འགོད»བཟོ་སྒྲིག་བྱས་པའི་རྨང་གཞིའི་སྟེང་། སྡེ་བ་རེ་ལ་འཆར་འགོད་རེ་དང་སྡེ་བ་རེ་ལ་ཁྱད་ཆོས་རེ། སྡེ་བ་རེ་ལ་ཁྱད་ཐོན་རེ་བཅས་ཀྱི་རྩ་དོན་ལྟར། མང་གྲོས་བློ་བསྡུ་བྱས་ཏེ། ཚད་གཞི་མཐོན་པོའི་སྒོ་ནས་འཛུགས་སྐྲུན་སྡེ་བ་ཉིས་བརྒྱ་ང་དྲུག་གི་སྡེ་བ་འཛུགས་སྐྲུན་འཆར་འགོད་བཟོ་སྒྲིག་ལེགས་པོ་བྱས་པ་མ་ཟད། སྡེ་བ་སོ་སོའི་འཕེལ་རྒྱས་རྨང་གཞི་དང་མི་གྲངས་མང་ཉུང་སོགས་ཐད་ཀྱི་གནས་ཚུལ་དངོས་ལ་དམིགས་ཏེ། སྡེ་བ་དང་སྟུན་ནས་ཐབས་ཇུས་ལག་བསྟར་བྱས་པ་དང་། སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་སྡེ་བ་དང་མིང་གྲགས་གྲོང་རྡལ་སྲུང་སྐྱོབ་བྱེད་པར་མཐོང་ཆེན་བྱས་ཏེ། གང་འདོད་དུ་བཤིག་པ་དང་འཛུགས་སྐྲུན་བྱེད་པ་གཏན་འགོག་བྱས་ཤིང་། གཅིག་སྡུད་བྱེད་པར་འཚམ་ན་གཅིག་སྡུད་བྱེད་པ་དང་ཐར་ཐོར་གཏོང་བར་འཚམ་ན་ཐར་ཐོར་དུ་གཏོང་བའི་རྩ་དོན་ལྟར་དུ། མཐོ་སྒང་གི་མཛེས་པའི་ཞང་སྡེ་འཛུགས་སྐྲུན་དང་ས་དེའི་རིག་གནས་སྣང་ཚུལ། རང་བྱུང་མཛེས་ལྗོངས། རིག་གནས་གྲུབ་ཆ་བཅས་ཕན་ནུས་ལྡན་པར་མཉམ་འདྲེས་ཡོང་བར་བྱས་པས། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཡོངས་ཁྱབ་ཀྱི་གཟེངས་བསྟོད་ཐོབ།
ལོ་ཙཱ་བ། སྒྲོལ་མ་སྐྱིད།