“ཏན་ཏན་ཏིག་ཏིག་བཞི”མཚོ་སྔོན་ནས་རྩ་པ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་དགོས།
2016.12.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

 འདས་པའི་ལོ་ལྔ་ནི་ཕྱོགས་བསྡུས་དངོས་ཤུགས་འཕར་སྣོན་བྱུང་པ་ཅུང་མགྱོགས་པ་དང་། ཞང་དང་གྲོང་རྡལ་གྱི་རྣམ་པ་མངོན་གསལ་སྒོས་ལེགས་བཅོས་བྱུང་བའི་ལོ་ལྔ་དང་།  དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་པ་དང་སྤྱི་ཚོགས་ཆེ་ཕྱོགས་འཆམ་མཐུན་དང་བརྟན་འཇགས་ཡིན་པའི་ལོ་ལྔ་ཡིན་ལ།   བྱ་བ་གལ་ཆེན་དང་འགངས་ཆེན་བདེ་བླག་ངང་འགྲུབ་པ་དང་ལྷག་པར་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་གྲུབ་འབྲས་མང་པོ་ཐོབ་པའི་ལོ་ལྔ་ཡིན།

འཕེལ་རྒྱས་ཀྱི་གཞི་རྩའི་དམིགས་ཡུལ་ནི་མི་དམངས་མང་ཚོགས་ཀྱི་འཚོ་བ་ཆེས་ཆེར་ཇེ་ལེགས་སུ་གཏོང་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་ནས་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བ་ནི་རིམ་པ་སོ་སོའི་འགོ་ཁྲིད་པའི་འགན་འཁྲི་ཡིན།  རྩྭ་ཐང་གི་འབྲོག་དམངས་ཀྱི་བུ་བུ་མོ་སློབ་གྲྭར་འགྲོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་ཁུལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་སློབ་སྔོན་སློབ་གསོ། སློབ་འབྲིང་བཟོ་སྐྲུན་དང་ཉམས་ཞན་གྱི་མཐོ་འབྲིང་སློབ་གྲྭ། འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ  ཧྲང་ཧེ་རོགས་སྐྲུན་ལས་གཞི་སོགས་ནས་འགོ་བརྩམས་ཏེ་སློབ་གསོའི་ཐོན་ཁུངས་ལུགས་མཐུན་སྒོས་སྒྲིག་སྦྱོར་བྱེད་པ་དང་། ཞང་དང་གྲོང་རྡལ་བར་གྱི་ཁྱད་པར་ཇེ་ཆུང་དུ་གཏོང་བ། ས་གནས་ཁྱབ་ཁོངས་ཀྱི་བར་དང་སློབ་གྲྭའི་བར་གྱི་ཁྱད་པར་ཇེ་ཆུང་དུ་བཏང་། ལོ་ངོ་ལྔའི་རིང་ལ་ཁུལ་ཡོངས་ཀྱིས་སློབ་གསོ་འཛུགས་སྐྲུན་ལས་གཞི་སུམ་བརྒྱ་དང་བཅོ་ལྔ་ལག་བསྟར་བྱས་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་བརྒྱ་དང་ཉེར་ལྔ་སྒྱུར་བཅོས་དང་འཛུགས་སྐྲུན་བྱས།  དེའི་ནང་དུ་བུ་བཅོལ་ཁང་དྲུག་ཅུ་རེ་གཅིག་འདུས། དེ་ལོ་ལྔའི་འཆར་གཞི་བཅུ་གཅིག་པ་དང་བསྡུར་ན་མུས་རྒྱ་དཔངས་གྲུ་བཞི་མ་ཉེར་དྲུག་དང་གྲངས་ཆུང་དྲུག་གཉིས་ཀྱིས་ཇེ་མང་དུ་སོང་ཡོད། རིམ་བསགས་ཀྱིས་མ་དངུལ་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་ལྔ་བྱེ་བ་བརྒྱད་བཏང་བ་དེའང་ལོ་ལྔའི་འཆར་གཞི་བཅུ་གཅིག་པ་དང་བསྡུར་ན་སྒོར་ཐེར་ཆེན་གཅིག་དང་དུང་ཕྱུར་གསུམ་བྱེ་བ་བདུན་གྱིས་མང་།

ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གཅིག་སྒྲིལ་རྫོང་ཁང་གསར་ཞང་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཐོག་ཁང་ནང་བྱིས་པ་རྣམས་ཀྱི་དཔེ་ཀློག་གི་སྒྲ་དབྱངས་བར་མེད་དུ་ཁྱབ་ཡོང་། སྔ་དྲོའི་དུས་ཚོད་བཅུའི་སྟེང་། སློབ་རིམ་པའི་ལྔ་བའི་འཛིན་གྲྭ་གཉིས་པའི་སློབ་ཁང་ནང་གི་དྲོད་གྲངས་བཅུ་དགུ་རུ་ཐོན་ཡོད་པ་དང་། འཛིན་གྲྭ་དེའི་སློབ་མ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ང་འདི་ལྟ་བུའི་གསལ་ཞིང་དྲོད་ཁོལ་ལྡན་པའི་སློབ་ཁང་ནང་དུ་སློབ་སྦྱོང་བྱེད་པར་ཧ་ཅང་དགའ། རང་ཡུལ་ལས་ཀྱང་སློབ་ཁང་སྐྱིད་པོ་རེད་ཟེར།

དཔལ་ཡུལ་སློབ་ཆུང་གི་སློབ་གཙོ་གསང་བདག་གིས་བཤད་རྒྱུར། སྔོན་ཆད་དགུན་དུས་སུ་སློབ་མ་ང་བཅུ་ལྷག་གིས་མུས་གྲུ་བཞི་མ་བརྒྱད་ཅུ་ཡོད་པའི་སློབ་ཁང་ནང་ལྕགས་ཐབ་ཆུང་ཆུང་ཞིག་འབུད་དགོས་པ་དང་། འབུད་རྒྱུ་ཨོང་བ་དང་རྡོ་སྲོལ་ཡིན་ལ་ཐོག་ཁང་གི་བར་ཁྱམས་སུ་རྡོ་སྲོལ་སོགས་འབུད་རྒྱུས་བཀང་འདུག་པས་སློབ་ཁང་ནང་དུའང་འགྲོ་དཀའ། ད་སྐབས་ང་ཚོའི་སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱས་པ་དང་སློབ་ཁང་ནང་གི་དྲོད་ཚད་ཀྱང་ཇེ་མཐོར་སོང་པས་སློབ་མ་རྣམས་ལ་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་ཟེར།

ད་ལོ་ནས་བཟུང་ལོ་གསུམ་གྱི་སློབ་སྔོན་སློབ་གསོར་སློབ་ཡོན་མེད་པར་བཏང་པ་དང་མཐོ་འབྲིང་གི་སློབ་གསོའི་རོགས་དངུལ་དེ་སྔོན་ཆད་ཀྱི་སྒོར་སྟོང་གཅིག་དང་ཉིས་བརྒྱ་ནས་སྟོང་གཉིས་དང་བཞི་བརྒྱར་ཇེ་མཐོར་གཏོང་བ་མངོན་འགྱུར་བྱས་པ་མ་ཟད། ད་དུང་ཧུར་ཐག་སྒོས་སློབ་མ་རེར་ལོ་རེར་སྒོར་སུམ་བརྒྱ་ཡི་སྤྱི་སྤྱོད་གྲོན་དངུལ་སྟེར་བ་དངོས་འབེབས་བྱས་པ་དང་། ཕྱོགས་ཡོངས་ནས་སློབ་གསོའི་རྒྱུ་སྤུས་ལ་ལྟ་སྐུལ་བྱེད་པའིབཟོ་སྐྲུན་ལག་བསྟར་བྱས་པས། སློབ་གསོའི་ལས་དོན་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་ཞིག་ཆགས་འདུག

ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་མཇུག་ཏུ་ཁུལ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་བྱེ་བ་དྲུག་ས་ཡ་བདུན་དུ་འཕར་བ་དང་ལོ་རེར་གྲངས་གནས་གཉིས་ཀྱིས་འཕར་བ་མངོན་འགྱུར་བྱུང་། ས་གནས་ཀྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་སྒོ་སྔོན་ཆད་ཀྱི་སྒོར་བྱེ་བ་བརྒྱད་དང་ས་ཡ་ལྔ་ནས་སྒོར་དུང་ཕྱུར་བཞི་དང་ས་ཡ་བཞི་རུ་འཕར་བ་དེ་ལྡབ་གསུམ་གྱིས་ཇེ་མང་དུ་སོང་། སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་དྲུག་ཡིན་པ་དེ་སྒོར་ཐེར་ཆེན་དྲུག་དང་དུང་ཕྱུར་བདུན་བྱེ་བ་བརྒྱད་ས་ཡ་གཉིས་ལ་འཕར་བ་དེའང་ལྡབ་གསུམ་གྱིས་མང་། རིམ་བསགས་བྱས་ན་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གསུམ་དུང་ཕྱུར་དགུ་བྱེ་བ་དགུ་ས་ཡ་བརྒྱད་ཀྱི་ལས་གཞི་ཡོངས་སུ་འགྲུབ་པ་དེ་ལོ་ལྔའི་འཆར་གཞི་བཅུ་གཅིག་པ་དང་བསྡུར་ན་ལྡབ་བཞི་ཡིས་མང་བ་སོགས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གཏན་འཁེལ་བྱས་པའི་དམིགས་འབེན་སྣ་ཚོགས་ཀྱི་ལས་འགན་ཡོངས་སུ་འགྲུབ།

རྨང་གཞིའི་སྒྲིག་ཆས་ཡང་དང་བསྐྱར་དུ་ཇེ་ལེགས་སུ་བཏང་བས་མགོ་ལོག་ཁུལ་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་ཐུབ་བའི་ཡིད་ཆེས་ཇེ་བརྟན་དུ་གྱུར།  འབྲོག་པ་མཁའ་འགྲོ་ཡིས་རྟ་བོ་གྲོང་རྡལ་བག་མ་སྡེ་བ་ནས་ལོ་ངོ་སོ་གཅིག་གི་རིང་འཚོ་བ་རོལ་བ་དང་། མཇོ་རྒན་ར་བར་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་དེ་ཁོ་ཚང་གི་སྒོ་ཁ་རུ་བརྒྱུད་ཡོད། མཁའ་འགྲོས་གདོང་ལ་མཛུམ་གྱིས་ཁེངས་ནས་བཤད་རྒྱུར། སྔོན་ཆད་ས་ལམ་ཡིན་པས་ཁངས་ཆར་བབས་སྐབས་ཕར་འགྲོ་ཚུར་ཡོང་བྱེད་པར་ཧ་ཅང་སྟབས་མི་བདེ། རྗེས་སུ་སྲིད་གཞུང་གིས་ཞང་སྡེའི་གཞུང་ལམ་ཞིག་ལས་པས་ངེད་ཚང་གི་ཁྱིམ་མི་ཚང་མ་དགའ་སྤྲོ་སྐྱེས་ཏེ་འཕྲུལ་རྟ་ཞིག་ཉོས་ནས་རྫོང་ལ་འགྲོ་ནའང་སྟབས་ཧ་ཅང་བདེ། ད་སྐབས་ངེད་ཚང་གི་སྒོ་ཁ་ན་མྱུར་བགྲོད་གཞུང་ལམ་ལས་བཞིན་ཡོད་པས་རྗེས་སུ་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་བ་དང་འཚོ་བའང་ཇེ་སྐྱིད་ནས་ཇེ་སྐྱིད་ཡིན་ངེས་ཟེར།

མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་སྔ་མོ་ནས་འགྲུབ་པར་མཁའ་འགྲོ་ཚང་དང་བཅས་པའི་སྡེ་མི་ཚང་མས་རེ་བ་བྱེད་བཞིན་ཡོད།  མགོ་ལོག་ས་ཆའི་མི་དམངས་ཀྱིས་མགོ་ལོག་དམངས་སྤྱོད་མཁའ་འགྲུལ་བདེ་བླག་ངང་འགྲུབ་པར་ཧ་ཅང་དོ་སྣང་བྱེད་ཀྱིན་ཡོད། གནམ་གྲུ་ཐང་ལེགས་འགྲུབ་བྱུང་རྗེས་མགོ་ལོག་རྩྭ་ཐང་ལ་ནམ་མཁའི་གསེར་ཟམ་ཞིག་ཡོད་པར་གྱུར། ཉིན་གཅིག་གི་རིང་ལ་མཐོ་སྒང་ནས་ནང་ལོག་དང་ནང་ལོག་ནས་མཐོ་སྒང་དུ་ཐོན་པའི་རེ་བ་མངོན་འགྱུར་བྱུང་།  མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་དང་གུང་ཧོ་ནས་ཡུལ་ཧྲུའུ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱས་པ་དེས་མགོ་ལོག་ལ་མྱུར་བགྲོད་གཞུང་ལམ་མེད་པའི་སྟོང་ཆ་དེ་བསྐང་བ་དང་། མི་འགྱངས་བར་ཁུལ་ནང་ཁུལ་ནས་དུས་ཚོད་གསུམ་གྱི་རིང་ཕན་ཚུན་ལ་ཐོན་ཐུབ་པའི་སྟབས་བདེ་གཞུང་ལམ་གྱི་རྣམ་པ་ཆགས་ངེས།

རྨ་ཆུའི་དམར་སྟེང་ཆུ་གློག་ས་ཚིགས་དེ་མགོ་ལོག་ཁུལ་གྱི་ནང་ཁུལ་ནས་འཛུགས་སྐྲུན་བྱས་པའི་ཆེས་ཆེ་བའི་ཆུ་གློག་ས་ཚིགས་ཤིག་ཡིན་པ་དང་། སྟོང་ཝ་སུམ་བརྒྱ་དང་སུམ་ཅུ་ཅན་གྱི་མཐོ་གནོན་གློག་རྒྱུགས་གློག་སྐུད་མགོ་ལོག་ས་ཁུལ་ལ་འཐེན་པ་དང་སྟོང་ཝ་བརྒྱ་དང་བཅུ་ཅན་གྱི་ཕན་ཚུན་གློག་རྒྱུགས་ཀྱི་དྲ་བ་སོགས་གློག་གི་དྲ་བ་འཛུགས་སྐྲུན་བྱས་ཏེ་མགོ་ལོག་ས་ཁུལ་ལ་གློག་གིས་མི་འདང་བའི་གནས་ཚུལ་རྩ་བ་ནས་མེད་པར་བཏང་།  དེ་དང་མཉམ་དུ་མཛེས་པའི་གྲོང་རྡལ་དང་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་པའི་བྱ་བ་ཤུགས་ཆེན་གྱིས་དར་སྤེལ་དུ་བཏང་སྟེ། མཁར་གྲོང་གི་རྣམ་པ་ལེགས་བཅོས་བྱེད་པ་དང་རིག་གནས་ཁང་དང་ལུས་རྩལ་ར་བ་སོགས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཞང་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་ཆས་མང་པོ་འཛུགས་སྐྲུན་བྱས་ནས་ཞང་དང་སྡེ་བའི་རྣམ་པ་ཡོངས་ཁྱབ་ཏུ་ལེགས་བཅོས་བྱས། ཁུལ་ཡོངས་སུ་འགན་སྲུང་རང་བཞིན་གྱི་ཁང་པ་ཁྲི་གཅིག་དང་བཞི་བརྒྱ་བཅུ་དང་འབྲོག་དམངས་གཏན་སྡོད་ཁང་པ་ཁྲི་གཅིག་དང་སྟོང་གཅིག་བཞི་བརྒྱ་སོ་གསུམ་འཛུགས་སྐྲུན་བྱས་ཚར་ནས་བཀོལ་སྤྱོད་བྱེད་བཞིན་ཡོད། ཁྱིམ་ཚང་ཁྲི་གཅིག་དང་སྟོང་དགུ་དྲུག་བརྒྱ་གོ་གསུམ་ཁང་པ་གསར་བའི་ནང་གནས་སྤར། རིག་གནས་གྲོང་ཁྱེར་འཛུགས་སྐྲུན་དང་མགོ་ལོག་ལ་མཉམ་འབྲེལ་དྲ་བ་འཐེན་པ་དེས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ཁྱིམ་ནས་གནམ་འོག་གི་དོན་ཆེན་ཤེས་ཐུབ་པར་གྱུར།

མགོ་ལོག་གིས་སྐྱེ་ཁམས་གོ་གནས་དང་སྐྱེ་ཁམས་རིན་ཐང་ལ་གོ་བ་གང་ལེགས་བླངས་སྟེ་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་གཙོ་བོར་འཛིན་པའི་འདུ་ཤེས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་ལ་འབྲེལ་དགོས།
འདས་པའི་ལོ་ལྔའི་ནང་རིམ་བསགས་ཀྱིས་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་དྲུག་བཏང་སྟེ། སེམས་ཞིབ་མོས་རྩ་འཛུགས་བྱས་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་སྐོར་དང་པོ་དང་སྐོར་གཉིས་པ་ལག་བསྟར་བྱས་པ་དང་། ཤུགས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་གི་འབུར་དུ་ཐོན་པའི་གནད་དོན་དག་ཐེར་དང་བཅོས་སྐྱོང་བྱས་པའི་རྨང་གཞིའི་སྟེང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུ་གླིང་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་ལག་བསྟར་བྱས་པ་དང་། དོ་དམ་དང་སྲུང་སྐྱོབ་བྱེད་པའི་སྒྲིག་གཞི་གསར་བའི་འོག  མགོ་ལོག་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱ་བ་དེ་སྔར་ལས་ལྷག་པའི་སྒོ་ནས་ཡར་རྒྱས་གོང་འཕེལ་དུ་འགྲོ་ངེས། 

ཧུར་ཐག་སྒོས་སྐྱེ་ཁམས་ཁ་གསབ་དང་སྐྱེ་ཁམས་སྲུང་སྐྱོབ་བྱས་ནས་གྲུབ་འབྲས་ལེན་པའི་ལམ་ལུགས་དར་སྤེལ་བཏང་སྟེ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱས་ནས་འབྲོག་དམངས་ལ་བྱ་དགའ་དང་ཁ་གསབ་བྱིན། ཆུ་བོ་འབྲིང་ཆུང་གི་བཞུར་རྒྱུན་བཅོས་སྐྱོང་བྱེད་པ་དང་ཞིང་སྡེ་བདེ་འཇགས་ཆུ་སོགས་ཀྱི་ཆུ་བེད་བཟོ་སྐྲུན་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ་ཞིང་སྡེ་ཁོར་ཡུག་དང་ཁྱིམ་གཞི་མཛེས་པར་བྱེད་པ། གཙང་གསུམ་འབྱུང་ཡུལ་དག་གཙང་བྱེད་པའི་བྱ་བ་རྒྱུན་མཐུད་ངང་སྤེལ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་དེ་སྐྱེ་ཁམས་ཁོར་ཡུག་བཟོ་སྐྲུན་གྱི་བྱ་བ་རེ་རེ་ལག་བསྟར་བྱེད་པའི་ཁྲོད་དུ་མངོན་པ་དང་རྨ་ཆུའི་འགོ་ཁུངས་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་དང་བདེ་སྐྱིད་ཀྱི་ཚད་གཞི   དམངས་ཚིས་ལེགས་བཅོས་བཅས་ལ་འབྲེལ་བ་ཡོད་པ་གསལ་བོར་མངོན་འདུག
མཚོ་ངོས་ལས་མཐོ་ཚད་མུས་བཞི་བརྒྱ་དང་སུམ་ཅུ་ཡིན་པའི་མཐོ་སྒང་འདི་རུའང་སྔོ་ཚོད་སྐྱེས་ཐུབ་པ་དང་། ཕ་མེས་ཡང་མེས་ནས་མཐོ་སྒང་འདི་རུ་འཚོ་བ་རོལ་བའི་རྨ་སྟོད་རྫོང་གི་འབྲོག་དམངས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་འདི་འདྲའི་སྔོ་ཚོད་གསར་བ་ཟ་ཐུབ་པ་རྨི་ལམ་དུའང་རྨིས་མ་མྱོང་།
རྨ་སྟོད་རྫོང་གི་རྨ་ཁྲ་ལི་སྐྱེ་ཁམས་གནས་སྤོར་སྡེ་བའི་ཁྱིམ་ཚང་རེ་རེར་གྲལ་དག་པ་དང་དཀར་ཞིང་གསལ་བའི་ཁང་པ་ཡོད་ལ། རིག་གནས་གྱང་ངོས་སུ་རོང་འབྲོག་པའི་འཚོ་བ་གསར་བའི་གནས་ཚུལ་གསལ་བོར་བྲིས་འདུག་པ་དང་། སྔོ་ཚོད་འདེབས་སའི་དྲོད་ཁང་བརྒྱད་ཡོད་པའི་ནང་སྔོ་ཚོད་སྣ་ཚོགས་བཏབ་ཡོད། ལོ་གཅིག་གི་ནང་སྔོ་ཚོད་ཐེངས་ལྔར་འདེབས་པ་དང་། ཐེངས་རེར་སྔོ་ཚོད་སྣ་ཁ་བཅུ་དགུ་བཏབ་ཆོག་པས་ལོ་རེའི་ཐོན་ཚད་སྤྱི་རྒྱ་ཁྲི་གཉིས་དང་སྟོང་ལྔ་ཡིན་ལ།  རིན་ཐང་སྒོར་འབུམ་གཅིག་དང་ཁྲི་དྲུག་རེད། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་དང་གཅིག་ལ་ལོ་རེའི་སྔོ་ཚོད་ཀྱི་ཡོང་སྒོ་སྒོར་བརྒྱད་བརྒྱ་རེད།

རྨ་ཁྲ་ལི་སྡེ་བའི་ལོ་དྲུག་ཅུར་བུད་པའི་སྡེ་མི་ཞིག་གིས་བཤད་རྒྱུར། ཚེ་གང་པོར་འཚོ་བ་རོལ་ཀྱང་རང་ཁྱིམ་གྱི་སྒོ་ཁ་ནས་བཏབ་པའི་སྔོ་ཚོད་ཟས་པ་ཐེངས་དང་པོ་ཡིན་ཞེས་བཤད་ཞོར་དུ་མཐེ་བོང་བསྒྲེངས་ནས་བསྟོད་པ་བྱས།
དེང་སྐབས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་འཛུགས་སྐྲུན་བྱེད་པའི་འདུ་ཤེས་དེ་གནས་དེའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་བརྟན་པོར་ཆགས་ཡོད། ས་གནས་ཁ་ཤས་ཀྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དུ་གྱུར་བའི་གནས་བབ་ལ་ཕན་ཡོད་སྒོས་ཚོད་འཛིན་བྱས་པས་རྨ་ཆུའི་འགོ་ཁུངས་སུ་ཡང་བསྐྱར་མཚོའུ་སྟོང་རྒྱས་པ་མ་ཟད། དྭངས་གསལ་གྱི་ནམ་ཟླ་དང་སྔོ་ལྗང་གི་རྩྭ་ཐང་། རི་གཙང་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་པོ་དེས་མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིངས།

ཉེ་བའི་ལོ་འགའི་རིང་ལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱད་ཆོས་ཅན་གྱི་ཐོན་ཁུངས་སྟོབས་ཤུགས་ལ་བརྟེན་ཏེ་ཁ་ཕྱོགས་སྒྱུར་བ་དང་སྒྲིག་གཞི་སྙོམ་སྒྲིག་བྱེད་པ། ཚོང་རྫས་གྲགས་ཅན་སྐྲུན་པ། ཡོང་སྒོ་འཕར་བར་བྱེད་པ་སོགས་དམིགས་ཡུལ་དུ་བཟུང་ནས་ཁྱད་ལྡན་ཐོན་རྫས་ཐོན་སྐྱེད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་པ་དང་། སྐྱེ་ཁམས་ཀྱི་ཐོན་རྫས་རྩྭ་ཐང་ནས་ཕྱི་ཕྱོགས་སུ་སྐྱོད་པ་དང་ཡང་ན་སྔར་ལས་ཆེ་བའི་ཚོང་ར་རུ་སྐྱོད་པ་དར་སྤེལ་དུ་བཏང་།

ལོ་ངོ་ལྔའི་རིང་ལ། ཁུལ་ཡོངས་ཀྱིས་ནོར་ལུགས་གསོ་སྤེལ་བྱེད་ས་དང་གཟན་རྩྭ་འདེབས་ས། འོ་མའི་ཐོན་ཁུངས་ཀྱི་རྟེན་གཞི་སོགས་ཐོན་ལས་ཅན་གྱི་རྟེན་གཞི་དྲུག་ཅུ་རེ་བརྒྱད་བཙུགས་པ་དང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་དཔལ་འབྱོར་རྩ་འཛུགས་ཀྱིས་ཁུལ་ཡོངས་ལ་ཁེབས་པར་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱས། ཞིང་ཕྱུགས་ལས་ཀྱི་ཐོན་རྫས་བཅུ་ས་གཤིས་མཚོན་རྟགས་ཀྱི་མིང་ཐོའི་ནང་ཚུད་པ། “གཅིག་སྒྲིལ་ནོར་ནག”དང“དགའ་བདེ་ནོར་ནག”སོགས་ཞིང་ཕྱུགས་ཐོན་རྫས་ལྔ་ལ་ཞིང་ལས་པུའུ་ཡིས་ས་གཤིས་མཚོན་རྟགས་ཀྱི་དཔང་ཡིག་བྱིན། དགའ་བདེ་རྫོང་གི་རྩྭ་ས་མུའུ་བྱེ་བ་གཅིག་དང་གཅིག་སྒྲིལ་རྫོང་གི་ནོར་ནག་ཐོན་རྫས་ཉེར་གཉིས་ལ་སོ་སོར་ཞིང་ལས་པུའུ་ཡི་ཁས་ལེན་དཔང་ཡིག་ཐོབ། རིམ་བསགས་བྱས་ན་ཚོང་རྟགས་ཉིས་བརྒྱ་དང་ཉེར་གཉིས་ཐོ་འགོད་བྱས། དེའི་ནང་དུ་ཁྱད་ལྡན་ཐོན་རྫས“5369ནོར་ནག་ཤ”དང“མར་ལོ་འོ་རྗས”གཉིས་ལ་ཞིང་ཆེན་རིམ་པའི་མིང་གྲགས་ཚོང་རྫས་ཀྱི་མཚན་སྙན་ཐོབ།

རྗེས་ཕྱོགས་ཀྱི་ལོ་ལྔའི་ནང་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པ་དང་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་པའི་བསམ་བློའི་མཛུབ་སྟོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཕྱོགས་ཡོངས་ནས་ཏང་གིས་བོད་ཁམས་སྐྱོང་བ་དང་བོད་ཁམས་དར་རྒྱས་སུ་གཏོང་བ། བོད་ཁམས་བརྟན་འཇགས་སུ་གཏོང་བའི་གཞི་རྩའི་ཐབས་ཇུས་བཅས་ཡིན། དབུལ་ཐར་མཁྲེགས་གཏོར་དང་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དམིགས་ཡུལ་དུ་བཟུང་ནས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་འཆར་འགོད་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག  “འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས ”བཅས་ཀྱི་རེ་བ་ལྟར། དམངས་ཚིས་ལེགས་བཅོས་བྱེད་པ་འགོ་རྩོམ་ས་དང་མི་སེམས་གཅིག་ཏུ་བསྡུ་བ་རྐང་ཚིགས་སར་བརྩི་བ། གསར་སྐྲུན་དང་གསར་གཏོད་བྱེད་པ་དང་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་ཤུགས་ཕུལ་སར་བརྩིས་ཏེ། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་བྱེད་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡི“131”གི་སྤྱིའི་རེ་བ་དང་མགོ་ལོག་ཁུལ་ཏང་ཨུ་ཡི“169”ཡི་སྤྱིའི་འཕེལ་རྒྱས་བསམ་ཕྱོགས་ལག་ལེན་ཟབ་མོ་དང་དངོས་འབེབས་དོན་འཁྱོལ་བྱས་ནས་ཏན་ཏན་ཏིག་ཏིག་སྒོས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་ཏན་ཏན་ཏིག་ཏིག་སྒོས་སྐྱེ་ཁམས་ཁོར་ཁུག་སྲུང་སྐྱོབ་བྱེད་པ་དར་སྤེལ་དུ་གཏོང་། ཏན་ཏན་ཏིག་ཏིག་སྒོས་དམངས་ཚིས་ལེགས་བཅོས་བྱེད་པར་འགན་སྲུང་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། ཏན་ཏན་ཏིག་ཏིག་སྒོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་བ། དཀའ་གནད་སེལ་བ་དང་མི་འདང་སར་ཁ་གསབ་བརྒྱབ་སྟེ་འབད་བརྩོན་གྱིས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མགོ་ལོག་འཛུགས་སྐྲུན་བྱེད་དགོས།

རྗེས་ཕྱོགས་ཀྱི་ལོ་ལྔའི་ནང་། ཁུལ་ཡོངས་ཀྱི་འཕེལ་རྒྱས་དམིགས་འབེན་ནི་2020ལོར་ཐོན་དུས་ཁུལ་ཡོངས་ཀྱི་ས་ཁུལ་དུ་ཐོན་སྐྱེད་སྤྱིའི་ཐོན་རིན་2010ལོ་ལས་ལྡབ་གཅིག་གིས་འཕར་དུ་འཇུག་པ་དང་། ཞང་དང་གྲོང་རྡལ་མི་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དང་རྨང་གཞིའི་སྤྱིའི་ཞབས་ཞུ་གཙོ་བོའི་ཚད་གཞི་ཕལ་ཆེར་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར“བརྒལ་གཏོར་གསར་བ་དྲུག”མངོན་འགྱུར་བྱས་ནས་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་རྒྱུ་རེད།
ད་ལོའི་ཟླ་བཅུ་གཅིག་པའི་ནང་ཀྲུང་གུང་གུང་ཁྲན་ཏང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་གཟབ་རྒྱས་ངང་ཚོགས། ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་མཇུག་རྫོགས་རྗེས། ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི། དགའ་བདེ་རྫོང་ཆུ་འབྲི་ཞང་གི་ཏང་ཨུའི་ཧྲུའུ་ཅི་རིན་ཆེན་རྒྱ་མཚོས་གསར་འགོད་པས་བཅར་འདྲི་དང་དུ་བླངས་ནས་བཤད་རྒྱུར།   ང་ནི་གཅིག་དགུ་གོ་བདུན་ལོར་བྱ་བར་ཞུགས་པ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འཕེལ་རྒྱས་དང་གཟི་བརྗིད་ཀྱི་རྒྱུད་རིམ་ཚང་མ་དངོས་སུ་མཐོང་མྱོང་།
ལོ་ལྔའི་ཡར་སྔོན་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དེ་བལྟོས་བཅོས་ཀྱིས་རྗེས་ལུས་ཡིན་ལ་སྤྱི་ཚོགས་བདེ་འཇགས་གནས་བབ་རྙོག་འཛིང་ཡིན་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དཀའ་ཁག་ཆེ་བ། སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་ཧ་ཅང་ཉམས་ཞན་ཡིན་པ་དང་ཁྱད་ཆོས་ལྡན་པ་དང་ཁྱད་སྟོབས་ཅན་གྱི་ཐོན་ཁུངས་ཐོན་རྫས་སུ་འགྱུར་བ་དལ་བ་སོགས་ཀྱི་གནད་དོན་ཅུང་འབུར་ཐོན་ཡིན། དེང་སྐབས་མགོ་ལོག་དམངས་སྤྱོད་གནམ་གྲུ་ཐང་བདེ་བླག་ངང་འགྲུབ་པ་དང་མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར་གྱི་མྱུར་མགྲོད་གཞུང་ལམ་སང་ལོར་འགྲུབ་པ། གློག་ཤུགས་འཛུགས་སྐྲུན་སྐོར་ཞིག་གིས་མགོ་ལོག་ཁུལ་ལ་སྔོན་ཆད་གློག་འདོན་སྤྲོད་བྱེད་དཀའ་བའི་གནད་དོན་རྩ་བ་ནས་ཐག་བཅད་པ་མ་ཟད། ད་དུང་རིག་གནས་གྲོང་ཁྱེར་འཛུགས་སྐྲུན་དང་གློག་དྲ་འཛུགས་སྐྲུན་བྱས་པ་དེས་ང་ཚོ་རང་ཁྱིམ་ནས་ཕྱི་རོལ་དུ་མ་སོང་ཀྱང་གནམ་འོག་གི་དོན་དག་ཤེས་ཐུབ་པར་གྱུར་ཟེར།

རིན་ཆེན་རྒྱ་མཚོས་བཤད་རྒྱུར། གནས་བབ་གསར་བ་དང་ལས་འགན་གསར་བ། གོ་སྐབས་གསར་བ་བཅས་ཀྱི་མདུན་དུ་ཁུལ་ཏང་ཨུ་ཡིས་མཐོ་ས་ནས་འགོ་བརྩམས་ཏེ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་པ་དར་སྤེལ་དུ་བཏང་སྟེ། ཚན་རིག་ལྟར་མགོ་ལོག་ཁུལ་གྱི་མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་འབད་འཐབ་དམིགས་འབེན། བྱ་བའི་གནད་ས་བཅས་འཆར་འགོད་བྱས་ཏེ་མགོ་ལོག་གི་དཔལ་འབྱོར་རྒྱུད་མཐུད་ངང་འཕེལ་རྒྱས་སུ་གཏོང་པ་དང་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བྱེད་པ། དམངས་ཚིས་ལས་དོན་ལེགས་བཅོས་བྱེད་པ། སྤྱི་ཚོགས་འཆམ་མཐུན་བདེ་འཇགས་དང་ཏང་གི་འཛུགས་སྐྲུན་བཅས་སྐས་རིམ་གསར་བ་ཞིག་ཏུ་འཕར་བར་བྱེད་པའི་ཁ་གཡང་ཡང་བསྐྱར་བསྒྲགས་ཟེར།

རིན་ཆེན་རྒྱ་མཚོ་ནི་གཞི་རིམ་གྱི་ལས་རྐང་དང་པོ་ནས་ཡོང་བའི་ཏང་གི་འཐུས་མི་ཞིག་ཡིན་པའི་ཆ་ནས་ལས་འགན་གཙོ་བོ་ནི་ནན་ཏན་སྒོས་ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ཏེ་ཕྱིར་རང་ཡུལ་དུ་སོང་རྗེས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱི་ཁྲོད་དུ་དགོངས་དོན་དྲིལ་སྒྲོག་བྱས་ནས་མི་སེམས་གཅིག་ཏུ་བསྡུ་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་དོན་དངོས་དམ་འཛིན་བྱེད་པ་དང་མུ་མཐུད་དུ་མདུན་དུ་སྐྱོད་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་རྒྱུའི་བསམ་པ་བསྟན།

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དེ་མགོ་ལོག་ལྟ་བུའི་འདི་འདྲའི་བལྟོས་བཅོས་ཀྱིས་རྗེས་ལུས་ཡིན་པ་དང་སྐྱེ་ཁམས་ཀྱི་གོ་གནས་ཧ་ཅང་གལ་ཆེན་ཡིན་པའི་ས་ཁུལ་ཞིག་ལ་མཚོན་ན། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་པ་དང་དམངས་ཚིས་ལེགས་བཅོས་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་བྱས་ནས་དྭངས་གཙང་ཆུ་བོ་ཤར་ཕྱོགས་སུ་བཞུར་བར་འགན་སྲུང་བྱེད་དགོས།

འཕེལ་རྒྱས་ལ་ཁ་ཕྱོགས་པའི་ལས་འགན་ལྗིད་པ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཟི་བརྗིད་ལྡན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་ཁག་ལ་མི་འཛེམ་པར་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་གཙོ་བོར་འཛིན་པའི་འདུ་ཤེས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྱོན་ཡོངས་དང་སྦྲེལ་ནས་གནད་ས་དམ་འཛིན་བྱེད་པ་དང་གྲུབ་འབྲས་འབུར་དུ་ཐོན་པ་བླངས་ཏེ་སྔར་ལས་བཟང་པ་དང་སྔར་ལས་ཚན་རིག་དང་ལྡན་པ། སྔར་ལས་མིག་རྒྱང་རིང་བ་བཅས་ཀྱིས་བྱ་བའི་ཕྱོགས་ཡོངས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས།

སེམས་ཞིབ་མོས་རྩ་འཛུགས་བྱས་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་སྐབས་དང་པོ་དང་བཟོ་སྐྲུན་སྐབས་གཉིས་པ་ལག་བསྟར་བྱས་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་གླིང་ཁུལ་གྱི་སྒྲིལ་སྲོལ་ཚོད་ལྟའི་བྱ་བ་འགོ་བརྩམས་པ་དང་ཡང་ན་རྒྱུན་མཐུད་ངང་ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་དང་ཁྱིམ་གཞི་མཛེས་ཤིང་སྡུག་པར་གཏོང་བ། གཙང་གསུམ་འབྱུང་ཡུལ་དག་གཙང་དུ་གཏོང་བ་དང་། སློབ་གསོ་གཙོ་བོར་འཛིན་པའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས་སློབ་གསོའི་ཐད་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་ཡང་ན་རྨང་གཞིའི་སྒྲིག་ཆས་ཆེས་ཆེར་ཇེ་ལེགས་སུ་གཏོང་བ། སྤྱི་བའི་འཕྲོད་བསྟེན་ལས་དོན་ཤུགས་ཆེན་གྱིས་འཕེལ་རྒྱས་སུ་གཏོང་བ། གནད་ཕིགས་དབུལ་སྐྱོར་བྱ་བ་ཕྱོགས་ཡོངས་ནས་དར་སྤེལ་དུ་གཏོང་བ་སོགས་གང་ཡིན་རུང་འདི་ལྟ་བུའི་དཀའ་སྡུག་ཆེ་བའི་ས་གནས་ནས་གོང་གི་གྲུབ་འབྲས་དེ་ལྟ་བུ་བླངས་པ་ནི་དགའ་འོས་པ་ཞིག་རེད།
འོན་ཀྱང་མགོ་ལོག་རྒྱལ་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དམིགས་འབེན་དང་བསྡུར་ན་བར་ཐག་ངེས་ཅན་ཞིག་ཡོད། གལ་ཏེ་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་དགོས་ན་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང“འདུ་ཤེས་བཞི”ཡིད་ལ་བརྟན་པོར་བཅངས་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་དང་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱེད་དགོས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིག་ཞི་ཅེན་ཕེན་གྱི་གསུང་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་དང“འཕེལ་རྒྱས་ཆེན་པོ་ལྔ་ཡི་འདུ་ཤེས ”  “ཏན་ཏན་ཏིག་ཏིག་བཞི ”སོགས་འདུ་ཤེས་གསར་བ་དང་འཐབ་ཇུས་གསར་བ་དེ་དག་འགུལ་སྐྱོད་བྱེད་པའི་ཕྱོགས་སྟོན་དུ་འཛིན་དགོས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་བརྟེན་ནས་ཁུལ་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་ཀྱིས་ཁུལ་དར་རྒྱས་སུ་གཏང་བ། སྲུང་སྐྱོབ་དང་འཕེལ་རྒྱས་གྱི་འབྲེལ་བར་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་ལྷད་མེད་སྐྱོན་བྲལ་གྱི་ཁུལ་འཛུགས་སྐྲུན་བྱེད་དགོས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་སྐྱེད་པ་ལ་གཡོ་འགུལ་མེད་པར་བཅོས་སྒྱུར་གྱི་འདུ་ཤེས་ཀྱིས་བྱ་བར་ཡར་སྐུལ་བྱེད་དགོས། འདི་ལྟར་བྱས་ནས་ད་གཟོད་མགོ་ལོག་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་དུས་ཡུན་རིང་པོར་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་ཐུབ་ངེས་ཡིན།

ལོ་ཙཱ།  བསོད་ནམས་ལྷ་མོ།