སེམས་ཤུགས་གཅིག་སྒྲིལ་གྱིས“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་ཆེན་པོ་དོན་ཐོག་ཏུ་འཁྱོལ་ཐབས་བྱེད་དགོས།
2016.12.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

ཉེ་ཆར། ཞིང་ཆེན་ཏང་ཨུས«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར»པར་སྐྲུན་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རེ་བ་དང་བླང་བྱ་དེ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཤུགས་ཆེན་པོར་བསྒྱུར་ཏེ། བླང་བྱ་གསལ་བོ་དང་བྱེ་བྲག་གི་བྱེད་ཐབས་བཏོན། «ལག་བསྟར་བསམ་འཆར»ལག་ལེན་མཐར་ཕྱིན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གསུང་བཤད་གལ་ཆེན་གྱི་དགོངས་དོན་རབས་དང་རིམ་པ་དང་། མཚོ་སྔོན་གྱི་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཟུང་དུ་སྦྲེལ་བ། ཀྲུང་དབྱང་གི་ཇུས་ཆོད་གལ་ཆེན་བཀོད་སྒྲིག་ལག་བསྟར་དང་ཟུང་དུ་སྦྲེལ་ནས། གནས་ཐིག་གཏན་འཁེལ་གསལ་པོ་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། བཅོས་བསྒྱུར་གསར་སྐྲུན། ཧུར་ཐག་འབད་བརྩོན་བཅས་བྱས་ནས། “ཁུལ་གསུམ”འཛུགས་སྐྲུན་ཁྲོད་ཧུར་བརྩོན་གྱིས་བྱས་རྗེས་བསྐྲུན་པ་དང་། ཧུར་ཐག་གིས་མཚོ་སྔོན་གྱི་བྱ་བའི་རྣམ་པ་གསར་པ་གཏོད་དགོས།

“དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་གནས་རྒྱུན་འཁྱོངས་དང་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་རྒྱུན་སྲུང་བྱེད་པ་ནི་ཏང་ཡོངས་ཀྱིས་ངེས་པར་དམ་འཛིན་ལེགས་འཛིན་བྱེད་དགོས་པའི་ལས་འགན་གལ་ཆེན་ཞིག་ཡིན། ”“མཚོ་སྔོན་ནི་ནུབ་རྒྱུད་ཀྱི་མཐོ་སྒང་དུ་ཡོད་པས། འཕེལ་རྒྱས་ཀྱི་རྨང་གཞི་ཞན་པ་དང་ལས་འགན་ལྗིད་ལ། འཕེལ་རྒྱས་མི་འདང་བ་བཅས་ནི་སྔར་བཞིན་འགལ་བ་གཙོ་བོ་རེད། འཕེལ་རྒྱས་དོ་མི་སྙོམས་པ་དང་མཐུན་སྦྱོར་མི་ཡོང་བ། རྒྱུན་མཐུད་མི་ཡོང་བ་བཅས་ཀྱི་གནད་དོན་འབུར་དུ་ཐོན་འདུག” དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བྱེད་དགོས་ན་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྤྱི་ཁྱབ་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ཡིད་ཆེས་ཀྱིས་ཁེངས་ཤིང་གཏན་ཤུགས་རྒྱུན་སྲུང་བྱས་ནས་མགྱོགས་ཚད་དང་སྤུས་ཀའི་འབྲེལ་བ་མཐུན་སྦྱོར་བཟང་པོ་ཡོང་བར་དོ་སྣང་བྱེད་པ་དང་། འཕེལ་རྒྱས་ལ་བཀག་སྡོམ་བྱེད་པའི་གྲུབ་ཚུལ་རང་བཞིན་དང་སྒྲིག་སྲོལ་རང་བཞིན་གྱི་འགལ་བ་དང་གནད་དོན་ཐག་གཅོད་དགོས། རྨང་གཞིའི་སྒྲིག་བཀོད་དང་ལེགས་ཆའི་ཐོན་ལས། ཚན་རྩལ་འཇོན་མི། སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་འདེགས་སྐྱོར་ལ་ཤུགས་བསྣན་ནས། དཔལ་འབྱོར་ཁྲོད་ཀྱི་འཕར་ཚད་ཇེ་མགྱོགས་སུ་ཡོང་བ་དང་ཐོན་ལས་མཐོ་འབྲིང་གྲས་སུ་འགྲོ་བར་སྐུལ་འདེད་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་བརྩོན་གྱིས་གསར་གཏོད་བྱེད་དགོས།

“མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་ནི་སྐྱེ་ཁམས་ཡིན་པ་དང་། འགན་ཁུར་ཆེས་ཆེ་བ་ནི་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེས་ཆེ་བ་ཡང་སྐྱེ་ཁམས་ཡིན་པས། ངེས་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་ནས་འཛིན་དགོས། ” སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བྱེད་ན། ཁྱོན་ཡོངས་འདུ་ཤེས་དང་ཡུན་རིང་འདུ་ཤེས། སྤྱི་ཡོངས་འདུ་ཤེས་བཅས་བཙུགས་ཏེ། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་མཐུན་པ། རང་བྱུང་ལ་སྲུང་སྐྱོབ། འགན་སྲུང་དང་པོར་འཇོག་པ་རྒྱུན་སྲུང་བྱས་ནས། བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་གསང་ཐག་བསམ་གཞིག ཁྲིམས་སྐྱོང་བསམ་གཞིག བཅོས་བསྒྱུར་བསམ་གཞིག་བཅས་རྒྱུན་འཁྱོངས་དང་། བུ་ལོན་རྙིང་འཇལ་བ་དང་བུ་ལོན་གསར་མི་ཆད་པ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་དང་། “ལྗང་མདོག”དོན་ཆེན་དེ་ལེགས་སྒྲུབ་བྱས་ནས། ལྗང་མདོག་འཕེལ་རྒྱས་དེ་ལྗང་མདོག་དར་རྒྱས་སུ་འཕེལ་བར་སྐུལ་འདེད་བྱེད་དགོས།

“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་གང་ཞིག་ཡིན་རུང་། ཚང་མ་དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པའི་རྨང་གཞིའི་བྱ་བ་དེ་དང་འབྲལ་ཐབས་མེད།”དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བཟང་པོ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དགོས་ན། མི་གཙོ་བོ་ཡིན་པའི་འཕེལ་རྒྱས་བསམ་བློ་དམ་པོར་འཛུགས་པ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་ཅི་ཐུབ་བྱེད་པ། མིའི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་སྤེལ་བཅས་བྱེད་པ་དེ་འཕེལ་རྒྱས་ཀྱི་མགོ་འཛུགས་ས་དང་རྐང་འཛུགས་སར་བརྩིས་ཏེ། གནད་ས་འབུར་དུ་བཏོད་པ་དང་ལམ་ལུགས་ལེགས་སྒྱུར། སྔོན་དཔག་ལ་སྣེ་ཁྲིད་བཅས་བྱེད་པ་དང་། སློབ་གསོ་དང་ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་སོགས་ཀྱི་དམངས་ཚིས་ལ་དམ་པོར་དམིགས་ནས། ལམ་ལུགས་གསར་སྐྲུན་དང་སྲིད་ཇུས་གསར་སྐྲུན། རྩ་འཛུགས་གསར་སྐྲུན་བཅས་བྱས་པ་བརྒྱུད། ཚད་ཡོད་པའི་ཐོན་ཁུངས་ལ་ཕན་འབྲས་ཆེས་ཆེན་པོ་འདོན་དུ་བཅུག་ནས། རིགས་སོ་སོའི་མི་དམངས་ལ་སྔར་ལས་མང་བའི་ཐོབ་སྣང་དང་དྲང་གཞག་ཡོང་བའི་ཚོར་སྣང་། བདེ་འཇགས་ཡིན་པའི་ཚོར་སྣང་། བདེ་སྐྱིད་ཀྱི་ཚོར་སྣང་བཅས་ཡོང་དུ་འཇུག་དགོས།

“ཏང་ནང་གི་ཆབ་སྲིད་འཚོ་བ་ནི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་དོ་དམ་སློབ་གསོ་བྱེད་པའི་སྟེགས་བུ་གཙོ་བོ་ཞིག་ཡིན་པས། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་པ་ནི་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་གཞི་རྩའི་རང་བཞིན་གྱི་རྨང་གཞིའི་བྱ་བ་དང་། ཏང་ཡོངས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན།

”ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་དགོས་ན། ཏང་གི་སྒྲིགས་ཡིག་བརྩི་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཆབ་སྲིད་ལམ་ཕྱོགས་དང་བསམ་བློའི་ལམ་ཕྱོགས། རྩ་འཛུགས་ལམ་ཕྱོགས། མང་ཚོགས་ལམ་ཕྱོགས་སོགས་ལག་བསྟར་ནན་མོ་དང་། ཏང་ནང་གི་ཆབ་སྲིད་འཚོ་བར་ཁྱོན་ཡོངས་ནས་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ། ཏང་ནང་དུ་གནས་པའི་འབུར་ཐོན་གནད་དོན་དང་འགལ་བ་ཐག་གཅོད་བཟང་པོ་དང་། ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ་ནས། ཏང་ཡོངས་སུ་གཅིག་སྡུད་ཡོད་ལ་དམངས་གཙོའང་ཡོད་པ་དང་། སྒྲིག་ལམ་ཡོད་ལ་རང་དབང་ཡང་ཡོད་པ། གཅིག་གྱུར་གྱི་འདོད་བློ་ཡོད་ལ་རང་ཉིད་ཀྱི་སྣང་བ་སྐྱིད་ཅིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཆབ་སྲིད་ཀྱི་རྣམ་པ་ཞིག་ཧུར་བརྩོན་གྱིས་ཆགས་སུ་འཇུག་དགོས།

རང་ཞིང་གི་རང་བྱུང་ཆ་རྐྱེན་ཞན་པ་དང་། གཞི་རིམ་གྱི་རྨང་གཞི་ཞན་པས། འཕེལ་རྒྱས་ཀྱི་ལས་འགན་ནི་གཟི་བརྗིད་ལྡན་ཞིང་དཀའ་ཁག་ཆེ་བ་ཞིག་ཡིན། འབྲེལ་ཡོད་སྣེ་ཁྲིད་སྡེ་ཚན་དང་རམ་འདེགས་སྡེ་ཚན་གྱིས་ངེས་པར་ཡིད་ཆེས་སྔར་ལས་བརྟན་པོ་དང་སྤྲོ་སེམས་སྔར་ལས་ཆེན་པོ། སྤྱོད་ཚུལ་སྔར་ལས་ཏན་ཏིག་བཅས་ཀྱིས«ལག་བསྟར་བསམ་འཆར»ལག་ལེན་མཐར་ཕྱིན་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་བྱས་ནས། ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་ལེ་ཚན་རྩོམ་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས།

 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།