གནད་ཕིགས་དབུལ་སྐྱོར་བྱ་བ་ལག་བསྟར་བྱས་པ་ནས་བཟུང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་མང་ཚོགས་བར་འབྲེལ་འདྲིས་དམ་ཟབ་བྱས་པ་དང་། དུས་ནམ་ཡིན་ཡང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། བྱ་བའི་དཔྱད་ཞིབ་ཚད་གཞིར་དོ་དམ་ཐད་ལ་ནན་མོ་བྱེད་པ། སྐུལ་མ་གཏོང་བར་ཐུགས་ཁུར་བྱེད་པའི་བྱེད་ཐབས་དངོས་འབེབ་བྱེད་པ་བཅས་ཀྱི་བྱེད་ཐབས་བཞི་ལག་བསྟར་བྱས་ནས། འཚོ་བའི་ཐད་ལ་སེམས་ཁུར་བྱེད་པ་དང་། ཆབ་སྲིད་ཐད་ལ་ཐུགས་ཁུར་བྱེད་པ། དོ་དམ་ཐད་ལ་ནན་མོ་བྱེད་པ། བྱ་བའི་ཐད་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། ཧྲུའུ་ཅི་དང་པོ་ཆིག་བརྒྱ་བཅུ་དྲུག་དང་སྡེ་སྡོད་ལས་བྱེད་པ་ལྔ་བརྒྱ་གོ་གཅིག་དབུལ་ཕོངས་སྡེ་བར་མངག་ནས་ཁོ་ཚོར་གཞི་རིམ་དུ་འགྲོ་ཕོད་པ་དང་། དུས་རྒྱུན་སྡེ་བར་སྡོད་པ་དང་། གཞི་རིམ་དུ་འདུག་ཐུབ་པ། རེ་བ་ཆེན་པོ་ཡོད་པ། དོན་དངོས་ཀྱིས་བྱ་བ་བསྒྲུབ་ཐུབ་པ། ཕན་འབྲས་ཆེན་པོ་ལེན་ཐུབ་པ་བཅས་བྱེད་དགོས།
ཉིན་ཧྲིལ་བོར་ཞབས་ཞུ་བསྒྲུབ་ཐུབ་པ་དང་ཞབས་ཞུའི་ནང་དོན་ཁྱོན་ཡོངས་དང་ཞབས་ཞུ་བྱེད་ཡུལ་ཁྱོང་ཡོངས་ལ་ཁེབས་པར་བྱེད་ཆེད་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པར་ཁ་པར་སྐུད་ལམ་གསར་འཛུགས་བྱས་ཏེ་དུས་ཚོད་ཉེར་བཞིའི་རིང་མང་ཚོགས་ལ་དོན་དག་ཅི་ཞིག་ཡོད་ན་དཀའ་ངལ་སེལ་ཐུབ་པར་སྟབས་བདེ་བཟོས། མིག་སྔར་མང་ཚོགས་ཀྱིས་ཁ་པར་དེ་བརྒྱུད་ནས་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་དབུལ་སྐྱོར་ལས་བྱེད་མི་སྣ་ལ་གནད་དོན་བརྒྱད་བརྒྱ་དང་དྲུག་ཅུ་ཡར་ཞུ་བྱས་པ་དང་། དེའི་ཁྲོད་དུ་མང་ཚོགས་ལ་དངོས་གནས་དཀའ་ཁག་འཕྲད་པའི་གནད་དོན་དྲུག་བརྒྱ་དང་སུམ་ཅུ་ལྷག་ཐག་གཅོད་བྱས་ཟིན། དེ་དང་མཉམ་དུ་གནད་ཕིགས་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་དང་ཟུང་འབྲེལ་བྱས་ཏེ་ཧྲུའུ་ཅི་དང་པོ་དང་དབུལ་ཕོངས་སྡེ་བར་སྡོད་པའི་ལས་བྱེད་པ་རྣམ་དབུལ་ཕོངས་ཁྱིམ་ཚང་ཁྲི་གཅིག་དང་སྟོང་བདུན་ལྷག་ལ་སོང་སྟེ་མང་ཚོགས་ལ་ཁ་གཏད་རོགས་སྐྱོར་གྱི་འབྲེལ་གཏུག་བྱང་བུ་ཁྲི་གཅིག་དང་སྟོང་ལྔ་ལྷག་བྱིན་པ་དང་། འབྲེལ་གཏུག་བྱང་བུའི་སྟེང་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པའི་གནས་ཚུལ་གསལ་བོར་བཀོད་ཡོད་པར་མ་ཟད། འབྲེལ་གཏུག་ཁ་པར་སོགས་ཀྱང་གསལ་བོར་བྲིས་ཡོད། བྱང་བུ་སྟེར་ཞོར་དུ་མང་ཚོགས་ལ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་གནད་ཕིགས་དབུལ་སྐྱོར་གྱི་སྲིད་ཇུས་དང་དབུལ་སྐྱོར་ལས་གཞི་སོགས་ཀྱི་ནང་དོན་གཙོ་བོ་དང་ལས་གཞིའི་འཆར་འགོད་སོགས་གཞི་རྩའི་གནས་ཚུལ་དྲིལ་སྒྲོག་བྱས།
ཧྲུའུ་ཅི་དང་པོ་དུས་ནམ་ཡིན་ཡང་མང་ཚོགས་དང་མཉམ་དུ་ཡོད་པ་ཤེས་སུ་བཅུག་ནས། ཧྲུའུ་ཅི་དང་པོའི་འབྲེལ་ཡོད་གནས་ཚུལ་ཤེས་པ། དམངས་ལ་དོན་དངོས་བསྒྲུབ་པའི་ཁས་ལེན་དང་། བྱ་བ་བསྒྲུབ་པའི་དུས་རིམ་དུས་ལྟར་སྤྱི་བསྒྲག་བྱེད་པ། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་པ་ཚང་མས་སྤྱི་བསྒྲག་བྱང་བུ་བཟོས་ཏེ། དམངས་དོན་བསྒྲུབས་པའི་སྤྱི་བསྒྲག་བྱང་བུ་དང་། བྱ་བའི་རྩིས་ཐོ་སོགས་དུས་ལྟར་ཡོངས་བསྒྲག་བྱས་ནས། དམངས་ཡོངས་ལ་ལྟ་ཞིབ་བྱེད་དུ་བཅུག གཞན་ད་རུང་ལས་གཞི་དངོས་འབེབས་བྱས་པའི་བརྒྱུད་རིམ་ལ་ཡིག་ཚགས་བཟོས་ཏེ། དཔྱད་ཞིབ་སྤྱི་སྒྲོག་བྱེད་རྒྱུར་ཤུགས་སྣོན་བྱེད་པ་དང་། དུས་རྒྱུན་གྱི་དོ་དམ་བྱ་བར་གཟབ་ནན་བྱེད་པ། ཁྱབ་སྒྲོག་ཕྱིར་བསྡུ་བྱེད་པའི་ལམ་ལུགས་སོགས་ཐད་ཀྱི་དོ་དམ་དཔྱད་ཞིབ་བྱ་བར་ཤུགས་སྣོན་བྱེད་པ་དང་། དུས་ནམ་ཡིན་ཡང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བྱེད་པ། གནད་ཕིགས་དབུལ་སྐྱོར་བྱ་བ་ལག་བསྟར་བྱས་པ་ནས་བཟུང་ཡུས་ཧྲུའུ་ཁུལ་གྱིས་ཧྲུའུ་ཅུ་དང་པོ་དང་སྡེ་སྡོད་དབུལ་ཐར་བྱ་བར་སྐུལ་འདེད་ལྟ་སྐུལ་ཐེངས་བདུན་དང་། གྲོང་ཁྱེར་དང་རྫོང་དྲུག་གི་ཁོངས་གཏོགས་དབུལ་ཕོངས་སྡེ་སྡོད་ལས་བྱེད་པར་སྐུལ་འདེད་ལྟ་སྐུལ་ཐེངས་བཞི་བཅུ་ལྷག་བྱས་པས། ལྟ་སྐུལ་བྱེད་ཚད་བརྒྱ་ཆའི་བརྒྱ་ལ་སླེབས།
ཡུས་ཧྲུའུ་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་དངོས་ཡོད་གྲུབ་འབྲས་དེ་ལས་བྱེད་པ་བརྐོ་འཐེན་བྱེད་པའི་གཞི་འཛིན་ས་གཙོ་བོར་བྱེད་པ་རྒྱུན་འཁྱོངས་་བྱས་ཏེ། འབྲེལ་ཡོད་སྲིད་ཇུས་ཀྱི་བྱེད་ཐབས་གཏན་འཁེལ་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་ལས་གནས་དང་པོ་རུ་གསོ་སྐྱོང་བྱེད་པ་དང་རྟག་དཔྱད་ཉམས་ཞིབ་བྱས་ཏེ་ལས་བྱེད་པའི་མི་སྣ་བཀོལ་བའི་ཁ་ཕྱོགས་གསལ་བོར་བྱས། ཧྲུའུ་ཅུ་དང་པོ་དང་སྡེ་སྡོད་ལས་བྱེད་མངག་མཁན་གྱི་ལས་ཁུངས་ཀྱིས་རྒྱབ་རི་བརྟན་པོའི་ནུས་པ་འདོན་སྤེལ་བྱེད་དགོས། མིག་སྔའི་བར་དུ་ལས་བྱེད་པ་མངགས་མཁན་ལས་ཁུངས་ཀྱིས་ཆེད་དུ་སོང་བའམ་ཡང་ན་ཐད་ཀར་ཏུ་སྡེ་བ་ལྔ་བརྒྱ་ལྔ་བཅུ་ལྷག་འབྲེལ་གཏུགས་བྱས་ཏེ། ཁོ་ཚོས་སྔ་གཞུག་དུ་འཚམས་འདྲིའི་སྒོར་མོ་འབུམ་དྲུག་དང་ཁྲི་བཞི་འགན་སྲུང་བྱས་ཏེ། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་སྡོད་ལས་བྱེད་པས་བྱ་བའི་བརྩོན་སེམས་ཆེ་ཆེར་བཏང་།
ལོ་ཙཱ་བ། ཚེ་མགོན་རྒྱལ།