རབ་འོག་སྡེ་བའི་་སློབ་སྦྱོང་གི་རྣམ་འགྱུར་དང་འགུལ་སྐྱོད་ཀྱི་ཆོད་སེམས།
2016.12.19 ཁུངས། ཀློག་གྲངས། 23

རང་དཔེ་གཞན་སྟོན་བྱེད་པའི་ཏང་ཡོན་བཟང་པོ་ཞིག་བྱེད་དགོས་ན། ངེས་པར་དུ་ཏང་སྲོལ་དྲང་མོ་བྱས་སྟེ། བསམ་བློའི་སྟེང་གཅིག་གྱུར་བྱས་ནས་ཏང་གི་སྲིད་ཇུས་བཟང་པོ་དང་དམངས་ཕན་སྲིད་ཇུས་དུས་ཐོག་ཏུ་མང་ཚོགས་ཀྱི་ཁྲོད་དུ་ལག་ལེན་བྱས་པ་མ་ཟད། ད་དུང་ཡུལ་མི་རྣམས་ཀྱི་སྣེ་ཁྲིད་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་སྡེ་བ་དག་ཐེར་དང་བཅོས་སྐྱོང་བྱས་ནས་སྡེ་བའི་སྣང་བརྙན་ཇེ་ལེགས་དང་དཔལ་འབྱོར་ཆུ་ཚད་ཇེ་མཐོར་གཏོང་དགོས། དགུན་དུས་སུ་མཐོ་སྒང་རྩྭ་ཐང་གི་གྲང་ངར་རུས་རྐང་ལ་ཟུགས་མོད། འོན་ཀྱང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་ཏང་སྲོལ་སྲིད་སྲོལ་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཁྲོད་དུ་གནས།

རྗེས་ལུས་སྡེ་བ་ནས་སྔོན་ཐོན་སྡེ་བ་རུ་འགྱུར་དགོས་ན། ཏང་སྲོལ་དང་སྲིད་སྲོལ་གྱིས་སྡེ་སྲོལ་དང་དམངས་སྲོལ་ལ་ཡར་སྐུལ་བྱས་ནས་ཇེ་ལེགས་སུ་གཏོང་པ་དང་སྡེ་སྲོལ་དང་དམངས་སྲོལ་གྱིས་ཏང་སྲོལ་དང་སྲིད་སྲོལ་ལ་ཡར་སྐུལ་བྱས་ནས་ཇེ་ལེགས་སུ་གཏོང་དགོས། རབ་འོག་མ་སྡེ་བས་རང་སྡེ་བའི་བྱེད་ཐབས་ཀྱིས་སྡེ་བ་དེ་འཆམ་མཐུན་དང་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད། དམངས་ལ་ཁེ་ཕན་ཐོབ་པའི་རབ་འོག་མ་སྡེ་བས་དེང་སྐབས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་སྡེ་བ་ཡོངས་ཀྱི་བསམ་བློ་ཡར་རྒྱས་གོང་འཕེལ་དུ་སོང་།
རབ་འོག་མ་སྡེ་བ་ནི་བོད་རིགས་ཀྱི་སྡེ་བ་ཞིག་ཡིན། ཏང་ཡོན་ནས་མང་ཚོགས་བར་མི་མང་ཆེ་བའི་རྒྱ་ཡིག་མི་ཤེས་པས་ཇི་ལྟར་སྡེ་བའི་ལས་བྱེད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་དགོས་པའི་ཕྱོགས་སུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔའ་མཁར་རྒྱལ་ལ་ཐབས་བཀོད་ཡོད།
མ་གཞིར་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་ཚོགས་རྗེས། ཁོས་དུས་ཐོག་ཏུ་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ནང་དོན་ཚང་མ་ཁྱེར་ནས་གུང་ཧོ་རྫོང་དུ་སོང་སྟེ་བོད་ཡིག་ཏུ་བསྒྱུར་རྗེས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གྱི་ཚགས་པར་རང་སྡེ་བའི་ཏང་ཡོན་ཚང་མར་བྱིན།

བསྟུད་མར་ཉིན་འགའི་རིང་ལ། དཔའ་མཁར་རྒྱལ་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གོ་སླ་བའི་བོད་ཡིག་ཏུ་བསྒྱུར་རྗེས། སྡེ་བའི་ནང་གི་རུ་ཁག་ལྔའི་ཏང་ཡོན་ཚང་མར་སྒྲོག་འདོན་བྱས།   རབ་འོག་མ་སྡེ་བ་རུ་ཁག་ལྔ་བའི་རུ་གཙོ་རིན་ཆེན་མཁར་ནི་ཏང་རྩ་འཛུགས་ཀྱིས་རྟོག་ཞིབ་བྱས་རྗེས་ད་ལོར་སྡེ་བའི་ནང་གི་སྔོན་ཐོན་མི་སྣ་དགུའི་ཁྲོད་བདེ་བླག་ངང་ཏང་ནང་དུ་ཞུགས་པའི་ཏང་ཡོན་གཅིག་པུ་ཡིན། ཉེ་བའི་ཉིན་འགའི་རིང་ལ་སྡེ་བའི་ཏང་ཀྲི་པུའུ་ཡིས་རྩ་འཛུགས་བྱས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། རིན་ཆེན་མཁར་གྱིས་བཤད་རྒྱུར། ཁོ་ནི་མང་ཚོགས་དཀྱིལ་མ་ཞིག་ནས་གཞི་རིམ་གྱི་ཏང་ཡོན་ཞིག་ཏུ་གྱུར་བ་དང་། ཁོའི་ཐོབ་ཐང་གི་འགྱུར་བ་དེ་ཁོའི་འགན་འཁྲིའི་འགྱུར་བ་ལ་རག་ལས་ཡོད། ང་ཚོས་ཕྱོགས་སོ་སོ་ནས་རང་ལ་རེ་བ་ནན་མོ་བཟུང་སྟེ། ཡུལ་མི་རྣམས་ཀྱི་སྣེ་ཁྲིད་ནས་སྔར་ལས་རྒྱ་ཆེ་བའི་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་དགོས་པར་འདོད་ཅེས་ཟེར།

དུས་ཡུན་རིང་པའི་རིང་ལ། ཏང་ཡོན་ཉུང་པ་དང་ཏང་ནང་དུ་ཞུགས་མཁན་ཉུང་པ་ནི་འབྲོག་ཁུལ་དུ་ཡོངས་ཁྱབ་ཏུ་གནས་པའི་སྣང་ཚུལ་ཞིག་ཡིན། དཔའ་མཁར་རྒྱལ་གྱིས་བཤད་པ་ནང་བཞིན། བསམ་བློའི་གོ་རྟོགས་དམའ་བ་དང་ཏང་རྩ་འཛུགས་ལ་གོ་བ་ལོན་པ་མི་འདང་བ་རེད། སྔོན་ཆད་ཏང་ནང་དུ་ཞུགས་མཁན་མེད་པ་དང་ད་སྐབས་སྔ་གཞུག་བརྩད་ནས་ཏང་ནང་དུ་ཞུགས་པ་ནི་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཡིས་སློབ་པ་གཉིས་དང་བྱེད་པ་གཅིག་གིས་མང་ཚོགས་ལ་ཕན་འབྲས་ཐོབ་ཏུ་འཇུག་པ་དང་འབྲལ་ཐབས་མེད་པ་ཞིག་རེད།
སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་དྲིལ་སྒྲོག་བྱེད་པ་དང་དོན་དུ་འཁྱོལ་བར་དངོས་འབེབས་བྱས་ན། ད་གཟོད་མང་ཚོགས་དང་ཏང་ཀྲི་པུའུ་ཡི་འབྲེལ་བ་ཇེ་དམ་དུ་གཏོང་ཐུབ་ཅེས་དཔའ་མཁར་རྒྱལ་ལ་མྱོང་བ་ཟབ་མོ་ཡོད་པའི་སྒོ་ནས་བཤད་བྱུང་།
བྱ་བ་ཅི་ཞིག་སྒྲུབ་ན་དེ་སྒྲུབ་འདོད་ཀྱི་རྣམ་འགྱུར་ཡོད་ཚེ་ད་གཟོད་བྱ་བ་དེ་སྒྲུབ་པའི་ཆོད་སེམས་ཡོད་ངེས། དགུན་ཟླ་བཅུ་གཉིས་པའི་ནང་སྲོལ་རྒྱུན་གྱི་བོད་རིགས་ཀྱི་གཉེན་སྟོན་ཞིག་སྡེ་བའི་ཀྲུའུ་རིན་ཚེ་དབང་ཕུན་ཚོགས་ཚང་ནས་དགའ་དགའ་སྤྲོ་སྤྲོ་ངང་བྱེད་བཞིན་ཡོད། གནས་དེ་རུ་གཟབ་རྒྱས་ཆེ་བའི་ཇ་ཁང་དང་ཆང་ཁང་མེད་ཀྱང་རྩྭ་ཐང་གི་སྦྲ་གུར་ནང་དུ་བདེ་སྐྱིད་དང་དགའ་སྤྲོས་གླུ་སྒྲ་བར་མེད་དུ་ཁྱབ་ཡོང་།

ཏང་ཡོན་ལས་བྱེད་པའི་རང་དཔེ་གཞན་སྟོན་བྱས་ནས་ང་ཚོའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུང་གྱིས་གྲོས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་ཁྱིམ་ཚང་གི་གཉེན་སྟོན་སོགས་བྱ་བ་ཅི་ཞིག་སྒྲུབ་ཀྱང་སྡེ་བའི་མང་ཚོགས་ཁྱིམ་ཚང་གི་ཆུ་ཚད་དང་མི་བརྒལ་བར་བྱེད་རྒྱུ་གཏན་འཁེལ་བྱས། བུའི་གཉེན་སྟོན་བྱེད་སྐབས་ངེད་ཚང་གིས་མིག་དཔེ་བསྟན་ཏེ་གྲོན་ཆུང་བྱེད་པ་དང་ཆུད་ཟོས་སུ་མི་གཏོང་བའི་སྲོལ་བཟང་རྒྱུན་འཛིན་བྱས་པ་ཡིན། གཉེན་སྟོན་སྟབས་བདེ་ཡིན་ཡང་དོན་སྙིང་ཆེན་པོ་ཡོད་ཅེས་ཚེ་དབང་ཕུན་ཚོགས་ཀྱིས་བཤད་བྱུང་།
 

ལོ་ཙཱ།  བསོད་ནམས་ལྷ་མོ།