མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར།ཆེས་དོན་དངོས་ཡིན་པའི་གནད་དོན་ཐག་གཅོད་བྱས་ཏེ། མཚོ་ལྷོ་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་ཆེད། ཉིས་སྟོང་བཅུ་བདུན་ལོར། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མང་ཚོགས་ཀྱི་དགོས་མཁོ་སྐོང་བ་དང་མང་ཚོགས་ཡིད་ཚིམས་པར་བྱེད་པ། མང་ཚོགས་ཀྱི་འཚོ་བ་ལེགས་བསྒྱུར་བྱེད་པའི་སྤྱིའི་དམིགས་འབེན་ཆ་རྐྱེན་དུ་བཟུང་ནས། ཕྱོགས་བསྡུས་མ་དངུལ་སྒོར་ཐེར་འབུམ་ལྔ་བཏང་ནས། མུ་མཐུད་དུ་རོང་འབྲོག་ས་ཁུལ་གྱི་ཆུ་གློག་ལམ་གསུམ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ལེགས་བསྒྱུར་དང་སློབ་མ་སློབ་གྲྭར་ཞུགས་པ་དང་ལས་ཞུགས། སྡོད་ཁང་བཅས་ཀྱི་དཀའ་གནད་ཐག་གཅོད། སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན། དབུལ་སྐྱོར་དར་སྤེལ། ལས་བཏོད་ཡོང་འཕར་སོགས་དམངས་ཕན་སྲིད་ཇུས་དོན་ཚན་ཉི་ཤུ་ལག་བསྟར་བྱ་རྒྱུ་རེད།
གཅིག མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་གྲབས་གསོག་བྱས་ནས་མཁར་གྲོང་གཅིག་བསྡུས་ཅན་དུ་གཏོང་བ། མཐོ་སྒང་མཛེས་པའི་ཞང་སྡེ་སུམ་ཅུ་འཛུགས་སྐྲུན་བྱ་རྒྱུ་དང་རོང་འབྲོག་ཁྱིམ་ཚང་སྟོང་བདུན་གྱི་ཉེན་ཁ་ཅན་གྱི་ཁང་བ་བསྐྱར་ལས་དང་། རོང་འབྲོག་ས་ཁུལ་གྱི་སྡོད་ཁང་། སྤྱི་སྤྱོད་ཞབས་ཞུའི་སྒྲིག་ཆས་དང་སྡེ་བའི་ཁོར་ཡུག་ལེགས་བཅོས། མུ་མཐུད་དུ་མཁར་ཞང་གཅིག་བསྡུས་སུ་གཏོང་བར་སྐུལ་འདེད་གཏོང་བ།
གཉིས། མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་གྲབས་གསོག་བྱས་ནས་འཐུང་ཆུའི་བདེ་འཇགས་སྲ་བརྟན་དུ་གཏོང་བ། འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་རྨ་ཆུའི་ཆུ་ལོག་སྔོན་འགོག ཆུ་ཁོངས་འཛུགས་སྐྲུན། གྲོན་ཆུང་། ཆུ་འདྲེན་སོགས་ཆུ་བེད་བཟོ་སྐྲུན་ལག་བསྟར་དང་ཞིང་ས་མུའུ་ཁྲི་གཉིས་དང་སྟོང་ལྔ་ལ་ཆུ་འདྲེན་པའི་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཁྲི་གཅིག་དང་སྟོང་ལྔ་ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོག་བྱེད་པ།
གསུམ། ནོར་སྲིད་ཆེད་སྤྱོད་ཀྱི་དབུལ་ཕོངས་མ་དངུལ་བརྩོན་ལེན་བྱེད་པ།མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་ས་ཡ་ལྔ་བརྩོན་ལེན་བྱས་ཏེ། གཙོ་བོ་དབུལ་ཕོངས་སྡེ་བ་དང་གཞན་དབུལ་ཕོངས་མིན་པའི་སྡེ་བའི་ཁྱིམ་ཚང་སྟོང་གཅིག་ཉིས་བརྒྱ་དོན་གསུམ་གྱི་མི་སྟོང་བཞི་བརྒྱ་དང་གོ་གཅིག་གི་ཐོན་ལས་འཕེལ་རྒྱས་དང་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་གནས་སྤོར་བྱས་རྗེས་ཀྱི་ཐོན་ལས་འཕེལ་རྒྱས་ལས་གཞི་ལག་བསྟར་བྱས་ནས། ལོ་འདིའི་ནང་དབུལཕོངས་མི་གྲངས་ཁྲི་གཅིག་ཇེ་ཉུང་དུ་གཏོང་བར་བརྩོན་ལེན་བྱས་ཏེ། དབུལ་ཕོངས་སྡེ་བ་སོ་ལྔ་དབུལ་ཐར་བྱེད་པ་མངོན་འགྱུར་བྱེད་རྒྱུ།
བཞི། གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་བརྩོན་ལེན་བྱེད་པ། ལས་གཞི་ལ་སྤྱི་ཚོགས་ཡོངས་ནས་མ་དངུལ་སྒོར་ཐེར་འབུམ་གཅིག་བརྩོན་ལེན་ལེགས་འགྲུབ་བྱུང་བར་བརྩོན་ལེན་བྱ་རྒྱུ་དང་། དེའི་ནང་མ་དངུལ་སྒོར་དུང་ཕྱུར་གཉིས་སྤྱད་དེ་དབུལ་ཕོངས་སྡེ་བའི་གཞུང་ལམ་ཤར་གཏོང་དང་སྐྱེལ་འདྲེན་གཞུང་ལམ་ས་ཚིགས་ལས་བ་དང་། ཡུལ་སྐོར་གཞུང་ལམ། རྫོང་ནས་ཞང་བར་གྱི་གཞུང་ལམ་བསྐྱར་བཟོ་བྱེད་པ་སོགས་ལས་རིགས་ང་ལྔ་ཡི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པ།
ལྔ། ཚད་གཞི་མཐོ་བའི་ས་ཞིང་ཐད་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་དྲུག་འབུམ་གཉིས་ཁྲི་ལྔ་གཏོང་བ། ཆོས་རྗེ་དང་མང་ར། དཔལ་ཁ་སོགས་ས་ཁུལ་གྱི་ས་ཁོངས་དར་སྤེལ་དང་ཚད་གཞི་མཐོ་བའི་ཡུར་ཆུ་གཙང་བཤེར་ལས་གཞི་ལག་བསྟར་དང་། གསར་སྣོན་ས་ཞིང་སྤྱི་ཆིང་སྟོང་བཞི་དྲུག་བརྒྱ་ལྷག་མངོན་འགྱུར་བྱེད་པ།
དྲུག ཕྱུགས་འགོག་རྩྭ་གསོ་ཐད་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་དྲུག་གཏོང་བ། ས་མུའུ་ས་ཡ་གཅིག་དང་འབུམ་གསུམ་ལ་ཕྱུགས་འགོག་རྩྭ་གསོ་བྱ་རྒྱུ་དང་། ས་མུའུ་ཁྲི་གཉིས་ཀྱི་ཞན་འགྱུར་རྩྭ་ས་ལེགས་བཅོས་དང་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བཏང་སྟེ་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་སུམ་ཅུ་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པ། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བཏང་སྟེ། ཁྱིམ་ཚང་ཞིང་ཕྱུགས་ལས་ར་བ་དང་རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་ལྔ་བཅུ་ལས་བར་རོགས་སྐྱོར་བྱེད་པ། ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང་བཅུ་དང་ཁུལ་རིམ་པའི་མཉམ་ལས་ཁང་ཉི་ཤུ་གསར་འཛུགས་བྱེད་རྒྱུ། མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་བཏང་སྟེ། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་དཔེ་སྟོན་མཉམ་ལས་ཁང་བཅུ་དང་།བོད་ལུག་དང་ནོར་ནག་གི་ཕན་མཐོའི་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཅུ་ལ་རོགས་སྐྱོར་བྱེད་རྒྱུ་རེད།
བདུན། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་ལྔ་འབུམ་གཉིས་ཁྲི་གསུམ་སྟོང་དྲུག་གཏོང་བ། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལས་གཞི་དགུ་ལག་བསྟར་བྱེད་རྒྱུ་དང་། ཚད་མཐོའི་དཔེ་སྟོན་ཞིང་ས་མུའུ་ཁྲི་གཉིས་འཛུགས་སྐྲུན་བྱེད་པ། རྩྭ་ས་མུའུ་འབུམ་གཅིག་དང་ཁྲི་བརྒྱད་ལེགས་བཅོས་དང་། སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ས་མུའུ་སྟོང་ལྔ་འཛུགས་སྐྲུན་བྱ་རྒྱུ།
བརྒྱད། རི་བཀག་ནགས་གསོ་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བརྒྱད་གཏོང་བ། ས་མུའུ་ཁྲི་ལྔ་རི་བཀག་ནགས་གསོ་དང་། ས་མུའུ་འབུམ་གཅིག་དང་སྟོང་གཅིག་བཞི་བརྒྱར་མིའི་བཟོས་ནགས་ཚུལ་འདེབ་འཛུགས་བྱེད་པ། སྡེ་བའི་ལྗང་འགྱུར་གནས་ཉི་ཤུ། ས་མུའུ་འབུམ་གཅིག་དང་ཁྲི་གཅིག་སྟོང་བརྒྱད་ཀྱི་བྱེ་འགོག་རྩྭ་གསོ་དང་ས་མུའུ་འབུམ་གཅིག་དང་ཁྲི་དགུ་སྟོང་བདུན་ཉིས་བརྒྱའི་ས་ནག་ཐང་བཅོས་སྐྱོང་ལག་བསྟར་བྱས་ནས། ཁུལ་ཡོངས་ཀྱི་རྩྭ་ཐང་དང་ནགས་ལས་ཀྱི་སྐྱེ་དངོས་གནོད་འབུ་སྔོན་འགོག་དང་སྡོང་ཕྲུག་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱུ།
དགུ། སྐྱེ་ཁམས་འཛུགས་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་ལྔ་ཁྲི་དགུ་གཏོང་བ།ཀོས་ནན་དང་ཞིན་ཧེ་རྫོང་གཉིས་ཀྱིས་མཐོ་སྒང་དེང་རབས་ཚན་རྩལ་སྐྱེ་ཁམས་གླིང་གི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱུ་དང་། ཞིང་ལས་ཚན་རྩལ་དཔེ་སྟོན་འཛུགས་སྐྲུན་དང་ལྡུམ་རའི་ལག་རྩལ་གྱི་སྒྲིག་ཆས་དང་ཚན་རྩལ་དྲིལ་བསྒྲགས། བདེ་ཐང་སྤྲོ་གསེང་།བཟའ་བཏུང་ཉོ་སྒྲུབ། རིག་གནས་ཡུལ་སྐོར་འཛོམས་པའི་མཐོ་སྒང་དེང་རབས་ཚན་རྩལ་སྐྱེ་ཁམས་གླིང་འཛུགས་སྐྲུན་བྱ་རྒྱུ།
བཅུ། སློབ་གསོའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་ལྔ་དང་འབུམ་བརྒྱད་ཁྲི་དགུ་སྟོང་བརྒྱད་གཏོང་བ།འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་དགུ་ལ“ཁྱོན་ཡོངས་ནས་སློབ་ཁྲིད་ལེགས་བཅོས”ལས་གཞི་ལག་བསྟར་བྱ་རྒྱུ་དང་། མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་བདུན་འབུམ་བདུན་ཁྲི་གཉིས་བཏང་སྟེ། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དྲུག་ལ་བོད་ཁུལ་གྱི་ལས་གཞི་བཟོ་འགོད་ལག་བསྟར་བྱེད་རྒྱུ། མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་གཅིག་འབུམ་གསུམ་ཁྲི་ལྔ་བཏང་སྟེ། ཆ་རྐྱེན་ཞན་པའི་མཐོ་འབྲིང་གཉིས་ཀྱི་ལས་གཞི་ལག་བསྟར་བྱེད་རྒྱུ། མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་བརྒྱད་བཏང་སྟེ། བུ་བཅོལ་ཁང་ཉེར་གསུམ་གསར་སྐྲུན་དང་རྒྱ་བསྐྱེད་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱུ། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་དགུ་བཏང་སྟེ། དགེ་རྒན་གྱི་སྡོད་ཁང་གི་ལས་གཞི་ལེགས་བསྟར་བྱ་རྒྱུ། མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་ལྔ་དངོས་འབེབས་བྱས་ཏེ། མུ་མཐུད་དུ་གཞན་ཡུལ་ནས་སློབ་སྒྲུབ་བྱ་བ་ལེགས་སྒྲུབ་བྱེད་རྒྱུ། སློབ་མ་བརྒྱད་ཅུ་ཅང་སུའུ་ཡི"མཚོ་ལྷོ་མི་རིགས་མཐོ་འབྲིང་འཛིན་གྲྭར"བསྐྱལ་ནས་སྤུས་ལེགས་སློབ་གསོ་མྱང་དུ་འཇུག་རྒྱུ་དང་།ལས་རིགས་སློབ་གསོའི་སློབ་སྒྲུབ་མ་དཔེ་འཐུས་ཚང་དུ་བཏང་བ་དང་། གཞན་ཡུལ་འབྲིང་རིམ་ལས་རིགས་འཛིན་གྲྭའི་སློབ་མ་ཉིས་བརྒྱ་ལྷག་བསྡུ་བ་ལེགས་འགྲུབ་བྱེད་རྒྱུ།
བཅུ་གཅིག རིག་གནས་སྒྲིག་ཆས་ཐད་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་བཞི་ཁྲི་གསུམ་གཏོང་བ།ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་རིམ་པའི་རིག་གནས་བྱ་འགུལ་ཁང་ཉེར་གསུམ་འཛུགས་སྐྲུན་ལེགས་འགྲུབ་འབྱུང་བ་དང་། དེ་ལ་ད་དུང་རིག་གནས་སྒྲིག་བཀོད་སྒྲིག་ཆས་མཁོ་སྤྲོད་བྱེད་པ། མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་ལྔ་བཏང་སྟེ། ཁུལ་ཡོངས་ཀྱི་ཞང་དང་གྲོང་རྡལ། སྡོད་ཁུལ། དགོན་པ། སྲིད་འཛིན་སྡེ་བ་ཁ་ཤས་ལ་བདེ་ཐང་ཡོ་བྱད་སྒྲིག་ཆས་ལྔ་བཅུ་བཀོད་སྒྲིག་བྱེད་རྒྱུ།
བཅུ་གཉིས། སྤྱི་བའི་ཞབས་ཞུ་ཐད་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་དགུ་ཁྲི་གཉིས་དངོས་འབེབས་བྱེད་པ།གཞི་རྩའི་སྤྱི་བའི་ཞབས་ཕྱི་དང་འགོ་ནད་ལས་ཐར་བའི་འཆར་འགོད་དང་། འགོ་ནད་སྔོན་འགོག དལ་བའི་ནད་ཀྱི་སྔོན་འགོག་སོགས་སྤྱི་བའི་ཞབས་ཕྱི་སྤེལ་བ་དང་། ཁུལ་དང་རྫོང་། ཞང་སྡེའི་རིམ་པ་བཞི་བའི་སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཀྱི་འཐུས་ཚང་ལམ་ལུགས་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་གཉིས་ཁྲི་དགུ་ཇེ་ཡངས་སུ་གཏོང་བ། མ་དངུལ་སྒོར་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་བརྒྱད་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་ལོ་དྲུག་ཅུའི་ཡན་གྱི་རྒན་པའི་བདེ་ཐང་བརྟག་དཔྱད་དང་ནད་གཞིའི་ཉེན་ཁར་ཞིབ་བཤེར་བྱེད་པ། འཆར་ལྡན་བུ་སྐྱེ་དོན་འཁྱོལ་བྱས་ཏེ། ཆབ་སྲིད་བྱ་དགའི་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་གསུམ་ཁྲི་བཞི་ཡི་ཕན་ཁེ་ཐོབ་པར་བྱེད་པ།
བཅུ་གསུམ། ལས་ཞུགས་དང་བསྐྱར་མའི་ལས་ཞུགས་ལ་མ་དངུལ་གཏོང་བ། མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གཉིས་དངོས་འབེབས་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་སྟོང་གསུམ་དང་བདུན་བརྒྱར་འཕར་དགོས་པ་དང་། གཞུང་ཞབས་པ་དང་ལས་དོན་སྡེ་ཁག་གིས་མི་བརྒྱ་དང་དགུ་བསྡུ་ལེན་དང་། ཞིང་ཕྱུགས་ལས་ངལ་རྩོལ་ནུས་ཤུགས་ཀྱི་མི་གྲངས་ཁྲི་ལྔ་དང་སྟོང་ལྔ་གནས་སྤོར་ལས་ཞུགས་བྱས་ཏེ། ཡོང་འབབ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་མངོན་འགྱུར་བྱེད་པ།
བཅུ་བཞི། གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱེད་པ།ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ནོར་སྲིད་ཀྱི་སྐྱེད་ཀའི་སྐྱི་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱས་ཏེ། བུད་མེད་ཀྱི་བྱ་གཞག་གསར་གཏོད་ལ་སྐྱེད་ཀ་དམའ་བའི་སྐྱི་དངུལ་སྒོར་ས་ཡ་གསུམ་བཏང་སྟེ། རྒྱ་ཆེའི་བུད་མེད་ཀྱི་རང་བདག་བྱ་གཞག་དང་ཡོང་སྒོ་འཕར་སྣོན་ལ་རོགས་སྐྱོར་བྱེད་པ།
བཅོ་ལྔ། ཞིང་སྡེ་ཁོར་ཡུག་ལེགས་བཅོས་ཐད་མ་དངུལ་སྒོར་བྱེ་བ་གཉིས་གཏོང་བ།ཞིང་སྡེའི་ཁོར་ཡུག་སྒྲིག་བཅོས་ལག་བསྟར་བྱེད་པ་དང་། ཁྱིམ་ཚང་ལ་གད་སྙིགས་སྒམ་དང་རླངས་འཁོར་སྙིགས་སྒམ། གད་སྙིགས་སྐྱེལ་འདྲེན་གྱི་རླངས་འཁོར། གཙང་བཟོ་ཡོ་བྱད་བཅས་མཁོ་སྤྲོད་བྱས་ཏེ། རྒྱུན་ཆད་མེད་པར་ཞིང་ཕྱུགས་ལས་ས་ཁུལ་གྱི་ཁོར་ཡུག་རྨང་གཞིའི་སྒྲིག་ཆས་དང་། ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། ཧུར་ཐག་གིས་ཞིང་ཕྱུགས་ལས་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་གད་སྙིགས་སྡུད་རུབ་དང་། བརྒྱུད་འདྲེན། བྱ་བ་ཐག་གཅོད་བྱེད་པར་སྐུལ་འདེད་བཅས་བྱས་ཏེ། མུ་མཐུད་དུ་སྡོད་དམངས་ཀྱི་ཁོར་ཡུག་ལེགས་བཅོས་གཏོང་བ།
བཅུ་དྲུག "མཐོ་སྒང་གི་མཛེས་པའི་ཞིང་སྡེ"འཛུགས་སྐྲུན་ཐད་རོགས་དངུལ་གཏོང་བ། སྒོར་བྱེ་བ་གསུམ་ས་ཡ་ལྔ་དངོས་འབེབས་བྱས་ཏེ། ཁུལ་ཡོངས་ཀྱི་རྫོང་སོ་སོས"མཐོ་སྒང་གི་མཛེས་པའི་ཞིང་སྡེ"འཛུགས་སྐྲུན་ལས་གཞི་ལ་རྒྱབ་སྐྱོར་བྱས་ནས། འཛུགས་སྐྲུན་རོགས་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གཅིག་འབུམ་བདུན་དངོས་འབེབས་བྱས་ནས། ཐུན་ཏེ་རྫོང་གི་རྐ་རྒན་ཆུ་མཛོད་དང་ཞིན་ཧེ་རྫོང་མཁར་གྱི་ཆུ་མཁོ་འདོན་བྱེད་པའི་སྦུབ་ལམ་ལེགས་བཅོས་དང་ཀོས་ནན་རྫོང་གི་བྱེ་སྣའི་བྱེ་མ་འགོག་བཅོས་སོགས་བཟོ་སྐྲུན་ལས་གཞི་ལག་བསྟར་བྱེད་པ།
བཅུ་བདུན། དྲ་བའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་གཉིས་དང་འབུམ་བརྒྱད་ཁྲི་གཉིས་གཏོང་བ། ཀྲའོ་བརྒྱད་བརྒྱ་ཅན་གྱི་དྲ་བའི་འཛུགས་སྐྲུན་ལག་བསྟར་བྱེད་རྒྱུ་དང་། དྲ་ཚུགས་ཉིས་བརྒྱད་དང་ཉེར་ལྔ་འཛུགས་རྒྱུ་དང་། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་བཞི་བཏང་ནས། ཞིང་སྡེ་དྲ་བའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས། ཞང་དང་གྲོང་བརྡལ་ཁ་ཤས་ལ་ཀྲའོ་ལྔ་བཅུ་ཅན་གྱི་དྲ་ལམ་འདོན་སྤྲོད་བྱེད་རྒྱུ་དང་སྡེ་བ་དང་ས་ཁུལ་ཁ་ཤས་ལ་ཀྲའོ་ཉི་ཤུ་ཅན་གྱི་དྲ་ལམ་འདོན་སྤྲོད་བྱེད་རྒྱུ་ཡིན། མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་ལྔ་བཏང་ནས་སྲིད་ཁེ་ཆེད་སྤྱོད་དྲ་བ་འཛུགས་སྐྲུན་དང་འཕྲིན་གསར་ཅན་གྱི་བཟོ་འགོད་ལག་བསྟར་བྱེད་པ།
བཅོ་བརྒྱད། སྐྱེ་ཁམས་གནས་སྤོར་ཐད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་གསུམ་གཏོང་བ། ཁུལ་ཡོངས་ཀྱི་སྐྱེ་ཁམས་གནས་སྤོར་སྡོད་དམངས་སྡེ་བའི་གཏན་སྡོད་བྱེད་སར་གློག་འཐེན་པ་དང་སྐུད་ལམ་ལེགས་བཅོས། ཤོངས་ཚད་ཆེ་བའི་བཟོ་འགོད་ལས་གཞི་ཞེ་བརྒྱད་ལག་བསྟར་བྱས་ཏེ། སྡེ་བ་སོ་སོའི་སྐུད་ལམ་ལེགས་བཅོས་བྱས་པ་བརྒྱུད་རོང་འབྲོག་ཁྱིམ་ཚང་སྟོང་དྲུག་ཉིས་བརྒྱད་གོ་བདུན་གྱིས་གློག་བཀོལ་ཐུབ་པར་བྱེད་རྒྱུ།
བཅུ་དགུ ཡུལ་སྐོར་སྣེ་ལེན་ཐད་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་གཉིས་གཏོང་བ། ཡུལ་སྐོར་ཁུལ་གཙོ་བོ་དང་ཞིང་སྡེ་ཡུལ་སྐོར་ཁུལ་གཙོ་བོའི་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། ཁྲི་ཀའི་མ་ནི་ཐང་ཆེན་གྱི་གྲུ་ལམ་དང་དེར་གཏོགས་སྒྲིག་ཆས་འཛུགས་སྐྲུན་ལེགས་འགྲུབ་བྱེད་རྒྱུ། ཡུལ་སྐོར་ཁུལ་དུ་སྤྱོད་ཁང་བཅུ་གཉིས་ལས་རྒྱུ་དང་ཞིང་སྡེ་ཡུལ་སྐོར་སྣེ་ལེན་ས་ཚུགས་ཉི་ཤུ་འཛུགས་སྐྲུན་བྱེད་རྒྱུ། ཡུལ་སྐོར་མགྲོན་ཁང་དགུ་འཛུགས་སྐྲུན་བྱེད་རྒྱུ་རེད། ཡུལ་སྐོར་དང་ཚོང་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། ཡུལ་སྐོར་གྲགས་ཅན་གྱི་སྐུད་ལམ་བསྐྲུན་ནས། རོང་འབྲོག་ཚོང་གཉེར་བར་སྒོར་དུང་ཕྱུར་གཅིག་གི་ཡོང་སྒོ་འཕར་བར་སྐུལ་འཁྲིད་བྱེད་པ།
ཉི་ཤུ དངུལ་ལོར་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས་ཞིང་ལས་ཐད་རོགས་སྐྱོར་བྱེད་པ། ཞིང་ལས་ཐད་རོགས་སྐྱོར་བྱེད་པའི་བསྐྱི་དངུལ་སྒོར་ཐེར་འབུམ་གཅིག་གི་ཡན་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཐད་མ་དངུལ་མཁོ་བར་འདོན་སྤྲོད་བྱེད་པ་དང་།དབུལ་སྐྱོར་ཡང་བསྐྱར་བསྐྱི་དངུལ་ཐད་ལ་སྒོར་དུང་ཕྱུར་བདུན་བཏང་ནས། ས་གནས་དངུལ་ལོར་སྡེ་ཁག་གིས་སྤེལ་བའི་དབུལ་སྐྱོར་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་དང་། མ་དངུལ་སྒོར་འབུམ་གསུམ་བཏང་ནས་མུ་མཐུད་དུ་ཞིང་ཕན་ཞབས་འདེགས་ས་ཚིགས་འཛུགས་པར་སྐུལ་འདེད་བྱས་ནས། དངུལ་ལོར་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས་ཁུལ་ཡོངས་ཀྱི་ཞིང་ཕན་དངུལ་ལོའི་ཞབས་འདེགས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་བཅས་རེད།
རྩོམ་སྒྲིག་པ། ཚེ་མགོན་རྒྱལ།