མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་ཁྲོད་དུ་ཚན་རིག་གི་ལག་རྩལ་མང་པོ་ཞིག་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཐད་བཀོལ་སྤྱོད་བྱས་ཡོད། འཛུགས་སྐྲུན་གྱི་ཁྲོད་འཕྲད་པའི་གནད་དོན་མང་པོ་ཞིག་ཚན་རིག་ཞིབ་འཇུག་མི་སྣས་འཚོལ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད་ནས་རེ་རེ་བཞིན་ཐག་གཅོད་བྱས་ཡོད། ཚན་རྩལ་གསར་སྐྲུན་གྱིས་ང་ཚོའི་ཉིན་རྒྱུན་གྱི་འཚོ་བ་ལ་འགྱུར་ལྡོག་འབྱུང་དུ་བཅུག་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ཐད་ལའང་བྱས་རྗེས་བླ་མེད་བཞག་ཡོད་པས། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། དེ་མིན་སྤྱི་ཚོགས་དཔལ་འབྱོར་རྒྱུད་མཐུད་འཕེལ་རྒྱས་གཏོང་བར་ཚན་རྩལ་གྱི་འདེགས་སྐྱོར་གཙོ་བོར་གྱུར་ཡོད།
ཚན་རྩལ་ལ་བརྟེན་ནས་ས་ནག་སྟེང་དུ་གཟན་རྩྭ་བཏབས་ནས་ལྗང་མདོག་ཅན་དུ་བསྒྱུར་བ།
གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་ཞན་འགྱུར་དུ་འགྲོ་བ་ཤེས་རྟོགས་བྱུང་རྗེས། ཡུལ་དེར་ས་ནག་ཐང་གི་རྩྭ་ས་བསྐྱར་གསོ་ཡི་ལག་རྩལ་མ་ལག་བཙུགས་པ་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བུ་གལ་ཆེན་ཞིག་ཡིན་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།
དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་ཞིབ་འཇུག་རྟོག་ཞིབ་རུ་ཁག་མངགས་ནས་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་ས་ནག་ཐང་བཅོས་སྐྱོང་གི་ཚན་རྩལ་གནད་འགག་སྒྲོལ་བར་བྱས་པ་དང་། ལོ་ངོ་བཅུ་ལྷག་གི་དུས་ཡུན་ནང་དུ། ཁོ་ཚོས་ས་ནག་ཐང་གི་འབྱུང་རྐྱེན་གསལ་བོར་ཤེས་རྗེས། ས་དེར་འཚམས་པའི་གཟན་རྩྭ་འདེབས་འཛུགས་བྱས་མོད། འོན་ཀྱང་སྐབས་དེར་ས་ནག་ཐང་དང་འཚམས་པའི་གཞི་རྒྱ་ཆེ་བའི་འདེབས་འཛུགས་ཀྱི་བྱེད་ཐབས་ཤིག་མ་རྙེད་ཅེས་མཚོ་སྔོན་སློབ་ཆེན་གྱི་ཕྱུགས་ལས་སྨན་རིགས་སྡེ་ཁག་གི་གླིང་གཙོ་གཞོན་པ་མ་ཡུའུ་ཧྲོ་ཡིས་དེ་ལྟར་བཤད།
ས་ནག་ཐང་ནི་རྩྭ་ས་ཞན་འགྱུར་བྱུང་ཚད་ཆེས་མངོན་གསལ་ཡིན་པ་མཚོན་ལ། ཉིས་སྟོང་ལྔ་ལོར་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་དང་བོའི་བཟོ་སྐྲུན་ལག་བསྟར་བྱས་རྗེས། སྤྱི་ཆིང་ཁྲི་སུམ་ཅུ་ལྷག་ཡོད་པའི་ས་ནག་ཐང་བཅོས་སྐྱོང་བྱེད་དགོས་ལ། གནད་དོན་དེ་ཐག་གཅོད་བྱེད་དགོས་ན། ངེས་པར་དུ་ཚན་རྩལ་གྱིས་རོགས་རམ་ལ་བསྟེན་དགོས། སྔོན་ཆད་ང་ཚོས་ས་ནག་ཐང་དུ་གཞི་ཁྱོན་ཆེ་བའི་ཕྱུགས་རྩྭ་འདེབས་འཛུགས་བྱེད་མི་ཕོད་ལ། རྒྱུ་མཚན་ནི་གདོད་མའི་སྤང་ཤུན་ལ་གཏོར་བརླག་བྱེད་པར་དོགས་པ་རེད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོའི་བཟོ་སྐྲུན་གྱི་ལོ་རྗེས་མ་གཉིས་ཀྱི་རིང་ལ། ང་ཚོས་པེ་ཅིན་ནས་འདེབས་འཛུགས་འཕྲུལ་ཆས་ཆེན་པོ་ཞིག་ཉོས་པ་དང་། དེས་འདེབས་འཛུགས་བྱས་ན་གདོད་མའི་སྤང་ཤུན་ལ་གནོད་པ་གཏོང་མི་སྲིད། འཕྲུལ་ཆས་ཡོད་པ་དང་།དེའི་ཁར་ཕྱུགས་རྩྭ་ལེགས་པོ་གསོ་སྤེལ་བྱས་ཡོད་པས། སྤྱི་ཆིང་ཁྲི་སུམ་ཅུའི་ས་ནག་བཅོས་སྐྱོང་གི་དམིགས་འབེན་ལེགས་པར་འགྲུབ་སོང་བ་དང་།
རྩྭ་གང་ཞིག་བཏབ་ན་འཚམས་མིན་ཚན་རིག་གིས་ཐག་གཅོད་དགོས།
གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཁྲོད་རྩྭ་སར་སྲུང་སྐྱོབ་བྱེད་པ་དེ་ཧ་ཅང་གལ་ཆེ་བ་ཞིག་རེད། མ་ཡུའུ་ཧྲིག་གིས་སྣེ་ཁྲིད་པའི་རྟོག་ཞིབ་རུ་ཁག་གིས་གཙང་གསུམ་འབྱུང་ཡུལ་དུ་རྩྭ་འདེབས་བའི་ལག་རྩལ་ཁྱབ་གདལ་དུ་གཏོང་རྒྱུ་དེ་རེད། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་རྩྭ་ས་ཞན་འགྱུར་དུ་འགྲོ་བའི་རྩྭ་ས་ནི་མཚོ་ངོས་ལས་མཐོ་བའི་གནས་ཡིན་ལ། ཞན་འགྱུར་རྩྭ་ས་སླར་གསོ་བྱེད་དགོས་ན། ཚན་རྩལ་ཞིབ་འཇུག་ཁག་གིས་མཐོ་འཁྱགས་ས་ཆའི་གནས་བབ་དང་བསྟུན་ནས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྩྭའི་ས་བོན་གྱི་རིགས་མ་འདང་བའི་གནས་ཚུལ་ཐག་གཅོད་བྱས། མ་ཡུའུ་ཧྲོ་ཡིས་བཤད་རྒྱུར། མཚོ་སྔོན་གྱི་མཐོ་འཁྱག་ས་ཆ་རུ་གསོན་ཐུབ་པའི་ས་བོན་དེ་མཚོ་ངོས་ལས་མུས་སྟོང་གསུམ་བདུན་བརྒྱ་ཡན་ནས་ཀྱང་སྐྱེས་པ་ཧ་ཅང་བཟང་། མཚོ་ངོས་ལས་མུས་བཞི་སྟོང་ཡན་གྱི་ས་ཆ་རུ་ཡང་སྐྱེ་ཐུབ། དེ་བས་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་འདེབས་འཛུགས་བྱེད་པར་འཚམས་དགོས་ན་སྔོན་ལ་མཐོ་སྒང་ནས་སྐྱེ་སྲིད་པའི་ཕྱུགས་རྩྭ་བཟང་པོའི་ས་བོན་འཚོལ་དགོས།
ནོར་ལུག་གིས་ཀྱང་ཚན་རིག་དང་མཐུན་པར་རྩྭ་བཟང་བོ་ཟ་ཐུབ་བྱུང་།
མིག་སྔར། རང་ཞིང་གིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་རྩྭ་ས་ཞན་འགྱུར་འབྱུང་བ་དང་། ཕྱུགས་བསྐྱུར་རྩྭ་འདེབས་ཀྱི་གནས། བེད་མེད་དུ་བསྐྱུར་བའི་རྨ་ཞིང་། ཞིང་ལས་རྒྱུ་ཆའི་སྐྱེ་སྟོབས་མི་བཟང་བའི་ས་ཞིང་སྟེང་ཕྱུགས་རྩྭ་བཏབ་ནས། རྩྭ་ས་ཞན་འགྱུར་དུ་འགྲོ་བ་དང་རྩྭ་སའི་སྟེང་ཚད་བརྒལ་གྱིས་ཕྱུགས་འཚོ་བའི་གནད་དོན་ཐག་གཅོད་བྱས།
འོས་མཐུན་སྒོས་འཚོ་བཅུད་ལྡན་པའི་རྩྭ་ཟ་རུ་བཅུག་པས། མིག་སྔར། རང་ཞིང་གི་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་ཚན་རིག་གི་ལག་རྩལ་ཁྱབ་གདལ་དུ་བཏང་བས། དགུན་ཁ་དང་དཔྱིད་ཀར་ནོར་ལུག་གི་ཤ་ཤེད་ལྷུང་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རང་བྱུང་རྩྭ་ས་སླར་གསོ་འབྱུང་བར་སྲུང་སྐྱོབ་བྱས། གལ་ཏེ་མྭ་ཡུའུ་ཧྲིག་གི་རུ་ཁག་གིས་རྩྭ་སྐྱེས་པ་འགན་ཁུར་བཞིན་ཡོད་ན། ཀུང་གོ་ཚན་རྩལ་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་གླིང་གིས་མཐོ་སྒང་སྐྱེ་ཁམས་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཞིས་ཧྲི་ཞོའོ་རུ་ཁག་གིས་ཅི་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་ཟ་དགོས་པ་འགན་ཁུར་བཞིན་ཡོད། ཚད་བརྒལ་གྱིས་ཕྱུགས་འཚོ་བ་ནི་རྩྭ་ས་ཞན་འགྱུར་དུ་འགྲོ་བའི་གནད་དོན་གཙོ་བོ་ཡིན་ལ། འདས་ཟིན་པའི་ལོ་ངོ་བཅུ་ཕྲག་རིང་གི་ཚན་རིག་ཞིབ་འཇུག་ཁྲོད། ང་ཚོས་ཚན་རིག་གིས་ཕྱུགས་རྩྭའི་ལག་རྩལ་གྲུབ་ཏུ་བཅུག་ཡོད་པ་དང་། ད་ལྟ་ང་ཚོས་སྒྲུབ་དགོས་པ་ནི་ལག་རྩལ་དེ་དག་ཅི་ལྟར་བཀོལ་སྤྱོད་བྱེད་རྒྱུ་དེ་རེད་ཞེས་ཧྲི་ཞོའི་ཡིས་དེ་ལྟར་བཤད། ཕྱུགས་འགོག་པ་དང་ཕྱུགས་རེས་མོས་སྒོས་འཚོ་བ། ཕྱུགས་སྤྱིལ་ཁང་དུ་འཚོ་བའི་བྱེད་ཐབས་དང་། ཡུལ་བབ་དང་བསྟུན་ནས་མིས་རྩྭ་འདེབས་པ་དང་རྩྭའི་ཐོན་རྫས་ལས་སྣོན་བྱས་པ་བརྒྱུད། རང་བྱུང་རྩྭ་ས་དཔྱིད་ཀར་སླར་གསོ་འབྱུང་བའི་གོ་སྐབས་ཡོད། གཟན་ཆས་ལས་སྣོན་གྱི་ཐོན་སྐྱེད་ཀྱིས་འབྲོག་པའི་དགུན་ཁ་དང་དཔྱིད་ཀའི་ནོར་ལུག་གི་ཤ་ཤེད་ལྷུང་བའི་སེམས་ཁུར་སེལ་བར་བྱས།
ཚན་རྩལ་གྱི་སྣ་གོ་ལྔ་བེད་སྤྱད་ནས་གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་ཁྲོད་བཀོལ་སྤྱོད་བྱས། ཚན་རིག་ཞིབ་འཇུག་གི་བརྗོད་བྱ་ལྔ་བཅུ་དང་ཚན་རྩལ་གྱི་སྣ་གོ་ལྔ་བེད་སྤྱད་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་བཀོལ་སྤྱོད་བྱས་པ་དང་། ལས་གཞི་སྣ་བདུན་ལ་རྒྱལ་ཁབ་ཚན་རྩལ་འདེགས་སྐྱོར་འཆར་འགོད་ཀྱི་མཆོག་མཆན་ཐོབ།
གསར་འགོད་པས་ཞིང་ཆེན་ཚན་རྩྭལ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཚན་རྩལ་གསར་སྐྲུན་གྱིས་གཙང་གསུམ་འབྱུང་ཡུལ་བཟོ་སྐྲུན་འཛུགས་སྐྲུན་བཟང་བ་དང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་འབྱུང་ཡུལ་བཟོ་སྐྲུན་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་འཛུགས་སྐྲུན་བཟོ་སྐྲུན་གྱི་ཚན་རྩལ་འདེགས་སྐྱོར་གཅོ་བོར་གྱུར།
ཚན་རྩྭལ་གསར་སྐྲུན་དང་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྩྭ་ས་ཞན་འགྱུར་ལེགས་བཅོས་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ས་ནག་ཐང་སླར་གསོའི་ལག་རྩལ་བཙུགས་པ་དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱིས་འོས་མཐུན་སྒོས་རྩྭ་འདེབས་པ་དང་ལག་རྩྭལ་ཁྱབ་གདལ་དུ་གཏོང་བའི་གནད་དོན་ཐག་གཅོད་བྱས་པས། དངུལ་རའི་ལུག་གི་རྗེས་མཐུད་ཐོན་ལས་རྟེན་གཞི་བཙུགས་པ་དང་། ཀྲུང་ལུགས་དང་བོད་སྨན་གྱི་རྒྱུ་ཆ་སྐོར་ཞིག་མིས་འདེབས་པའི་ལག་རྩལ་གསོ་སྤེལ་གྱི་གནད་འགག་ལ་ཐག་གཅོད་ཐོབ་པས། མིས་ཐབས་ཀྱིས་རྩྭ་ས་ནས་སྐྱེ་དངོས་འདེབས་པའི་ལག་རྩལ་དང་། བརླན་ས་སླར་གསོའི་ལག་རྩལ། བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་པའི་ལག་རྩལ་སོགས་གཅིག་བསྡུས་བྱས་པས། ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས་འདི་དག་ཡོད་ཚད་ཀྱིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་ཚན་རྩལ་འགག་སྒྲོལ་གྱི་ཐད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱས།
ལོ་ཙཱ་བ། སྐར་མ་འཚོ།