མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་གསར་སྐྲུན་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མཁས་པར་བཅར་འདྲི་བྱས་པའི་གནས་ཚུལ་ཆེད་བཀོད།
ཧུར་ཐག་སྒོས་མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཞིག་དུ་གྱུར་བར་མངོན་འགྱུར་བྱེད་རྒྱུ་ནི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་བཏོན་པའི་ལེགས་བསྒྱུར་བཞི་ཡི་འདུ་ཤེས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་ནས་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་གཅིག་གྱུར་འཆར་འགོད་དང་མཚོ་སྔོན་གྱི་མི་རིགས་བྱ་བའི་རིགས་གཞུང་དང་ལག་ལེན་གསར་སྐྲུན་གྱི་བྱ་བཞག་གལ་ཆེན་ཞིག་ཡིན་ལ། འཐབ་ཇུས་བསམ་གཞིགས་གལ་ཆེན་གྱི་རེ་བ་ནན་པོ་ཡིན། ཅི་ལྟར་ཁྱོན་ཡོངས་ནས་དྲང་བདེན་སྒོས་མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཞིག་དུ་འགྱུར་བའི་འདུ་ཤེས་གསར་བ་དང་ཚུལ་བསྒྱུར་བཞིའི་བཀོད་འདོམས་ལྟར། རྒྱུན་ཆད་མེད་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་དགོས་ཟེར་ན། གསར་འགོད་པས་ཉེ་ལམ་ཆེད་དུ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པའི་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་མཁས་པར་བཅར་འདྲི་བྱས་པ་ཡིན།
མཁས་པས་བལྟས་ན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་བསྟན་དོན། ཧུར་ཐག་སྒོས་མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཞིག་དུ་འགྱུར་བའི་འདུ་ཤེས་གལ་ཆེན་བཏོན། ལོ་རྒྱུས་དང་ད་ཡོད་ཀྱི་གནས་བབ་ནས་མགོ་རྩམ་ཏེ། མཚོ་སྔོན་ནས་རྐང་བཙུགས་ཏེ་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་མཐོང་རྒྱ་བསྐྱེད་དེ་མཐོ་རིམ་གསར་པ་ཞིག་དུ་སླེབས་པར་བྱེད་དགོས་ལ། གཏིང་ཟབ་སྒོས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་གདིང་ཚོད་ཡོད་པར་བྱས་ནས། ཝང་གོ་ཧྲིན་ཧྲུའུ་ཅི་མགོ་ཁྲིད་ཡིན་པའི་ཞིང་ཆེན་ཏང་ཨུས་དུས་རབས་གསར་པའི་རྒྱབ་ལྗོངས་ལ་དམིགས་ནས་རྒྱལ་ཡོངས་ཀྱི་གོང་འཕེལ་ལྟར། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གོང་འཕེལ་དུ་གཏོང་རྒྱུར་འོས་འགན་གསར་པ་དང་། དམིགས་འབེན་གསར་བ། བགྲོད་ལམ་གསར་བ་བཅས་གཏན་ཁེལ་བྱས་ཏེ། མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་ཡར་བསྐྱེད་བརྩོན་ལེན་བྱེད་པར་སྐུལ་འདེད་བཏང་།
མཚོ་སྔོན་དུ་མི་གྲངས་ཉུང་ན་ཡང་། མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པ་དང་ཆོས་ལུགས་མང་པོ་ཡོད་ལ་རིག་གནས་སྣ་མང་ཅན་མཉམ་གནས་བྱས་ཡོད་པ་ལས་གཞན་ཆོས་ལུགས་ཆེན་པོ་ལྔ་ཡོད། གྲངས་ཉུང་མི་རིགས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆའི་ཞེ་བདུན་ཟིན་ཡོད། མི་རིགས་རང་སྐྱོང་ས་ཁུལ་གྱི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་གོ་བརྒྱད་ཟིན་ཡོད། ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་རྒྱ་རིགས་དང་། བོད་རིགས། ཧོས་རིགས། ཟ་ལར་རིགས། སོག་པོ་སོགས་རིགས་སོ་སོའི་མི་རིགས་མང་པོ་མཚོ་སྔོན་གྱི་ས་ཆ་འདི་རུ་འཆམ་མཐུན་མཉམ་གནས་དང་ཚང་མ་མི་རིགས་གཅིག་དང་འདྲ་བའི་བརྩེ་སེམས་ཟབ་མོ་ཆགས་ཡོད། རིགས་སོ་སོའི་མི་རིགས་བར་འགྲོ་འོང་བྱེད་པ་དང་ཉམས་མྱོང་བརྗེ་རེས་བྱས་ཏེ་སེམས་འགུལ་ཐེབས་པའི་ལོ་རྒྱུས་བསྐྲུན་ཡོད། གནས་བབ་གསར་བའི་འོག མཚོ་སྔོན་གྱིས་རྒྱལ་ཡོངས་སུ་ཟིན་པའི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་རྒྱལ་ཁབ་གཅིག་གྱུར་བྱེད་པའི་འཐབ་ཇུས་ནུས་པ་ཉིན་རེ་བཞིན་འབུར་ཐོན་ཡིན་པ་རེད། མཁས་པས་བཤད་རྒྱུར། ཧུར་ཐག་སྒོས་མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཞིག་དུ་བསྒྱུར་བའི་འདུ་ཤེས་ནི་མཚོ་སྔོན་མི་རིགས་མང་པོའི་ཞིང་ཆེན་གྱི་གནས་ཚུལ་དམ་འཛིན་བྱེད་པའི་གོ་སྐབས་གསར་བ་ཞིག་ཡིན། མཚོ་སྔོན་གྱིས་ཞིན་ཅང་དང་བོད་ལྗོངས་ལ་འབྲེལ་འདྲིས་བྱེད་པ་དེ་ནི་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་སྲུང་ཡོལ་ཅིག་རེད། མཚོ་སྔོན་ནི་འཛམ་གླིང་གི་ཆུ་མཛོད་ཆེན་པོ་ཡིན་པས། འཛམ་གླིང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡིན། གནས་བབ་གསར་པའི་འོག མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ཁྲོད་དུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྤྱི་ཚོགས་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་གོ་གནས་ཉིན་རེ་བཞིན་འབུར་ཐོན་དུ་གྱུར་ཡོད། ཧུར་ཐག་སྒོས་མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཞིག་དུ་བསྒྱུར་བའི་འདུ་ཤེས་ནི་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དངོས་འབེབས་བྱས་ཏེ་ཚན་རིགས་ལྟར་ལག་ལེན་བྱེད་དགོས། ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ནི་མཚོ་སྔོན་གྱིས་བྱ་བ་སྣ་ཚོགས་བཟང་པོར་བསྒྲུབ་པར་ཁག་ཐེག་བྱེད་དགོས་པ་དང་། དེའི་ཁྲོད་མི་རིགས་བྱ་བའི་དགོངས་དོན་གལ་ཆེན་དང་ལག་ལེན་རེ་བ་བཟང་པོར་བསྒྲུབ་དགོས་པ་དེ་རེད། ཞིང་ཆེན་ཏང་ཨུས་བཏོན་པའི་ཧུར་ཐག་སྒོས་མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཞིག་དུ་བསྒྱུར་བའི་འདུ་ཤེས་ཏེ་ཀྲུང་དབྱང་གི་རེ་བ་དང་མཚོ་སྔོན་གྱི་དོན་དངོས་དང་འཚམ་དགོས་པས། མི་རིགས་བྱ་བའི་འཐབ་ཇུས་རང་བཞིན་དང་རྨང་གཞི་རང་བཞིན་རྒྱང་རིང་རང་བཞིན་བཅས་ཀྱི་གོ་གནས་འབུར་དུ་ཐོན་པར་བྱས་ནས། ངོས་ཟིན་རིང་ལུགས་དང་ལག་ལེན་རིང་ལུགས་ཚད་མཐོན་པོའི་གཅིག་གྱུར་དང་ཟུང་འབྲེལ་བཟང་པོ་བྱེད་དགོས་ལ། གསར་སྐྲུན་རང་བཞིན་གྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་དངོས་འབེབས་བྱེད་པ་དེ་ནི་ཚན་རིག་རང་བཞིན་དང་ལག་ལེན་རང་བཞིན། མཛུབ་སྟོན་རང་བཞིན་བཅས་མངོན་པར་གསལ་ལ། དཔལ་ཡོན་རིག་གནས་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན།
མཁས་པས་བཤད་རྒྱུར། ཧུར་ཐག་སྒོས་མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཞིག་དུ་བསྒྱུར་རྒྱུ་ནི་ང་ཚོས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་རྒྱུར་ཡར་སྐུལ་དང་། རིགས་སོ་སོའི་མི་རིག་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་ཡིད་ཆེས་དང་དགོངས་དོན་དར་སྤེལ་དུ་གཏོང་ཐུབ། གནས་སྟངས་ཀྱིས་ལས་དབང་གཏན་འབེབས་བྱེད་ཐུབ་ལ། བསམ་ཕྱོགས་ཀྱིས་ཐར་ལམ་གཏན་འབེབས་བྱེད་ཐུབ། མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་ཞིག་ཏུ་བསྒྱུར་བ་ལས་མངོན་པ་ནི་ཞིང་ཆེན་ཏང་ཨུའི་མཚོ་སྔོན་གྱི་གནས་བབ་བཟང་ངན་གྱི་གནས་ཚུལ་ལ་དངོས་ཡོད་དང་འཚམ་པའི་དབྱེ་ཞིབ་དང་གོ་བ་ཡང་དག་བླངས་ཏེ། མཚོ་སྔོན་ནས་མཚོ་སྔོན་ལ་ལྟ་བ་དང་། མཚོ་སྔོན་ལས་ཕྱིར་བུད་དེ་མཚོ་སྔོན་ལ་ལྟ་བ། མ་འོངས་པར་ཁ་ཕྱོགས་ནས་མཚོ་སྔོན་ལ་ལྟ་དགོས། ཞིང་ཆེན་ཏང་ཨུའི་ཚན་རིག་ལག་ལེན་དང་གཞན་གྱི་སྔོན་གཅོད་ཕོད་པའི་ཆབ་སྲིད་མིག་རྒྱང་དང་དུས་རབས་ཀྱི་འགན་ཁུར། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཆེན་པོས་མཚོ་སྔོན་གྱི་འཐབ་ཇུས་གོ་གནས་དཔྱད་ཞིབ་བྱ་དགོས་ལ། བཅོས་བསྒྱུར། འཕེལ་རྒྱས། གཏན་འཇགས་བཅས་ལས་གོ་སྐབས་འཚོལ་བསྙེག་བྱ་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་འཁྱོངས་ལྷོད་མེད་དང་དངོས་ཐོག་བདེན་འཚོལ་གྱི་འཐབ་ཇུས་བརྟན་ཤུགས་མངོན་ཡོད་ལ། འཐབ་ཇུས་འཆར་ཟིན་རྒྱུན་འཁྱོངས་སྒོས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་ཁྱོན་ཡོངས་དང་རྒྱང་རིང་ལ་འབྲེལ་བའི་དོན་ཆེན་དུ་བརྩིས་ཏེ་དམ་འཛིན་ལྷོད་མེད་བྱ་དགོས། འཕེལ་རྒྱས་ཀྱི་ལམ་ཐིག་གསར་བའི་སྟེང་། ང་ཚོས་ཁ་ཕྱོགས་གསལ་བོར་ཤེས་དགོས་པ་དང་། འབད་འཐབ་དམིགས་འབེན་ལ་དམིགས་ནས་ཡིད་ཆེས་བརྟན་པོས་ཞིང་ཆེན་གྱིས་བཏོན་པའི་རླབས་ཆེན་ཇུས་གཞི་དང་འཕེལ་རྒྱས་མདུན་ལྗོངས་ལ་རེ་བས་ཁེངས་དགོས།
ལེགས་བསྒྱུར་བཞི་གཙོ་བོར་བཟུང་སྟེ་ཇི་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་ཡར་སྐུལ་གཏོང་བའི་གནས་ཚུལ་གླེང་སྐབས་མཁས་པ་ཡིས་བཤད་རྒྱུར། སྔར་ལས་ལྷག་པའི་སྒོ་ནས་མིག་རྒྱ་བསྐྱེད་པ་དང་བསམ་ཕྱོགས་རྒྱ་བསྐྱེད་དེ་རང་འགུལ་གྱིས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་འཆར་འགོད་བྱས་ནས། རང་འགུལ་གྱིས་རྒྱང་རིང་གི་འཕེལ་རྒྱས་ལ་དམིགས་ནས་ད་ལྟར་དཔྱད་ཞིབ་དང་མ་འོངས་གསར་གཏོད་བྱ་དགོས། མཐུན་སྒྲིལ་དང་ཡར་ཐོན་གཉིས་དམ་འཛིན་བྱེད་དགོས་ན། ཕྱོགས་གཅིག་ནས་བརྟན་འཇགས་འཛིན་དགོས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དེ་བྱ་བའི་གཙོ་གནད་དུ་བཟུང་སྟེ། མི་རིགས་སོ་སོའི་བློ་སེམས་གཅིག་མཐུན་གྱི་དྲིལ་ཤུགས་ཆགས་སུ་འཇུག་དགོས། ཕྱོགས་གཅིག་ནས་འཕེལ་རྒྱས་དམ་འཛིན་བྱེད་དགོས། མུ་མཐུད་དུ་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ཤིང་། ཁྱད་སྟོབས་འདོན་སྤེལ་བྱས་ནས་གཙོ་བོ་མི་རིགས་ས་ ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་སྐུལ་འདེད་གཏོང་བ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་སྟངས་བསྒྱུར་ནས། མི་རིགས་སོ་སོའི་ཐུན་མོང་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་དར་རྒྱས་འཕེལ་རྒྱས་མངོན་འགྱུར་བྱ་དགོས། མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས། ཡར་སྐུལ་བརྒྱད་ཀྱི་བྱ་འགུལ་ལ་ཡར་སྐུལ་དང་དཔྱད་ཞིབ་བམ་དཔྱད་འདེམ་བྱེད་ཐབས་དངོས་འབེབས་བྱས་ཏེ། སྔོན་ཐོན་གྱི་གྲོང་ཁྱེར་དང་ཁུལ་གསར་སྐྲུན་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ལས་རིགས་སོ་སོའི་མཉམ་སྐྲུན་མཉམ་འཛུགས་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ་མི་རིགས་སོ་སོའི་ཐུན་མོང་གི་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་གི་དར་རྒྱས་འཕེལ་རྒྱས་ཀྱི་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྟུས་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་དང་སྲིང་གཞུང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱ་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། སྣེ་ཁྲིད་ལ་ཤུགས་སྣོན་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དོ་དམ་བྱེད་ཐབས་གསུམ་སྲ་བརྟན་དུ་བཏང་ནས། གཙོ་བོ་དབྱི་སི་ལན་ཆོས་ལུགས་ཀྱི་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱས་ཏེ། རྒྱུན་ཆད་མེད་པར་ཆོས་ལུགས་གནད་དོན་ལ་ཞིབ་འཇུག་དང་ཆོས་ལུགས་ལས་དོན་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས།
ལོ་ཙཱ་བ། ཚེ་མགོན་རྒྱལ།