མཚོ་སྔོན་གྱིས་སྨན་བཅོས་སྒྱུར་བཅོས་བྱས་པས་དམངས་ལ་ཕན་ཁེ་ཐོབ་པ།
2017.02.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

 སྨན་བཅོས་ལམ་ལུགས་བཅོས་བསྒྱུར་བྱ་བ་ལག་བསྟར་བྱས་ནས་ལོ་བདུན་གྱི་རིང་། མཚོ་སྔོན་གྱིས་ཚོད་ལྟ་འཚོལ་ཞིབ་དང་སྣ་གཅིག་ཚད་བརྒལ་དེ་མ་ལག་ཆ་ཚང་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་བ་དང་། སྨན་བཅོས་ཉེན་ཚབ་དང་། སྨན་རྫས། སྨན་བཅོས་བཅས“སྨན་གསུམ”མཉམ་འགུལ་དང་། ནད་ཚབས་ཆེན་སྨན་བཅོས་འགན་སྲུང་། རིམ་དབྱེ་སྨན་བཅོས། “སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་སྨན་རིན་རྩིས་རྒྱག་པ”སོགས་ཀྱི་བཅོས་བསྒྱུར་བྱེད་ཐབས་དེ་དག་ནུབ་རྒྱུད་དང་ཐ་ན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
གཞུང་བཙུགས་སྨན་ཁང་བཅོས་བསྒྱུར་དེ་རྫོང་རིམ་པ་ནས་ཞིང་ཆེན་རིམ་པར་ཕྱོགས་ཡོངས་ནས་སྤེལ།

གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བཅོས་བསྒྱུར་ནི་མཚོ་སྔོན་གྱིས་སྨན་བཅོས་བཅོས་བསྒྱུར་གྱི་ལས་དོན་གཙོ་བོ་ཞིག་རེད། 2012ལོར་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་71ལ་ཕྱོགས་བསྡུས་བཅོས་བསྒྱུར་བྱས་པ་དང་། 2015ལོར་གྲོང་ཁྱེར་དང་ཁུལ་རིམ་པའི་གཞུང་བཙུགས་སྨན་ཁང་གི་བཅོས་བསྒྱུར་ཕྱོགས་ཡོངས་ལ་ཁྱབ་པ། 2016ལོར་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་དང་དཔུང་སྡེ། དེ་མིན་ལས་རིགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྤེལ།

“གཞུང་བཙུགས་སྨན་ཁང་བཅོས་བསྒྱུར་གྱི་སྲོག་ཤིང་ནི་སྨན་རྫས་དང་སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད” མཚོ་སྔོན་ཞིང་ཆེན་སྨན་བཅོས་བཅོས་བསྒྱུར་གཞུང་ལས་ཁང་གི་ཀྲུའུ་རིན་ཧའོ་ཕུང་ཉིན་གྱིས2016ལོའི་ཟླ་5ཚེས་1ཉིན་ནས་བཟུང་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་ཚང་མར་རིན་ཁྱད་པར་མེད་པའི་སྨན་ཕྱིར་ཚོང་གི་བྱེད་ཐབས་ལག་བསྟར་བྱས་ལུགས་སྐོར་ངོ་སྤྲོད་བྱས། མཚོ་ཤར་གྲོང་ཁྱེར་མཱ་ཁྲང་གྲོང་ཚོའི་ཝང་ཧྲུའུ་དབྱིན་ལ་ཕོ་བའི་ནད་བྱུང་བས་ཟླ་རེར་སྨན་སྣ་ཁ་ལྔ་ཙམ་འཐུང་དགོས་པ་རེད། ཁོས་བཤད་རྒྱུར། “སྔོན་ཆད་དང་བསྡུར་ན་ད་སྐབས་ཟླ་རེར་སྨན་རིན་སྒོར300ཙམ་གྲོན་ཆུང་བྱེད་ཐུབ”ཟེར། ཚོད་ལྟའི་རྨང་གཞིའི་ཐོག་2016ལོར་མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་བསྒྱུར་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་སྨན་བཅོས་དང་། གཤགས་བཅོས། བདག་སྐྱོང་སོགས་སྨན་བཅོས་ཞབས་ཞུའི་རིན་གོང་གི་ཚད་གཞི་ཇེ་མཐོར་བཏང་བ་དང་ཚོད་ལྟ་དང་བརྟག་དཔྱད་སོགས་ཀྱི་རིན་གོང་གི་ཚད་གཞི་ཇེ་དམའ་རུ་བཏང་བའི་ཐོག སྨན་བཅོས་ཞབས་ཞུའི་རྣམ་གྲངས4049ནས9714བར་ཇེ་མང་དུ་བཏང་། ན་ནིང་གི་ཟླ་11ཚེས10ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཡོངས་སུ་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་གསར་པ་ལག་བསྟར་བྱེད་མཁན་གྱི་ཞིང་ཆེན་དང་པོར་གྱུར་ཡོད།
སྨན་བཅོས་འགན་སྲུང་གི་ཐེབས་རྩ་གཏོང་སྤྲོད་བྱེད་ཐབས་བཅོས་བསྒྱུར་བྱས་ཏེ་ལུགས་དང་མི་མཐུན་པའི་སྨན་རིན་ཚོད་འཛིན་བྱས།

“སྨན་བཅོས་འགན་སྲུང་གི་གནད་དོན་གཙོ་བོ་ནི་སྨན་རིན་ཚོད་འཛིན་བྱ་རྒྱུ་དེ་རེད”ཧའོ་ཕུང་ཉིང་གིས་ལུགས་མཐུན་ངང་སྨན་རིན་ཚོད་འཛིན་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་སྡེ་ཁག་གིས་གྲོས་མོལ་མཐུན་སྦྱོར་ལམ་སྲོལ་བཙུགས་པར་སྨན་རིན་མངོན་གསལ་དོད་པོས་ཇེ་དམར་སོང་ཡོད་པ་རེད་ཟེར།

“ང་ཚོས་སྨན་ཁང་དང་གྲོས་མོལ་མ་བྱས་གོང་། སྨན་ཁང་གི་གཞི་ཁྱོན་དང་། སྨན་ཁང་དུ་སྡོད་མཁན་གྱི་མི་གྲངས། ཡོང་འབབ་སོགས་དཔྱད་གཞིར་བྱས་ནས་ལོ་ལྟར་སྨན་བཅོས་འགན་སྲུང་གི་ཐེབས་རྩའི་མ་དངུལ་སྤྲོད་ཀྱིན་ཡོད། སྨན་ཁང་སྒྲིག་གཞི་དང་དངུལ་གྲོན་ཆུང་བྱེད་མཁན་སྨན་བཅོས་སྡེ་ཁག་ལ་བྱ་དགའ་སྤྲོད་པ་དང་གྲོན་ཆུང་བྱས་པའི་ཐེབས་རྩའི་མ་དངུལ་སྨན་ཁང་རང་ཉིད་ལ་སྤྱོད་དུ་འཇུག་གི་ཡོད”ཅེས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཆིང་ཡོན་གྱིས་དེ་ལྟར་བཤད་བྱུང་།

མཚོ་སྔོན་གྱི་ས་གནས་ཁག་གིས་སྨན་རིན་སྤྲོད་ཐབས་སྣ་ཚོགས་འཚོལ་ཞིབ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་གྱིས་དངུལ་གྲངས་ཚོད་འཛིན་ཕྱོགས་བསྡུས་དང་ཟུང་འབྲེལ་གྱིས་གྲངས་ངེས་དངུལ་སྤྲོད་དང་། ནད་ལ་གཞིགས་ནས་དངུལ་སྤྲོད། སྨན་ཁང་དུ་བསྡད་པའི་ཉིན་གྲངས་ལྟར་སྨན་རིན་སྤྲོད་པ་སོགས་ཕྱོགས་བསྡུས་རྩིས་ཞུ་བྱེད་ཐབས་ལག་བསྟར་བྱས་པ་དང་། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ནད་རིགས་ལ་གཞིགས་ནས་དངུལ་སྤྲོད་བཅོས་བསྒྱུར་ལས་དོན་ལག་བསྟར་བྱེད་པ། མཚོ་ཤར་གྲོང་ཁྱེར་གྱིས་སྨན་ཁང་དུ་སྡོད་པའི་སྨན་རིན་ཐད་གྲངས་ངེས་དངུལ་སྤྲོད་ཀྱི་བྱེད་ཐབས་ལག་བསྟར་བྱེད་པ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་གྲོན་དངུལ་ཐད་མི་གྲངས་ལ་གཞིགས་ནས་དངུལ་སྤྲོད་རྩིས་ཞུ་བྱེད་ཐབས་ལག་བསྟར་བྱས།

རིམ་དབྱེ་སྨན་བཅོས་བྱས་ཏེ་མང་ཚོགས་ཀྱིས་ནད་ལྟ་ཐུབ་པ་དང་ནད་གསོ་བཅོས་ལེགས་པོ་བྱེད་ཐུབ་པ་བྱས།

སྨན་ཁང་ཆེན་མོར་ནད་ལྟ་མཁན་མང་བ་དང་སྨན་ཁང་ཆུང་ཆུང་ལ་ནད་ལྟ་མཁན་ཉུང་བའི་སྣང་ཚུལ་ལ་དམིགས་ནས། མཚོ་སྔོན་གྱིས་རིམ་དབྱེ་སྨན་བཅོས་ལམ་ལུགས་ཁྱབ་གདལ་བཏང་སྟེ་མང་ཚོགས་རྣམས་ནད་ལྟ་ཐུབ་པ་དང་སྨན་བཅོས་ཡག་པོ་བྱེད་ཐུབ་པ་བྱས་པ་སྟེ། སྨན་ཁང་ཆེ་གྲས་ཀྱི་སྤུས་ལེགས་ཐོན་ཁུངས་སྤྱད་པ་དང་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་3འཐུས་སྒོ་ཇེ་ཚང་དུ་བཏང་ནས། གྲོང་ཁྱེར་དང་ཁུལ་ཏུ་ས་ཁོངས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་1ནས་2བར་བཙུགས་པ་དང་། གཞི་རིམ་སྨན་དོན་མི་སྣའི་ལས་སྒོའི་བྱང་ཚད་ཆེ་རུ་བཏང་སྟེ་གཞི་རིམ་ལ་སྨན་པ་170དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་ལ་དངོས་གཞིའི་ཚན་ཁག་ཡན་གྱི་གསོ་རིག་ཤེས་ལྡན་མི་སྣ་1900ལྷག་ཙམ་ཁ་གསབ་བྱས་པ་རེད།

གྲངས་ཀ་ལས་ཤེས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྡོད་དམངས་མི་སྒེར་གྱི་འཕྲོད་བསྟེན་གཏོང་སྒོ་དེ་2008ལོའི་33.01%ནས་2015ལོའི་23.61%བར་མར་ཆག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ཚད་66%ནས་98%ཡན་བར་ཇེ་མཐོ་སོང་བ། སྲིད་ཇུས་ཁྱབ་ཁོངས་སུ་སྨན་ཁང་དུ་སྡོད་མཁན་གྱི་སྨན་རིན་རྩིས་ཞུའི་བསྡུར་ཚད་37.7%ནས་78%བར་ཇེ་མཐོར་སོང་ཡོད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།