མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བཞིན་ཡོད་པ།
2017.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

 ཁྱད་ཆོས་ལྡན་པའི་གསོ་སྤེལ་ལས་རིགས་དང་། གསོ་སྤེལ་ལས་རིགས་ཀྱིས་མང་ཚོགས་ཀྱི་ཡོང་སྒོ་གཏན་འཇགས་ངང་འཕར་སྣོན་བྱེད་ཐུབ་པས། དེའི་ཐད་ཀྱི་གསོ་སྐྱོང་སྦྱོང་བརྡར་བྱས་ནས་ལས་ཞུགས་ལ་ཡར་སྐུལ་བྱས། ཁྱིམ་གྱི་མགྲོན་ཁང་གིས་ལྗོངས་རྒྱུའི་ལྟ་སྐོར་དང་དབུལ་ཐར་མཁྲེགས་གཏོར་ལ་ནུས་པ་མི་དམན་པ་ཐོན་ཡོད་ལ། སྔར་ལས་འབད་པ་ཆེན་པོ་བྱས་མཐར། དབུལ་ཕོངས་སྡེ་བའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་མི་གྲངས་ཁྲི་བཅུ་གཅིག་ལྷག་དབུལ་ཕོངས་ལས་ཐར་བའི་དམིགས་འབེན་མངོན་འགྱུར་བྱུང་། ད་ལོ་ནི་གནད་ཕིགས་དབུལ་སྐྱོར་དང་དབུལ་ཐར་མཁྲེགས་གཏོར་བྱ་བ་ཇེ་ཟབ་དུ་གཏོང་བའི་ལོ་རེད། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་ཐེམ་སྐས་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་བཞིན་འདུག

མཚོ་སྔོན་ཞིང་ཆེན་བུ་མེད་མཉམ་འབྲེལ་ལྷན་ཚོགས་ནས་མངགས་འོང་བའི་སྟོང་སྐོར་རྫོང་རྡོ་དཀར་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཨེ་ཞང་ལན་གྱིས།  སྡེ་བ་འདི་ནོར་བུ་སྡེ་བར་རྟོགས་པ་དང་སྡེ་བ་ཡོངས་ལ་ཁྱིམ་ཚང་བརྒྱ་དང་བཅུ་བཞི་ཡོད་ལ།  སྡེ་ཡོངས་ཀྱི་མི་གྲངས་བཞི་བརྒྱ་དྲུག་ཅུ་ཡོད་པའི་ནང་དུ་བོད་རིགས་ཀྱིས་བརྒྱ་ཆའི་གོ་བརྒྱད་ཟིན།  ངལ་རྩོལ་ཕྱིར་གཏོང་དང་ནོར་ལུག་གསོ་སྤེལ་ལ་བརྟེན་ནས་ཡོང་སྒོ་ཇེ་མང་ལ་གཏོང་བཞིན་ཡོད།  ཉིས་སྟོང་བཅུ་དྲུག་ལོར་མི་ང་དགུས་གྲུབ་པའི་ཁྱིམ་ཚང་བཅུ་དྲུག་དབུལ་ཐར་བྱ་བའི་འཆར་གཞི་ནང་བཞག་ནས།   ལག་རྩལ་གསོ་སྦྱོང་ལ་ཤུགས་བསྣན་པ་དང་། ས་བབ་དང་བསྟུན་ནས་གསོ་སྤེལ་གྱི་བྱ་འགུལ་སྣ་ཚོགས་སྤེལ་བར་བཤད། 

སྡེ་བའི་ནང་གི་གནས་ཚུལ་ཡོད་ཚད་ལག་མཐིལ་གྱི་རི་མོ་ལྟར་གསལ་ལེར་མངོན་པ་དང་།  དེའང་གྲོང་ཚོར་བཅའ་སྡོད་ཁྱིམ་ཚང་ལ་ཐེངས་མང་འཚམས་འདྲི་སོང་བ་དང་ཁ་འབྲལ་ཐབས་མེད་ལ། སྡེ་བའི་ནང་གི་བྱ་བ་སྣ་ཚོགས་བདེ་བླག་ངང་སྤེལ་ཐུབ་པ་དེའང་སྡེ་བའི་ནང་གི་ཨུ་ཡོན་གཉིས་ཀྱི་མོས་མཐུན་མཉམ་ལས་དང་ཁ་འབྲལ་ཐབས་མེད། གྲོང་ཚོར་བཅའ་སྡོད་བྱས་པའི་རྗེས་སུ་ཨེ་ཞང་ལེན་གྱིས་སྡེ་བའི་ཏང་ཀྲི་པུའུ་ལ་སྣེ་ཁྲིད་བྱས་འོག་ཕྱོགས་ཡོངས་ནས་ཏང་གི་སློབ་ཁྲིད་བྱ་འགུལ་སོགས་སྲིད་ཇུས་དྲིལ་སྒྲོག་ཐད་འབད་པ་བྱས་པས་སྔར་ལས་ལྷག་པའི་སྒོ་ནས་གོང་བུ་ཆགས་པའི་ཨུ་ཡོན་ཚན་ཁག་གཉིས་ཀྱི་གཟི་མདངས་མངོན་ཡོད།

ད་ལོ་རང་ཞིང་གིས་དབུལ་ཐར་བྱ་བ་གོམ་གང་མདུན་སྤོས་སྒོས་དོན་འཁྱོལ་ཡོང་བར་བཀོད་སྒྲིག་ལེགས་པོ་བྱས་ཡོད་ལ། དེས་ཧྲུའུ་ཅི་དང་པོ་དང་སྡེ་བའི་བཅའ་སྡོད་ལས་བྱེད་པའི་བྱ་བའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྐུལ་སློང་དང་གཞོག་འདེགས་ཀྱི་ནུས་པ་ཆེན་པོ་ཐོན། ད་ནི་ཧྲུའུ་ཅི་དང་པོ་དང་གྲོང་ཚོ་བཅའ་སྡོད་བྱ་བའི་རུ་ཁག་གིས་གནད་ལ་ཁེལ་བའི་ངང་དབུལ་སྐྱོར་ལ་སྟོབས་ཤུགས་གསར་བ་དང་། བྱེད་ནུས་གང་ལེགས་སྤྱད་པས་གྲུབ་འབྲས་ཀྱང་ཧ་ཅང་མངོན་གསར་རེད། དེ་ཡང་ཕྱོགས་ཡོངས་ཀྱི་དོ་དམ་སྒྲིག་གཞི་དང་།  ཆ་འཕྲིན་ཞབས་ཞུ། ཕྱིར་གཏོང་དང་ནང་འདྲེན་སོགས་ལས་སྒོ་ཀུན་ནས། སྒྲིག་གཞི་ཡོད་པ་དང་། ཁྱིམ་ཚང་རེ་རེའི་གནས་ཚུལ་ལ་དམིགས་ནས་གང་ཞིག་ཆད་པ། གང་ཞིག་ལ་ཁ་གསབ་བྱེད་དགོས་པ། རྨང་གཞིའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཐོན་ལས་ཀྱི་ཁེ་སྤོགས་བགོ་བ་བཅས་ཀྱི་ངང་ནས་དབུལ་ཐར་བྱ་བར་ལེགས་པར་བཟུང་།

མཚོ་སྔོན་གྱི་ཟས་རིགས་གླེང་ཡོང་ན། མི་མང་པོ་ཞིག་གིས་ཚྭ་ཁའི་ལུག་ཤ་དྲན་འོང་ལ། དབུས་ལམ་རྫོང་གི་ཚྭ་ཁའི་ལུག་ལ་ཐོན་ནུས་གསར་བ་ཡོད་ཆེད།  ལོ་གཅིག་གི་སྔོན་ལ། དབུས་ལམ་རྫོང་གི་ཚྭ་ཁ་དབུལ་སྐྱོར་ཐོན་ལས་མ་དཔེ་ར་བ་བཙུགས་པ་དང་། དབུས་ལམ་སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་རྫས་ཚད་ཡོང་ཀུང་ཟི་བཙུགས་ཤིང་ལས་གཉེར་བྱས་པར་མ་ཟད། ཚྭ་ཁའི་ལུག་གསོ་སྤེལ་བྱས་ནས་ཡོང་སྒོ་ཇེ་མང་ལ་བཏང་། ཁེ་ཕན་ཚང་མ་སྡེ་བའི་དབུལ་ཁྱིམ་ཡོངས་ལ་བགོས།   ཁེ་ལས་དང་མཉམ་འབྲེལ་ཚོང་སྡེ་དེ་ཞིང་ཕྱུག་དུད་ཁྱིམ་གྱི་རྣམ་པར་སྤྱད་ནས།  དབུལ་ཕོངས་ཁྱིམ་ཚང་གི་ལས་ཞུགས་ཀྱི་གནད་དོན་ཐག་བཅད་པར་མ་ཟད། ས་གནས་མང་ཚོགས་ཀྱི་ཡོང་སྒོའང་ཇེ་མང་དུ་གཏོང་ཐུབ་པས་དེ་ནི་ཕན་འབྲས་ལྡན་པའི་དབུལ་ཐར་གྱི་བགྲོད་ལམ་ཞིག་རེད།   ན་ནིང་ཚྭ་ཁ་རྫོང་གི་མིག་དཔེ་ར་བའི་མཛད་སྒོའི་ཉིན། སྐྱེ་རིན་ཀུང་ཟི་ལ་རྫོང་གིས་སྒོར་ཁྲི་ཉིས་བརྒྱ་བཞི་བཅུ་ལྷག་གིས་དབུལ་ཐར་སྣེ་ཁྲིད་བྱ་བའི་རོགས་སྐྱོར་གནང་བ་དང་། དབུལ་ཕོངས་ཁྱིམ་ཚང་གི་མི་བརྒྱད་ལྷག་ལ་ངལ་རྩོལ་ལས་བགོས་མངོན་འགྱུར་བྱས།  དབུལ་ཕོངས་ཁྱིམ་ཚང་གི་མི་ལྔས་ཀྲུང་གོ་དངུལ་ཁང་གི་མཚོ་སྔོན་ཡན་ལག་དངུལ་ཁང་དུ་གཙང་སྦྲ་བྱས་ན་རང་གི་ཡོང་སྒོ་ཇེ་མང་ལ་སོང་། འདི་ལྟར་རང་ཞིང་གིས་དབུལ་ཁྱིམ་མང་ཚོགས་ཀྱི་འཚོ་བའི་ཡོང་སྒོ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་ཤུགས་སྣོན་བྱ་ཆེད།   ད་དུང་མཚོ་ཤར་དང་མཚོ་སྐོར་སོགས་ས་ཁུལ་བཅུ་གསུམ་གྱི་རྫོང་ནས་ཁ་པར་གྱི་ལམ་ནས་དབུལ་སྐྱོར་ཚོད་ལྟ་བྱེད་པའི་མགོ་བརྩམས།

ལོ་ཙཱ་བ།  སྐར་མ་འཚོ།