མཚོ་སྔོན་ཞིང་ཆེན་གྱིས་མཐོ་རིམ་མཐར་ཕྱིན་སློབ་མའི་ཆེས་ཐོག་མའི་ལས་ཞུགས་ཐད་ཀྱི་རྒྱབ་ཤོག་དཀར་པོའི་དཔེ་ཆ་འགྲེམས་སྤེལ་བྱས་པ།
2017.04.12 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 48

ཉེ་ལམ་གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2016ལོར་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་མཐར་ཕྱིན་པའི་སློབ་མ་དག་ལ་ལས་ཞུགས་ཐད་ཀྱི་ཆེས་ཐོག་མའི་རྒྱབ་ཤོག་དཀར་པོའི་དཔེ་ཆ་འགྲེམས་སྤེལ་བྱས་པ་དང་། 2016ལོའི་ཟླ9པའི་ཚེས1ཉིན་གྱི་བར་མཚོ་སྔོན་ཞིང་ཆེན་དུ་སྤྱིར་བཏང་མཐོ་རིམ་མཐར་ཕྱིན་སློབ་མ་མི་གྲངས་ཁྲི་གཅིག་སྟོང་ལྔ་སུམ་བརྒྱ་བཅུ་གཉིས་ཡོད་ལ། ཆེས་ཐོག་མའི་ལས་ཞུགས་ཀྱི་ཚད་གཞི་དེ་བརྒྱ་ཆའི་གོ་གསུམ་དང་གྲངས་ཆུང་གཅིག་དྲུག་དང་དོན་དངོས་ལས་ཞུགས་ལག་བསྟར་བྱས་ཟིན་པའི་མི་གྲངས་ཁྲི་གཅིག་སྟོང་བཞི་ཉིས་བརྒྱ་རེ་བཞི་ཡོད།

ཆེད་སྦྱོང་སློབ་མའི་ཆེས་ཐོག་མའི་ལས་ཞུགས་ཀྱི་ཚད་གཞི་ཆེས་མཐོ་བ། ཞིང་ཆེན་ཡོངས་ཀྱི་མཐར་ཕྱིན་སློབ་མའི་ཆེས་ཐོག་མའི་ལས་ཞུགས་ཀྱི་ཚད་གཞི་དེ93.16%ལ་སླེབས་ཡོད་པ་དང་དེའི་ཁྲོད་ཞིབ་འཇུག་སློབ་མའི་ཆེས་ཐོག་མའི་ལས་ཞུགས་ཀྱི་ཚད་གཞི་དེ89.16%ལ་སླེབས་ཡོད། དངོས་གཞི་སློབ་མའི་ལས་ཞུགས་ཀྱི་ཚད་གཞི་དེ91.64%དང་ཆེད་སྦྱོང་སློབ་མའི་ཆེས་ཐོག་མའི་ལས་ཞུགས་ཀྱི་ཚད་གཞི་དེ95.96%ཡིན། སྤྱིའི་ཆ་ནས་བལྟས་ན། ཡོན་ཚད་ཇི་ལྟར་མཐོ་ན་ཆེས་ཐོག་མའི་ལས་ཞུགས་ཀྱི་ཚད་གཞི་དེ་ལྟར་དམའ་བ་རེད། དེ་ཡང་རྒྱལ་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན་ཡང་ཕལ་ཆེར་སྒྲིག་སྲོལ་འདི་ལྟ་བུ་ཞིག་ལ་འཚམ་པ་རེད། གཙོ་བོ་ནི་ཡོན་ཚད་ཇི་ལྟར་མཐོ་ན་ལོ་ཚད་དེ་ལྟར་མཐོ་བས་ཞིབ་འཇུག་སློབ་མའི་རེ་ལྟོས་ཀྱི་ཚད་ལ་ཡང་ཐོན་ཡོད། ཆེད་སྦྱོང་སློབ་མ་དང་དངོས་གཞིའི་སློབ་མས་སྔོན་ལ་ལས་ཞུགས་བྱེད་པ་དང་དེའི་འཕྲོར་ལས་ཀ་འདེམས་ཆོག ཡིན་ཡང་ཞིབ་འཇུག་སློབ་མས་ལས་ཀ་ཐོག་དང་པོ་འདེམས་པའི་དུས་ཚོད་ཀྱི་མ་རྩ་ཧ་ཅང་མཐོ་བས། སྔོན་ལ་ལས་རིགས་འདེམས་པ་དང་དེའི་འཕྲོར་ལས་ཀ་བཙལ་བ་གཙོ་བོར་བཟུང་ཡོད། དུས་མཉམ་དུ་ལས་བཟོ་བ་བསྡུ་བའི་ལས་ཁུངས་དག་གིས་དཔྱོད་ཤེས་ཀྱི་དམིགས་འབེན་གཙོར་བཟུང་ཡོད་ལ། ལས་མི་བསྡུ་བའི་ལས་ཁུངས་ལ་མཚོན་ནས་བཤད་ན། མི་ཤུགས་ཐོན་ཁུངས་ཀྱི་མ་རྩ་ལ་བསམ་གཞིག་གཏོང་དགོས་པ་མ་ཟད། ལས་གནས་ཀྱི་ངོ་བོ་དང་དགོས་འདོད་མི་མཐུན་པ་གཞིར་བཟུང་ནས་བསྡུ་ལེན་བྱེད་པའི་འཆར་གཞི་གཏན་ཁེལ་ལྟར་ལས་མི་བསྡུ་དགོས་པ་རེད།

དངོས་གཞི་སློབ་མའི་དོ་དམ་རིག་པ་དང་རྩོམ་རིག་གཉིས་ཀྱི་བསླབ་ཚན་ལ་ཆེས་ཐོག་མའི་ལས་ཞུགས་ཚད་གཞི་ཆེས་མཐོ་བ།

མཚོ་སྔོན་ཞིང་ཆེན་ལ་མཐོ་རིམ་སློབ་གྲྭ་ཉུང་མོད། འོན་ཀྱང་སྦྱངས་བྱའི་བསླབ་ཚན་ཅུང་ཆ་ཚང་ཡིན་པས། སློབ་གསོ་པུའུ་ཡིས་གསར་དུ་གཏན་ཁེལ་བྱས་པའི་བསླབ་ཚན་རིགས13གཞིར་བཟུང་ནས་མཚོ་སྔོན་གྱིས་རིགས11ལག་བསྟར་བྱས་ཡོད། ཡོན་ཚད་ཀྱི་རིགས་དབྱེ་ལྟར་ཆེས་ཐོག་མའི་ལས་ཞུགས་ཀྱི་ཚད་གཞི་སྡོམ་རྩིས་བྱས་པའི་གནས་ཚུལ་ལ་བལྟས་ན། མཚོ་སྔོན་ཞིང་ཆེན་གྱིས2016ལོའི་ཞིབ་འཇུག་སློབ་མས་བསླབ་ཚན11སྦྱོང་བཞིན་ཡོད་ལ། དཔལ་འབྱོར་རིག་པ་དང་གསོ་བ་རིག་པའི་བསླབ་ཚན་ལས་སློབ་མཐར་ཕྱིན་པའི་སློབ་མ་དག་གི་ལས་ཞུགས་ཚད་གཞི་ཆེས་མཐོ་བ་དང་། 90%ལས་བརྒལ་ཟིན་པའི་བསླབ་ཚན་རིགས་མི་འདྲ་བ5ཡོད་དེ། གནས་ལུགས་རིག་པ་དང་བཟོ་དོན་རིག་པའི་བསླབ་ཚན་ལས་སློབ་མཐར་ཕྱིན་པའི་ཆེས་ཐོག་མའི་ལས་ཞུགས་ཚད་གཞི་དེ་ཆེས་མཐའ་མཇུག་ལ་སླེབས་ཡོད།

མཚོ་སྔོན་ཞིང་ཆེན་གྱི2016ལོའི་དངོས་གཞི་སློབ་མའི་བསླབ་ཚན་རིགས10ཡོད་དེ། དོ་དམ་རིག་པ་དང་རྩོམ་རིག་སྦྱངས་བའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཚད་གཞི་ཆེས་མཐོ་ཞིང་། 90%ལས་བརྒལ་ཟིན་པའི་བསླབ་ཚན་ལ་རིགས7ཡོད། གནས་ལུགས་རིག་པ་དང་ཞིང་ལས་རིག་པའི་བསླབ་ཚན་ལས་སློབ་མཐར་ཕྱིན་པའི་ལས་ཞུགས་ཀྱི་ཚད་གཞི་དེ་ཡང་ཆེས་མཐའ་མཇུག་ལ་སླེབས་ཡོད།

མཚོ་སྔོན་ཞིང་ཆེན་གྱི2016ལོའི་སྐབས་ཀྱི་ཆེད་སྦྱོང་སློབ་མར་ཆེད་ལས་མི་འདྲ་བ་རིགས14ཡོད་དེ། དཔྱད་གཞི་དང་ནུས་ཁུངས། གསོ་རིག འཕྲོད་བསྟེན་བཅས་རིགས་ཆེན་པོ་གཉིས་ཀྱི་མཐར་ཕྱིན་སློབ་མས་ཆེས་ཐོག་མའི་ལས་ཞུགས་ཀྱི་ཚད་གཞི་ཆེས་མཐོ་ཞིང་། 90%ལས་བརྒལ་ཟིན་པའི་བསླབ་ཚན་རིགས12ཡོད། རིག་གནས་སློབ་གསོའི་རིགས་དང་བཅའ་ཁྲིམས་རིགས་ཀྱི་མཐར་ཕྱིན་སློབ་མའི་ཆེས་ཐོག་མའི་ལས་ཞུགས་ཀྱི་ཚད་གཞི་དེ་ལྟོས་བཅོས་ཀྱིས་ཅུང་རྗེས་སུ་ལུས་ཡོད།

ཁེ་ལས་ནི་སྔར་བཞིན་མཐར་ཕྱིན་སློབ་མའི་ལས་ཞུགས་གཙོ་བོར་གྱུར་ཡོད། གཞི་གྲངས་སྡོམ་རྩིས་ལྟར་ན། མཚོ་སྔོན་ཞིང་ཆེན་ལ་ཁྱོན་བསྡོམས་སློབ་མཐར་ཕྱིན་རྗེས་ལས་ཞུགས་བྱས་ཟིན་པའི་མི་གྲངས་ཁྲི་གཅིག་སྟོང་བཞི་ཉིས་བརྒྱ་རེ་བཞི་ཡོད་པ་དང་དེའི་ཁྲོད་ཁེ་ལས་ནི་མཐར་ཕྱིན་སློབ་མའི་ལས་ཞུགས་གཙོ་བོར་གྱུར་ཡོད་ལ། མཐར་ཕྱིན་སློབ་མའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ང་ལྔ་དང་། དེའི་འཕྲོར་ལས་དོན་ལས་ཁུངས་དང་ཏང་སྲིད་ལས་ཁུངས་གཉིས་ཀྱིས་སོ་སོར20.47%དང7.79%ཙམ་ལས་ཟིན་མེད།

དེ་ཡང་མཐར་ཕྱིན་སློབ་མའི་ལས་ཞུགས་ས་ཁོངས་ཀྱི་འཁོར་ཕྱོགས་ལྟར་ན། 2016ལོའི་སྐབས་ཀྱི་མཐར་ཕྱིན་སློབ་མ་རྒྱལ་ཡོངས་ཀྱི་ཞིང་ཆེན31གི་གྲོང་ཁྱེར་དང་རང་སྐྱོང་ས་ཁུལ་དུ་ཁྱབ་ཡོད་ལ། དེའི་ཁྲོད་ལས་ཞུགས་ཀྱི་ཁྱབ་ཁོངས་ཅུང་གཅིག་བསྡུས་ཡིན་པའི་ཞིང་ཆེན་ལ་མཚོ་སྔོན་དང་བོད་ལྗོངས། ཧྲན་ཞི། ཀོང་ཏུང་། ཀན་སུའུ། ཧྲན་ཏུང་བཅས་ཡོད།

ད་ལོའི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་དུས་ཚིགས་སུ་སླེབས་ལ་ཉེ་བའི་ཁོ་ཚོའི་ལས་ཞུགས་ཀྱི་གནས་ཚུལ་ཇི་འདྲ་ཞིག་ཡིན་ནམ། རྒྱུ་གང་དག་གིས་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་སྲིད་དམ། མཚོ་སྔོན་ཞིང་ཆེན་དུ་ཆེད་ལས་གང་དག་རྒྱུགས་ཆེ་སམ། ཉིན་འདི་དག་གི་རིང་ལ་གསར་འགོད་པ་རང་ཞིང་གི་མཐོ་རིམ་སློབ་གྲྭ་སོ་སོ་དང་སློབ་གསོ ལས་ཞུགས་སྡེ་ཁག་བཅས་སུ་སོང་ནས་མི་འགྱངས་བར་སློབ་གྲྭ་ནས་སློབ་མཐར་ཕྱིན་ལ་ཉེ་བའི་མཐར་ཕྱིན་སློབ་མ་དག་ལ་ལས་ཞུགས་ཐད་ཀྱི་རེའུ་མིག་གསལ་བོ་བྲིས་པ་རེད།

དུས་ཚིགས་གཅིག་རེ་ནི་ལས་བསྡུའི་མཐོ་རླབས་ཀྱི་དུས་སྐབས་ཡིན་པས། ཉིན་འདི་དག་གི་རིང་ལ་གསར་འགོད་པས་ལས་བསྡུའི་ཚོགས་འདུ་ཡི་ཡུལ་དངོས་མང་པོ་ཞིག་ལ་བཅར་འདྲི་བྱས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། གཞུང་ཞབས་པ་དང་ལས་དོན་ལས་ཁུངས་ཁོ་ནར་སྒུགས་ནས་མི་སྡོད་པ་རེད།

བྱ་བའི་ཁོར་ཡུག་ཇི་འདྲ་ཞིག་ཡིན་ནམ། བར་སྟོང་དེ་རིམ་འཕར་བྱུང་ཡོད་དམ། ལོ་རབས90པའི་རྗེས་ཀྱི་མཐར་ཕྱིན་སློབ་མ་དག་ལས་རིགས་ཁྲོད་ཞུགས་ཏེ་ལས་ཞུགས་ཀྱི་ཁྱད་ཆོས་མི་འདྲ་བ་དག་གཞིར་བཟུང་ནས་རིན་ཐང་གི་ཡང་ལྕི་ལ་མཐོང་ཆེན་དང་བརྟན་འཇགས་ཀྱི་ལས་རིགས་ལ་མི་དགའ་ཞིང་ལས་རིགས་གསར་གཏོད་ལ་དགའ་བ། བྱ་བའི་གླ་ཕོགས་ག་ཚོད་ཡོད་པ་དང་སྤྱི་ཚོགས་འགན་སྲུང་རིན་སྤྲོད་ཚད་གཞི་ག་འདྲ་ཡིན་པ་སོགས་གནད་དོན་འདི་དག་ནི་ལས་འཚོལ་མཁན་གྱི་དོ་སྣང་བྱེད་པའི་ཚ་རླབས་སུ་འགྱུར་བཞིན་མེད། བྱ་བའི་ཁོར་ཡུག་དང་ལས་རིགས་ཀྱི་རིན་ཐང་མངོན་འགྱུར་བྱེད་རྒྱུ་ནི་མཐར་ཕྱིན་སློབ་མའི་ཆེས་དོ་སྣང་བྱེད་ས་གཙོ་བོར་གྱུར་ཡོད། ཁྱིམ་ཚང་གི་ཁོར་ཡུག་དང་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་གྱི་དབང་གིས་ཟླ་ཕོགས་དེ་ནི་རིམ་བཞིན་མཐར་ཕྱིན་སློབ་མ་དག་གི་ལས་རིགས་འཚོལ་བའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད། ངས་རང་གི་བློ་སེམས་གཉིས་ཀར་འབབ་པའི་བྱ་བ་ཞིག་འཚོལ་འདོད་ལ་ཟླ་ཕོགས་ཚད་དང་རན་པ་ཙམ་གྱིས་ཆོག་ཞེས་མདོ་འཛིན་རྒྱང་སྒྲོག་གི་ཆེད་ལས་སྦྱོང་མྱོང་བའི་མཐར་ཕྱིན་སློབ་མ་ཆིན་ལོའུ་ཞང་གིས་སྨྱན་བྱད་ཀུང་ཟི་ཞིག་ལ་རང་གི་ལོ་རྒྱུས་བསྡུས་འབྲི་བསྐུར་བ་དང་ཁོ་མོས་བྱ་བ་འཚོལ་བའི་ཐོག་མའི་ཆ་རྐྱེན་ནི་བྱ་བ་དེ་ལ་སྤྲོ་སྣང་ཡོད་མེད་དེ་ཡིན་པར་བཤད་ཡོད།

བཅར་འདྲིའི་ཁྲོད་དུ་བཅུ་ཆའི་དྲུག་ཡན་གྱི་མཐོ་རིམ་མཐར་ཕྱིན་སློབ་མ་དག་ལ་གོང་གི་འདི་ལྟ་བུའི་དྲན་ཚུལ་ཡོད་པ་དང་སློབ་མཐར་ཕྱིན་ཟིན་པའི་སློབ་མ་དག་དང་བསྡུར་ན་ད་ལྟའི་མཐར་ཕྱིན་སློབ་མ་དག་གི་གཏན་འཇགས་ཀྱི་བྱ་བ་ལ་འདུ་ཤེས་གསར་བ་ཡོད་པ་དང་གཞུང་ཞབས་པར་རྒྱུགས་སྤྲོད་པ་དང་ལས་དོན་ལས་ཁུངས་ལ་རྒྱུགས་སྤྲོད་པའི་མཐར་ཕྱིན་སློབ་མ་ལྟོས་བཅོས་ཀྱིས་ཇེ་ཉུང་དུ་སོང་ཡོད།

ལིས་ཞིན་ཞིན་ནི་ནུས་ཁུངས་གསར་བའི་ཆེད་ལས་སྦྱངས་བའི་ད་ལོའི་མཐར་ཕྱིན་སློབ་མ་ཞིག་ཡིན་ལ། ཁོ་མོས་བཤད་རྒྱུར། ང་ནི་ལག་རྩལ་སྦྱོང་མཁན་ཡིན་པས་གཞུང་སྒྲུབ་ཁང་དུ་ཡིག་ཆ་འབྲི་བ་དང་ཡིག་ཆ་སྐྱེལ་བ་ལས་ཁེ་ལས་ཀྱི་ཡུལ་དངོས་ནས་སྦྱོང་བརྡར་ཐེངས་ཤིག་བྱས་ཏེ་རང་ཉིད་ཀྱི་ལག་རྩལ་ནུས་པ་སྔོག་འདོན་བྱེད་འདོད་པ་དེ་ཡིན་ཟེར། ལས་བསྡུའི་ཡུལ་དངོས་ནས་གསར་འགོད་པས་ད་ལོའི་མཐར་ཕྱིན་སློབ་མ30ལྷག་ལ་བཅར་འདྲི་བྱས་ཤིང་། དེའི་ཁྲོད་ཀྱི་བཅུ་ཆའི་བདུན་ལྷག་གི་ལས་ཞུགས་ཀྱི་འདུ་ཤེས་དེ་ཁེ་ལས་ཀྱི་ཕྱོགས་སུ་འཁོར་ཡོད། ཞིང་ཆེན་ཤེས་ལྡན་མི་སྣའི་འབྲེལ་འདྲིས་ལྟེ་གནས་ཀྱི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་ཁེ་ལས་ལས་བསྡུའི་ཁྲོད་ཀྱི་ལས་རིགས་འཚོལ་བསྡུའི་ཚད་གཞི་དེ་མངོན་གསལ་གྱིས་མཐོར་འདེགས་སུ་སོང་བ་མ་ཟད། མཐར་ཕྱིན་སློབ་མ་ཁེ་ལས་ལས་བསྡུའི་ཚོགས་འདུར་ཞུགས་པར་སྤྲོ་སེམས་ལྡན་པས། མིག་སྔའི་གནས་ཚུལ་ལ་བལྟས་ན་ལས་བསྡུའི་ཚོགས་འདུ་ཡི་གྲུབ་འབྲས་དེ་ཅུང་བཟང་བ་རེད།

རྣམ་པ་གསར་བའི་ཞབས་ཞུའི་ཁེ་ལས་དང་རང་ས་ཁུལ་གྱི་ཁྱད་ལྡན་ཁེ་ལས་ལ་སློབ་ཆེན་པ་དག་སྤྲོ་བས་ཁེངས་ཤིང་། ལས་བསྡུའི་ཚོགས་འདུར་ཞུགས་པའི་སྲོག་ཆགས་སྨན་ཁང་གི་ལས་བསྡུའི་འགྲན་སྟེགས་སུ་ལས་འཚོལ་བསྡུ་ལེན་པ་ཡིས་འཚང་ཁ་བརྒྱབ་ཡོད། ང་ནི་སྲོག་ཆགས་གསོ་རིག་སྦྱོང་མཁན་ཞིག་ཡིན་པ་མ་ཟད། སྲོག་ཆགས་ལ་ཡང་ཧ་ཅང་དགའ་བོ་ཡོད་པས་འདིའི་ཐད་ཀྱི་བྱ་བ་ཞིག་གཉེར་བར་སྤྲོ་སྣང་གིས་ཁེངས་ཡོད་ཞེས་མཚོ་སྔོན་སློབ་ཆེན་ཀྱི་ད་ལོའི་མཐར་ཕྱིན་སློབ་མ་ཀྲུང་ཅིན་དབྱི་ཡི་ལོ་རྒྱུས་གནད་བསྡུས་ཁྲོད་འདི་ལྟར་བྲིས་ཡོད། ལས་རིགས་འདི་ནི་ཞབས་ཞུའི་ལས་རིགས་གསར་བར་གཏོགས་ལ། ཁྱོན་ཡོངས་ནས་སྡོམ་རྩིས་ཡང་བྱས་མེད་པས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་ཁྱི་དང་ཞི་ལ་སོགས་སྲོག་ཆགས་ཁྲི70ལྷག་ཡོད་པས། ལས་རིགས་ཀྱི་ཁྲོམ་ར་རྒྱ་ཆེ། དེ་བས་ང་ཚོར་འབྲེལ་ཡོད་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་མཁོ་ཞེས་ཁེ་ལས་དེའི་འགན་ཁུར་མི་སྣས་དེ་ལྟར་བཤད་བྱུང་། གསར་འགོད་པས་མཐོང་བ་ལྟར་ན་ཁེ་ལས་དེའི་གླ་ཕོགས་ཡང་དེ་འདྲ་མཐོ་རྒྱུ་མེད་པར་ཆ་སྙོམས་བྱས་ན་སྒོར་སུམ་སྟོང་ཡན་ཙམ་རེད།

ཡིན་ཡང་གླེང་རིན་ཡོད་པ་ཞིག་ལ་ས་ཁུལ་དེའི་ཁེ་ལས་ལ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པར་མ་ཟད། མི་རིགས་ཐོན་ལས་ཀྱི་བེད་སྤྱོད་ཚད་གཞི་ཡང་ཇེ་མང་ལ་སོང་ཡོད།

ཏིང་འཛིན་སྐྱིད་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཡིན་ཞིང་། ཁོ་མོར་བྱ་བ་འཚོལ་བའི་ཐད་སེམས་ཁུར་ཅི་ཡང་སྐྱེས་བཞིན་མེད། ཁོ་མོས་བཤད་རྒྱུར། སྔོན་ཆད་དྲ་སྟེང་ནས་ཞིང་ཆེན་གཞན་པའི་ཁེ་ལས་ལས་ཁུངས་འགའ་ལ་རང་གི་ལོ་རྒྱུས་གནད་བསྡུས་རེ་བསྐུར་བ་ནི་རྒྱ་མཚོའི་ནང་ལ་རྡོ་འཕངས་བ་བཞིན་ལན་ཅི་ཡང་མེད་མོད། འོན་ཀྱང་རྗེས་སུ་ཁོ་མོས་ལས་ཞུགས་དེ་རང་ས་ཁུལ་དུ་ཕྱོགས་པས་དངོས་གནས་བློ་ཡུལ་དུའང་མ་ཤར་བ་ནི་གྲུབ་འབྲས་ཐོབ་བྱུང་ཅེས་བཤད། ལས་བསྡུ་ཚོགས་འདུའི་སྟེང་ཏིང་འཛིན་སྐྱིད་བརྐོས་རིས་སྒྱུ་རྩལ་ཀུང་ཟི་ཞིག་གིས་ལས་བསྡུ་བྱས་པ་རེད། ང་ཚོ་ནི་མི་རིགས་སྒྱུ་རྩལ་ཐོན་ལས་ཐོན་སྐྱེད་བྱེད་པའི་ཁེ་ལས་ཤིག་ཡིན་པས། ང་ཚོར་གྲངས་ཉུང་མི་རིགས་ཀྱི་སྐད་མཁོ་བ་མ་ཟད་ད་རུང་དབྱིན་ཇིའི་སྐད་ཤེས་པའི་ལས་བཟོ་བ་ཡང་དགོས་ཞེས་ཁེ་ལས་འགན་འཛིན་པས་བཤད་བྱུང་། འབྲེལ་ཡོད་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་མཐར་ཕྱིན་སློབ་མའི་ཁྲོད་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་མ་ཅུང་མང་ཞིང་།2016ལོའི་ཞིང་ཆེན་ཡོངས་ཀྱི་ཁུལ6གི་སློབ་མའི་ལས་ཞུགས་ཀྱི་ཚད་གཞི་དེ92.38%ཡན་ལ་སླེབས་ཡོད།

ལས་རིགས་གསར་གཏོད་ནི་མིག་སྔར་མཐོ་རིམ་མཐར་ཕྱིན་སློབ་མའི་ཁྲོད་རྒྱུགས་ཆེ་བའི་མིང་ཚིག་ཤིག་སྟེ། ལས་རིགས་གསར་གཏོད་ཀྱི་མོས་འདུན་ཆེ་ཞིང་ལས་རིགས་གསར་གཏོད་ཀྱི་བགྲོད་ལམ་དུ་ཞུགས་པའི་མཐར་ཕྱིན་སློབ་མ་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། འདི་ནི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་འགྱུར་ལྡོག་གསར་བ་ཞིག་ཀྱང་ཡིན། ད་ལོའི་མཐར་ཕྱིན་སློབ་མའི་ཁྲོད་དུ་ལས་བསྐྲུན་ཕུགས་འདུན་ལྡན་པའི་མི་གྲངས 50%ཡི་ཡན་ལ་སླེབས་ཡོད་ཞེས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་ཤིང་། ལས་རིགས་གསར་གཏོད་ཀྱི་རྟེན་གཞི་གསར་འཛུགས་བྱས་པ་དང་བསྟུན་ནས་རིགས་སོ་སོའི་ལས་བསྐྲུན་དམིགས་གསལ་སྲིད་ཇུས་ཡང་རབ་དང་རིམ་པ་ལག་བསྟར་བྱས་ཡོད། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་རིགས་གསར་གཏོད་ཀྱི་མི་གྲངས་མུ་མཐུད་དུ་འཕར་སྣོན་བྱུང་བ་དང་བསྟུན་ནས་ད་རུང་སློབ་མཐར་མ་ཕྱིན་པའི་སློབ་ཆེན་པ་སྐོར་ཞིག་གིས་ལས་རིགས་གསར་གཏོད་ལེགས་འགྲུབ་བྱུང་བ་མ་ཟད། ཡོང་འབབ་ཡང་ངེས་ཅན་ཞིག་ཡོད་པ་རེད།

མཐར་ཕྱིན་སློབ་མའི་ལས་རིགས་གསར་གཏོད་ཀྱི་འདུ་ཤེས་སྔར་ལས་ཇེ་ཆེར་སོང་བ་དང་བསྟུན་ནས་མཐར་ཕྱིན་སློབ་མ་དག་གིས་ལས་རིགས་གསར་གཏོད་ནི་ཁེ་སྤོགས་ལེགས་ཤིང་ལྷོད་གཡེང་ཅན་གྱི་དོན་དག་ཅིག་ཡིན་པར་འདོད་ཡོད། ངས་ལས་རིགས་གསར་གཏོད་སྐོར་སྒྲུབ་ནས་ལོ་གཉིས་ལྷག་འགོར་བ་དང་ལས་རིགས་གསར་གཏོད་རྣམ་གྲངས་སྐོར་གྱི་འཆར་འགོད་དཔེ་ཆ་མང་པོ་ལས་ཞིང་། ལས་རིགས་གསར་གཏོད་ལེགས་འགྲུབ་བྱུང་མཁན་དག་གི་མཛུབ་སྟོན་ཡང་ཐོབ། དེ་ཡང་ཡུལ་སྐོར་འཕེལ་རྒྱས་ཀྱི་ལས་རིགས་ཁྲོད་ལས་རིགས་གསར་གཏོད་བྱ་འདོད། དེའི་རྐྱེན་གྱིས་ངས་ཐོག་མར་ཡུལ་སྐོར་ཀུང་ཟི་ནས་འགོ་བརྩམས་ཏེ་ཉམས་མྱོང་གསོག་འཇོག་བྱས་ཏེ་ལས་རིགས་གསར་གཏོད་བྱ་རྒྱུ་ཡིན་ཞེས་ཡུལ་སྐོར་ཆེད་ལས་སྦྱོང་བའི་སློབ་བུ་ལིས་ཞང་གིས་དེ་ལྟར་བཤད་བྱུང་།

མཚོ་སྔོན་ཞིང་ཆེན་གྱིས2016ལོའི་དངོས་གཞི་སློབ་མཐར་ཕྱིན་པའི་བསླབ་ཚན་མི་འདྲ་བ10སྟེ་དོ་དམ་རིག་པ་དང་རྩོམ་རིག་གཉིས་ཀྱི་ཆེས་ཐོག་མའི་མཐར་ཕྱིན་ལས་ཞུགས་ཀྱི་ཚད་གཞི་ཆེས་མཐོ་ཞིང་། 90%ཡི་ཡན་ལ་སླེབས་པའི་རིག་ཚན་གྱི་སྐོར7དང་གནས་ལུགས་རིག་པ་དང་ཞིང་ལས་རིག་པའི་རིག་ཚན་གྱི་མཐར་ཕྱིན་སློབ་མའི་ཆེས་ཐོག་མའི་ལས་ཞུགས་དེ་ཆེས་རྗེས་མ་རེད། མཚོ་སྔོན་ཞིང་ཆེན་གྱི2016ལོའི་ཆེད་སྦྱོང་མཐར་ཕྱིན་སློབ་མའི་སྦྱངས་བའི་ཆེད་ལས་ལ་རིགས་མི་འདྲ་བ14ཡོད་པ་དང་དཔྱད་གཞི་དང་ནུས་ཁུངས། གསོ་རིག འཕྲོད་བསྟེན་གཉིས་ཀྱི་ཆེད་ལས་སྦྱངས་བའི་མཐར་ཕྱིན་གྱི་ཆེས་ཐོག་མའི་ལས་ཞུགས་ཚད་གཞི་ཆེས་མཐོ་བ་དང་། 90%ཡི་ཡན་ལ་སླེབས་པའི་རིགས་ལ12དང་རིག་གནས་སློབ་གསོའི་རིགས་དང་བཅའ་ཁྲིམས་རིགས་ཀྱི་མཐར་ཕྱིན་སློབ་མའི་ཆེས་ཐོག་མའི་ལས་ཞུགས་ཀྱི་ཚད་གཞི་དེ་ཅུང་ལྟོས་བཅོས་ཀྱིས་རྗེས་སུ་ལུས་ཡོད།

རིམ་པ་སོ་སོའི་སྤྱི་གཞུང་ལས་ཞུགས་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་གྲངས་ཀའི་དབྱེ་ཞིབ་ལྟར་ན། ལས་གནས་དགོས་མཁོ་མདུན་གྲས་ཀྱི་རིམ་པ10ཡི་ནང་ཚུད་པའི་ཆེད་ལས་དང་ལས་རིགས་ནི་ཕྱིར་འཚོང་ལས་དོན་གྱི་སྐོར་དང་རྩིས་འཁོར་དང་དྲ་རྒྱའི་རིགས། རིག་གནས་ཀྱི་ལས་འགན་རིགས། ནོར་སྲིད་དངུལ་རྩའི་ཉེན་ཚབ་ཀྱི་རིགས། ཁེ་ལས་དོ་དམ་གྱི་རིགས། སྤྱིར་བཏང་བཟོ་ལས་ཀྱི་རིགས། ནུས་རྩལ་བཟོ་ལས་ཀྱི་རིགས། འཕྲུལ་ཆས་ཀྱི་རིགས། སྐྱེ་དངོས་གསོ་རིག་གི་རིགས། འཛུགས་བསྐྲུན་བཟོ་བསྐྲུན་གྱི་རིགས་བཅས་ཡིན་པ་རེད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།