སྡེ་བའི་ནང་དུ་སོང་ནས་སྲིད་ཇུས་སྒྲོག་པ་དང་མང་ཚོགས་ལ་བྱ་བ་བསྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་བདེ་སྡུག་ཡིད་ལ་དམ་པོར་འཛིན་པ་དང་དམངས་ཀྱི་འདོད་བློ་དང་རེ་སྒུག་ལ་རྒྱུས་ལོན་ཟབ་མོ་བྱེད་པ། བློ་གཅིག་སེམས་གཅིག་གིས་དམངས་ལ་བྱ་བ་སྒྲུབ་པ་དང་དམངས་ཀྱི་བྱ་བའི་དཀའ་ཁག་སེལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས“གསུམ་འབྲེལ་བཞི་བསྒྲུབ་”ཀྱི་བྱ་འགུལ་ཁྲོད། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལས་གཉེར་གསར་བཏོད། མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་གསར་སྐྲུན་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས།
མུ་མཐུད་དུ་ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་རྒྱ་ཇེ་ཆེར་བཏང་། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ད་ལོར་ཁུལ་དང་རྫོང་གི་མ་དངུལ་སྣ་ཚོགས་སྒོར་བྱེ་བ་གཉིས་དང་ས་ཡ་དགུ་འབུམ་ལྔ་ཧྲིལ་བསྡུས་བྱས་ཏེ་སྡེ་བ་བཅུ་དགུ་ནས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཀྱི་རྟེན་གཞི་ཆེན་པོ་དྲུག་འཛུགས་བསྐྲུན་བྱེད་རྒྱུ་རེད།
དེར་བསྟུན་ནས། གཞི་རིམ་དུ་སོང་བའི་བྱ་བའི་ཚན་ཆུང་དང་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་སོ་སོས་སྡེ་བ་རེ་རེའི་ཐོན་ཁུངས་དང་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ།སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཁག་གི་རང་སྡེ་བའི་དོན་དངོས་དང་མཐུན་པའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འཁེལ་བྱེད་པར་རོགས་རམ་བྱས། གཅིག་སྒྲིལ་རྫོང་གིས་ཞིང་ཕྱུགས་དང་ནོར་སྲིད་སོགས་སྡེ་ཁག་གི་སྣེ་ཁྲིད་དེ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་རྩིས་གྲངས་དང་ཉིན་རེའི་རྩིས་རྒྱགས་ཐབས་དང་། གྲངས་ལ་དོ་དམ་ཇི་ལྟར་བྱེད་ལུགས་སོགས་ཀྱི་ཐད་ནས་གསོ་སྦྱོང་འཛིན་གྲྭ་ཐེངས་བརྒྱད་ལ་བསྒྲུབ་པ་དང་། གསོ་སྦྱོང་ལ་ཞུགས་མཁན་མི་གྲངས་ཉིས་བརྒྱ་ལྷག་ལ་བུད་དེ།ནུས་ཡོད་སྒོས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཚད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་བྱས། རྨ་ཆེན་རྫོང་གི་སྡེ་བར་སྡོད་པའི་བྱ་བའི་ཚན་ཆུང་གིས་མ་དངུལ་སྒོར་ཁྲི་གསུམ་ལྷག་དངོས་འབེབ་བྱས་ནས། ཚོང་བར་འབྲེལ་བ་བྱས་ཏེ་སྔོ་ཚོད་གྱི་ས་བོན་མཁོ་སྤྲོད་བྱེད་པ་དང་།ཆུ་བ་ཇ་ཟག་སྡེ་བ་དང་ཐར་ར་ལུང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཉེར་དྲུག་གིས་སྔོ་ཚོད་འདེབས་པར་རོགས་རམ་བྱས་ཏེ།འབྲེལ་གནས་སྡེ་བའི“ཧྲུའུ་ཅུ་དང་པོ་”དང་དབུལ་སྐྱོར་བྱ་བའི་ཚན་ཆུང་ཡུལ་དངོས་དང་པོར་སོང་ནས་སྡེ་བའི་ཨུ་ཡོན་ལྷན་ཁང་“ཨུ་ཡོན་"གཉིས་ཀྱིས་དབུལ་པོར་གྱུར་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པར་ནན་ཏན་སྒོས་མཛུབ་སྟོན་བྱས་པ་དང་། དབུལ་སྐྱོར་མཁྲེགས་གཏོར་དང་། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་ཞིབ་འཇུག་བྱས། སྐོར་གཅིག་ཅན་བརྒྱད་ཀྱི་ཆེད་དོན་བྱ་འགུལ་དང་། ལས་རིགས་བཅུ་བདུན་གྱི་དབུལ་སྐྱོར་འཆར་འགོད་ལ་དམ་པོར་དམིགས་ཏེ།རྨང་གཞི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་ཁ་གསབ་བྱས་ཤིང་། སྡེ་བའི་ཆུ་གློག་ལམ་གསུམ་གྱི་གནད་དོན་ལ་དམིགས་ཏེ། མང་ཚོགས་ཀྱི་གནད་དོན་ཐག་གིས་གཅོད་པ་ནས་མགོ་བརྩམས་ཏེ། ཐོན་ཁུངས་བཀོད་སྒྲིག་ལེགས་པོ་བྱས་ཏེ། དབུལ་ཕོངས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱས་ཤིང་།ཧུར་ཐག་གིས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་། དགའ་བདེ་རྫོང་གིས་དབུལ་ཕོངས་སྡེ་བའི་ཨར་ལམ་གྱི་གཞུང་ལམ་རྨིད་གྲུ་བཞི་མ་སྟོང་ལྔ་ལྷག་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་།སྡེ་བའི་གཞུང་ལམ་འཛུགས་སྐྲུན་གྱི་མ་དངུལ་སྒོར་མོ་ཁྲི་རེ་བདུན་དོན་ཐོག་ཏུ་འཁྱོལ་བར་བྱས།
ཁུལ་དང་རྫོང་གི་བྱ་བའི་རུ་ཁག་དང་སྡེ་བར་སྡོད་པའི་ལས་བྱེད་པ་ཁྱིམ་ཚང་དུ་བསྐྱོད་ནས། ས་ཞིང་གཞུང་བསྡུས་བེད་སྤྱོད་དང་། རྩྭ་སའི་རྩོད་གླེང་། བཅའ་ཁྲིམས་ཞུ་གཏུག་གི་གྱོད་དོན།ལས་བྱེད་པ་དང་མི་དམངས་མང་ཚོགས་བར་གྱི་འགལ་བ་སོགས་ཡིག་སྐུར་ངོ་གཏུག་གི་གནད་དོན་གཙོ་བོར་དམིགས་ནས།གཏིང་ཟབ་ཏུ་བྱེད་པ་དང་མཉམ་དུ་ཏན་ཏན་ཏིག་ཏིག་གིས་གཞི་རིམ་གྱི་དཀའ་གནད་ཐག་གཅོད་བྱས་ནས། གཞི་རིམ་མང་ཚོགས་ཀྱི་འགལ་བ་མེད་པར་བཟོས་ཏེ། སྤྱི་ཚོགས་བརྟན་བརླིང་དང་འཆམ་མཐུན་ཡོང་བར་ཁག་ཐེག་བྱས།
སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་དོན་དངོས་དང་མཐུན་པར་བསྒྲུབ་པ། བྱ་བའི་རུ་ཁག་སོ་སོ་དང་རྫོང་སྐྱེ་ཁམས་སྲུང་སྐྱོབ་སྐོར་བསྐྱོད་སྒྲིག་སྦྱོར་རུ་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་རྒྱ་ཆེ་བའི་སྒོ་ནས་སྤེལ། འབྲོག་པ་མང་ཚོགས་ཀྱིས་ལྗང་མདོག་གི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་སྣེ་ཁྲིད་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་ཤུགས་བསྣན་ནས།མི་དམངས་མང་ཚོགས་ལ་རི་མཐོ་ས་གཙང་ནི་གསེར་རི་དང་དངུལ་རི་ལས་ལྷག་པའི་གནས་ལུགས་རྟོགས་སུ་བཅུག། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ནས་དོན་དངོས་དང་མཐུན་པར་སྒྲུབ། རྨ་ཆེན་རྫོང་གི་རི་རྒྱུད་སྡེ་བས་འབྲོག་པ་མང་ཚོགས་ཀྱི་དང་བླངས་པ་དྲུག་ཅུ་རེ་བརྒྱད་ལྷག་རྩ་འཛུགས་བྱས་ནས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་བཞོན་མ་གསོ་སྤེལ་གྱི་རྟེན་གཞིའི་མུའུ་སྟོང་གཉིས་ཅན་གྱི་རྩྭ་སའི་ཨ་བྲའི་གནོད་འཚེའི་བཅོས་སྐྱོང་བྱས།
སྡོམ་ཁོག་ཞང་སྡེ་བའི་ཏང་ཀྲི་པུའུ་ཡི་མ་དངུལ་སྒོར་ཁྲི་ཉེར་གཉིས་ལྷག་རང་གྲབས་བྱས་ནས།འབྲོག་པ་མང་ཚོགས་ལྔ་བརྒྱ་གྱ་དྲུག་དང་སྡེ་བར་སྡོད་པའི་ལས་བྱེད་པ་རྩ་འཛུགས་བྱས་ཏེ། སྤྱི་ཆིང་ཁྲི་གཉིས་ཅན་གྱི་རྩྭ་སའི་ཨ་བྲའི་གནོད་འཚེ་བཅོས་སྐྱོང་བྱས། རྨ་ཆེན་དང་དགའ་བདེ་རྫོང་གི་ཞང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་སྡེ་བར་སྡོད་པའི་ལས་བྱེད་པ། དང་བླང་མང་ཚོགས་བཅས་ཀྱིས་གཞུང་ལམ་ལམ་རྒྱུད་དང་ཞང་སྲིད་གཞུང་གི་མཐའ་འཁོར།དེ་མིན་འབྲོག་པ་མང་ཚོགས་འདུས་སྡོད་ཁུལ་དུ་གད་སྙིགས་གཙང་ཕྱག་བྱས་པར་མ་ཟད། ཞང་གྲོང་སོ་སོའི་སྒེར་གཉེར་ཁྱིམ་ཚང་ལ་“སྒོ་ཁའི་ཁག་ཐེག་གསུམ་ལག་ཏུ་བསྟར་བ་དང་འབྲོག་པ་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་དང་།ཞིང་སྡེའི་ཁོར་ཡུག་ལེགས་བཅོས་དང་།སྡེ་བའི་རྣམ་པ་ལེགས་བཅོས་བྱས་ནས། ཁོར་ཡུག་གཙང་སྦྲའི་གྲུབ་འབྲས་སྲ་བརྟན་དུ་བཏང་། ཉེ་ལམ་མགོ་ལོག་གི་ས་ཆ་སོ་སོར་ཁངས་འབྲིང་ནས་ཁངས་ཆེན་བབས་པས་ས་ཁུལ་མང་ཆེ་བར་གནོད་འཚེ་ཐེབས་ཡོད། དེ་བས་ཕྱོགས་ཡོངས་ཀྱི་གནོད་འཚེ་འགོག་སྲུང་གི་བྱ་བ་ལེགས་པོར་བསྒྲུབ་ཆེད། ཁུལ་དང་རྫོང་གིས་རྐང་འཛིན་བྱ་བའི་རུ་ཁག་བཙུགས་ནས་གཞི་རིམ་གྱི་ས་གནས་སོ་སོར་གནོད་འཚེའི་འགོག་སྲུང་གྲ་སྒྲིག་གི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། རྫོང་དང་ཞང་གི་འབྲོག་པ་མང་ཚོགས་ཀྱི་གནོད་འཚེ་འགོག་སྲུང་གི་དངོས་རྫས་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཕྱོགས་ཡོངས་ནས་གནོད་འཚེ་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཁུལ་དང་ཞང་གྲོང་སྲིད་གཞུང་གིས་གནོད་ཐེབས་ས་ཁུལ་དང་ཕྱུགས་སྤྱིལ་དུ་བསྡད་ཡོད་པའི་འབྲོག་པ་མང་ཚོགས་དང་ཁོ་ཚོའི་ཕྱུགས་ཟོག་གི་གནས་ཚུལ་ལ་རྟོག་ཞིབ་ཞིབ་མོ་བྱས་པ་མ་ཟད། ཧུར་ཐག་སྒོས་ཁོ་ཚོ་གནས་སྤོར་ནས་བཀོད་སྒྲིག་བྱས་པ་དང་། ཁངས་ཆེན་བབས་རྗེས་མི་དང་ཕྱུགས་ཟོག་ལ་གོད་ཆགས་དང་གནོད་པ་མི་བཟོ་བར་ཁག་ཐེག་བྱས། རྫོང་སོ་སོས་ནུས་པ་གང་ལེགས་བཏོན་ནས་གནོད་འགོག་གནོད་སེལ་གཟན་རྩྭའི་རྒྱུ་ཆ་གསོག་འཇོག་ལྟེ་གནས་དང་གསོག་འཇོག་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་བྱས། གནོད་འཚེ་ཐེབས་པའི་ས་ཁུལ་ལ་མགྱོགས་མྱུར་སྒོས་བྱ་སྤྱོད་སྤེལ་ཏེ།གསོག་འཇོག་བྱས་པའི་གཟན་རྩྭ་དང་། འབྲུ་རིགས། འབར་རྫས། སྨན་རིགས་སོགས་གནོད་འགོག་རྒུད་སྐྱོབ་ཀྱི་དངོས་རྫས་དུས་ལྟར་དུ་གནོད་སྐྱོན་ཐེབས་པའི་ས་ཁུལ་དང་མང་ཚོགས་ལ་བྱིན།དཔལ་འབྱོར་ནུས་པ་མེད་པས། ཟ་འབྲུ་དང་། འབར་རྫས་ཆད་ལ་ཉེ་བ་དང་སྒོ་ཕྱུགས་འབོར་ཆེན་ཤི་བའི་དབུལ་ཕོངས་འབྲོག་ཁྱིམ་ལ་མགྱོགས་མྱུར་སྒོས་རྒུད་སྐྱོབ་དང་རོགས་སྐྱོབ་བྱས་ནས་ཏན་ཏན་ཏིག་ཏིག་གིས་འབྲོག་པ་མང་ཚོགས་ཀྱི་གནོད་སྐྱོན་ཉམས་ཉེས་དེ་ཆེས་དམའ་བའི་ཚད་དུ་བཏང་། མིག་སྔར་ཁུལ་ཡོངས་ཀྱིས་བསྡོམས་པས་ཞིང་ཆེན་རིམ་པའི་གཟན་རྩྭའི་རྒྱུ་ཆ་འགྲེམ་གཏོང་གྱི་ལས་འགན་ཏུན་སྟོང་ལྔ་བཞི་བརྒྱ་གོ་གཅིག་ཡོངས་འགྲུབ་བྱས།འཆར་གཞི་ལས་གཞན་རྫོང་སོ་སོས་ད་དུང་རང་གྲབས་སྒོས་མ་དངུལ་བསྡུ་སྒྲིག་བྱས་ཏེ། ཏུན་དགུ་བརྒྱ་གྱ་གཉིས་འགྲེམ་གཏོང་བྱས། ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་བར་དུ་འབྲོག་ཁྱིམ་ལ་ཏུན་སྟོང་བཞི་དང་དགུ་བརྒྱ་བཅུ་གསུམ་ལྷག་འགྲེམ་གཏོང་བྱས་ཟིན། ཁུལ་དང་རྫོང་རིམ་པས་གཅིག་བསྡུས་སྒོས་གཟན་རྩྭའི་རྒྱུ་ཆ་ཏུན་སྟོང་གཅིག་དང་ལྔ་བརྒྱ་དྲུག་ཅུ་གསོག་འཇོག་བྱས་པ་རེད།
ལོ་ཙཱ་བ། སྐར་མ་མཚོ།