བོད་ལྗོངས་ཀྱིས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་གཏོང་བ།
2017.05.18 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 26

“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་བཞི་འགོར་བའི་ཚུན་ལ། ཨེ་ཤ་ཡ་ལྷོ་མར་ཤར་བགྲོད་ཐུབ་པའི་འགག་སྒོ་གལ་ཆེན་ཡིན་པའི་ཀྲུང་གོའི་བོད་ལྗོངས་ལ་སྔར་ན་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ཡོད། བོད་ལྗོངས་ཀྱི་ཁྱད་ལྡན་ཡུལ་སྐོར་དང་རིག་གནས་ཀྱི་ལེགས་ཆའི་ཐོན་ལས་དེ་བས་མང་པོ་ཕྱིར་བསྐྱོད་པ་དང་། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་དེ་མིན་གྲབས་འཛུགས་བྱེད་བཞིན་པའི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ། མཐའ་མཚམས་དང་ས་ཁོངས་ལས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་སོགས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་ར་བ་ཁག་གཅིག་གིས་བོད་ལྗོངས་ཀྱི་ཐོན་ལས་ལ་འཕེལ་རྒྱས་ཀྱི་སྟེགས་བུ་སྔར་ལས་མང་པོ་བསྐྲུན། བཅོས་སྒྱུར་གསར་སྤེལ་བྱས་པའི་ཚུན་ལ། བོད་ལྗོངས་ཀྱིས་སྒོ་འབྱེད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད་ལ་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ་ཕྱོགས་ཡོངས་ནས་ཕྱི་ཕྱོགས་སུ་སྒོ་ཕྱེ་བའི་རྣམ་པ་གསར་པ་བཏོད་པ་རེད།

ཉེ་ལམ། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཝང་ཕིན་གྱིས་བོད་ལྗོངས་ཀྱི་འཕེལ་རྒྱས་གནས་བབ་དང་ཟུང་འབྲེལ་བྱས་ནས“རྒྱུད་གཅིག་ལམ་གཅིག”གིས་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བསྐྲུན་རྒྱུ་དེས་བོད་ལྗོངས་ལ་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པར་དབྱེ་ཞིབ་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་གིས་བཏོན་པའི་བོད་ལྗོངས་ཀྱིས་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་བསྐྲུན་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་བོད་ལྗོངས་ཀྱི་སྒོ་འབྱེད་དང་འཕེལ་རྒྱས་ལ་གོ་སྐབས་ཆེན་པོ་ལྔ་བྱུང་ཡོད”ཅེས་བཤད།

གོ་སྐབས་དང་པོ་ནི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་འགྲོ་བ། བོད་ལྗོངས་ཀྱི་འགག་སྒོ་དང་མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་སྔར་ལས་ཇེ་ལེགས་སུ་གཏོང་བའི་བར་གསེང་ཆེན་པོ་ཡོད་པར་མ་ཟད། འཐུས་སྒོ་ཇེ་ཚང་དུ་བཏང་རྗེས་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་བོད་ལྗོངས་ཀྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་ནུས་པ་ཆེན་པོ་ལྡན་ཐུབ་པ་དང་།

གོ་སྐབས་གཉིས་པ་ནི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སྔར་ལས་འཕེལ་རྒྱས་འགྲོ་བ། བགྲོད་ལམ་བསྐྲུན་རྒྱུ་དེས་དཔལ་འབྱོར་ཉོ་ཚོང་སྟབས་བདེ་ཡོང་བར་སྐུལ་འདེད་བྱེད་པ་དང་ཆབས་ཅིག་སྲིད་ཇུས་ཀྱི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ནས་བོད་ལྗོངས་ཀྱིས་ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ཉོ་ཚོང་དང་། དེ་མིན་བོད་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས“ཕྱིར་བསྐྱོད་པ”དང“ནང་འདྲེན་བྱེད་པར”སྐུལ་མ་ཐེབས་པ།

གོ་སྐབས་གསུམ་པ་ནི་རྒྱལ་ནང་དུ་གསར་སྤེལ་དང་སྒོ་མོ་འབྱེད་ཚད་ཇེ་ཆེར་འགྲོ་བ། བགྲོད་ལམ་བསྐྲུན་རྒྱུ་དེས་བོད་ལྗོངས་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་དགོས་པར་མ་ཟད། དེ་བས་རྒྱལ་ནང་གི་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་ལེན་བྱས་ནས་ནང་ལོག་དང་བོད་ལྗོངས་བར་གྱི་ཐོན་ལས་མཉམ་འདྲེས་དང་གོང་འཕེལ་ཡོང་བར་སྐུལ་མ་ཐེབས་པ།
གོ་སྐབས་བཞི་བ་ནི་ཐོན་ལས་སྒོ་འབྱེད་འཕེལ་རྒྱས་སུ་འགྲོ་བ། བགྲོད་ལམ་བསྐྲུན་རྒྱུ་དེས་བོད་ལྗོངས་ཀྱི་ཐོན་ལས་ཀྱིས“ཐོན་ཁུངས་རིགས་གཉིས”དང“ཁྲོམ་ར་གཉིས”ལ་བརྟེན་ནས་འཕེལ་རྒྱས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཕྱོགས་མཚུངས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། གྲབས་འཛུགས་བྱེད་བཞིན་པའི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ། མཐའ་མཚམས་དང་ས་ཁོངས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་སོགས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་ར་བ་ཁག་གཅིག་གིས་བོད་ལྗོངས་ཀྱི་ཐོན་ལས་ལ་འཕེལ་རྒྱས་ཀྱི་སྟེགས་བུ་གསར་བ་བསྐྲུན་པ།

གོ་སྐབས་ལྔ་པ་ནི་མཐའ་མཚམས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བ། མཐའ་མཚམས་ས་ཁུལ་ནི་བོད་ལྗོངས་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་ས་ཁུལ་གཙོ་བོ་དང་བགྲོད་ལམ་བསྐྲུན་པའི་གནད་འགག་ཡིན་པར་མ་ཟད། འགག་སྒོ་བསྐྲུན་རྒྱུ་དང་འགག་སྒོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་བ་བཏོད་དེ་མཐའ་མཚམས་མང་ཚོགས་ཕྱུག་འགྱུར་ཡོང་བར་ཆ་རྐྱེན་བསྐྲུན་རྒྱུ་བཅས་རེད།

བོད་རང་སྐྱོང་ལྗོངས་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཝང་ཕིན་གྱིས་གོ་སྐབས་འདི་བོད་ལྗོངས་ཁོ་ནས་ལོངས་སུ་སྤྱོད་རྒྱུ་མིན་པར་དེ་ནི་ནང་ལོག་གི་ཐོན་ལས་ཀྱི་གོ་སྐབས་ཤིག་ཡིན་ལ། ལྷག་པར་དུ་བོད་ལྗོངས་ཀྱིས་ཕྱི་ཕྱོགས་ཁྱིམ་མཚེས་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་གོ་སྐབས་ཤིག་ཀྱང་རེད། བོད་ལྗོངས་དང་ནེ་པ་ལ་སོགས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་ཕྱོགས་གཉིས་ཀྱི་འཛད་སྤྱོད་པར་སྔར་ལས་བཟང་པའི་ཚོང་ཟོག་མཁོ་འདོན་དང་ཞབས་འདེགས་ཞུ་ཐུབ་པ་དང་། ཕྱོགས་གཉིས་ཀྱི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་པོ་བསྐྲུན་རྒྱུ། ཕྱོགས་གཉིས་ཀྱི་ཐོན་ལས་འཕེལ་རྒྱས་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་ལས་ལེགས་པོ་བསྐྲུན་ནས་ཕན་ཚུན་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་ངོས་འཛིན་བྱས་པ་རེད་ཟེར།

གཞན་ཡང་། རྒྱུད་གཅིག་ལམ་གཅིག"ནང་ཞུགས་པ་དེས་བོད་ལྗོངས་རྒྱལ་སྤྱི་ཅན་འཕེལ་རྒྱས་ཀྱི་སྒོ་འབྱེད་ལ་འདེགས་སྐྱོར་ཐོབ།

"བོད་ལྗོངས་འདི་རྒྱལ་ཁབ་ཀྱིས་ཨེ་ཤ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ནི"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། བོད་ལྗོངས་ཐོན་འབྱེད་སྒོ་འབྱེད་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་རེ་བ་དང་གོ་སྐབས་ཞིག་ཀྱང་རེད”ཅེས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཉེ་ལམ་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་བྱུང་། དེ་ལས་ཉེ་འཁོར་རྒྱལ་ཁབ་བར་འགྲོ་འོང་ཇེ་མང་དུ་གཏོང་བ་མཚོན་པ་དང་། དེ་ནི་སྒྲིག་བཀོད་དང་ཉོ་ཚོང་། སྲིད་ཇུས་དང་རིག་གནས་སོགས་ཐད་ཀྱི་དམངས་ཁྲོད་སྤེལ་རེས་ཤིག་ཡིན་པས། རྣམ་པ་དང་ཕྱོགས་མང་བའི་སྤེལ་རེས་ཤིག་ཏུ་གྱུར་ཡོད་པ་མཚོན་ཐུབ།
བོད་ལྗོངས་ནི་རྒྱ་གར་དང་ནེ་པ་ལ་སོགས་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་དང་ས་མཚམས་སུ་འབྲེལ་བ་དང་། མཐའ་མཚམས་ཀྱི་བར་ཐག་སྤྱི་ལེ་སྟོང་བཞི་ལྷག་ཙམ་ཡོད་ཅིང་། ཀྲུང་གོས་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་འཐབ་ཇུས་ཀྱི་ལྟེ་བ་དང་སྒོ་མོ་འབྱེད་ཡུལ་ཞིག་དང་། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་མཐའ་མཚམས་ས་ཁུལ་གྱི་སྒོ་འབྱེད་གསར་སྤེལ་གྱི་ས་ཁོངས་གལ་ཆེན་ཞིག ཨེ་ཤ་ཡ་ལྷོ་མར་ཕྱོགས་ནས་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་བཅས་ཡིན་ལ། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་ཀྱི་སྒོ་མོ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

བོད་རང་སྐྱོང་ལྗོངས་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཝང་ཕིན་གྱིས་བཤད་རྒྱུར། བོད་ལྗོངས་འདི་ཀྲུང་གོ་ནས་ཨེ་ཤ་ཡ་ལྷོ་མར་བསྐྱོད་པའི་བགྲོད་ལམ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཁྱིམ་མཚེས་རྒྱལ་ཁབ་ནེ་པ་ལ་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་འཛུགས་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་ཡོད། ཀྲུང་གོའི་བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོ་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་བརྒྱུད་དེ། ནེ་པ་ལའི་ཚོང་པ་བོད་ལྗོངས་དུ་ཡོང་ནས་འགྲེམ་སྟོན་ནང་ཞུགས་པར་གདན་འདྲེན་ཞུས་ཤིང་། 2016ལོའི་སྐབས་གསུམ་པའི་བོད་ལྗོངས་འགྲེམ་སྟོན་ཚོགས་འདུར་ནེ་པ་ལ་ཕྱོགས་ཀྱི་ཁེ་ལས50དང་ཚོང་པ220ཞུགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོབ་ནས་ཨེ་ཤ་ཡ་ལྷོ་མའི་བགྲོད་ལམ་གྱི་རྒྱལ་སྤྱི་ཅན་གྱི་འཕེལ་རིམ་གྱི་ཆུ་ཚད་ཇེ་མཐོར་སོང་ཡོད"ཟེར།

ཝང་ཕིན་གྱིས་བཤད་རྒྱུར། བོད་ལྗོངས་ཀྱིས"རྒྱུད་གཅིག་ལམ་གཅིག"གི་འཛུགས་སྐྲུན་དང་སྦྲེལ་མཐུད་ལེགས་པོ་བྱེད་པར་ཁྲོམ་ར་ཅན་དང་། རྒྱལ་སྤྱི་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཞིག་དང་ཁ་འབྲལ་ཐབས་མེད། དེ་ལྟར་བྱས་ཚེ་གཞི་ནས་རྒྱལ་ཕྱི་རྒྱལ་ནང་གིས་བོད་ལྗོངས་ལ་མ་དངུལ་བཏང་ནས་བྱ་གཞག་གཉེར་རྒྱུའི་ཡིད་དབང་འགུག་ཐུབ། མིག་སྔར་བོད་ལྗོངས་ཀྱིས་ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལ་བརྟེན་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་འཛུགས་སྐྲུན་བྱེད་བཞིན་ཡོད་ཟེར།
འགག་སྒོ་དེ་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་གཏོང་བའི་མདུན་གྲས་སུ་གནས་ཡོད་པས། སྒོ་འབྱེད་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་འགན་འཁྲི་གལ་ཆེན་ཡོད་ཅེས་ལྷ་ས་འགག་སྒོའི་འབྲེལ་ཡོད་འགན་ཁུར་བས་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པར་དེ་ལྟར་བཤད་བྱུང་། འགན་ཁུར་བ་དེས་ལྷ་ས་འགག་སྒོས་སྔ་རྗེས་སུ་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་བྱེད་ཐབས་ཞེ་བཞི་ཐེངས་གཉིས་བཏོན་པ་དང་ཆབས་ཅིག བོད་ལྗོངས་ཀྱི་འགག་སྒོ་འཛུགས་སྐྲུན་ལ་ཤུགས་སྣོན་པར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་འགག་སྒོ་བཀོད་སྒྲིག་ཇེ་ལེགས་སུ་བཏང་བ་དང་། འགག་སྒོ་དང་དེ་མིན་མཐའ་མཚམས་ཉོ་ཚོང་བགྲོད་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཇེ་ལེགས་སུ་བཏང་སྟེ། སྐྱིད་གྲོང་འགག་སྒོའི་སྒོ་མོ་འབྱེད་རྒྱ་ཇེ་ཆེར་གཏོང་བ་དང་ཞིབ་བཤེར་རྩིས་ལེན་བྱ་བ་སོགས་ལེགས་པོར་བསྒྲུབས་ཡོད་ཅེས་བཤད་བྱུང་།

བོད་ལྗོངས་ཚོང་དོན་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། "ལོ་ལྔའི་འཆར་གཞི་བཅུ་གཉིས་པའི"སྐབས་སུ་བོད་ལྗོངས་ཀྱི་མཐའ་མཚམས་ཉོ་ཚོང་ཆུང་བའི་རིགས་ཀྱི་དངུལ་གྲངས་བསྡོམས་འབོར་དམངས་སྒོར་དུང་ཕྱུར་བཞི་བརྒྱ་སོ་དྲུག་ལྷག་ཙམ་ཟིན་པ་དེ་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་ཀྱི་ལྡབ་4.39ཡིན་པ་དང་། ད་དུང་བོད་ཀྱི་མཐའ་མཚམས་ཡུལ་མིའི་ཚོང་འབྲེལ་ཐད་སྒོར་དུང་ཕྱུར་སོ་བརྒྱད་ལྷག་ཟིན་ནས་ལོ་རེར་ཆ་སྙོམས་འཕར་ཚད་15%ཟིན་ཡོད་པ་རེད།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།