2010ལོར་ཁ་གཏད་རོགས་སྐྱོར་བྱ་བ་འགོ་བརྩམས་པ་ནས་བཟུང་། རྒྱལ་ཁབ་ཀྱིས་སྔ་གཞུག་ཏུ་ཅང་སུའུ་ཞིང་ཆེན་དང་རྒྱལ་ཁབ་ཚོང་དོན་པུའུ། ཆུ་བེད་པུའུ། ཀྲུང་གོའི་གློག་ཤུགས་མ་འཇོག་སྡེ་ཚོགས། པའོ་ཀང་རྣོ་ལྕགས་སྡེ་ཚོགས། ཏ་ཐང་སྡེ་ཚོགས་བཅས་ཀྱིས་སོ་སོར་མཚོ་ལྷོ་ཁུལ་གྱི་ཁོངས་གཏོགས་རྫོང་ལྔ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་གཏན་ལ་ཕབ།
ཁ་གཏད་རོགས་སྐྱོར་བྱ་བ་རྒྱ་བསྐྱེད་པ་ནས་བཟུང་། རོགས་སྐྱོར་ཐོབ་མཁན་ཕྱོགས་གཉིས་ཀྱིས་ཧུར་ཐག་སྒོས་དམངས་ཚིས་འཛུགས་སྐྲུན་བྱེད་པ་བྱ་བའི་ཁྱབ་ཁོངས་གཙོ་བོར་འཇོག་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་ལག་འཇོག་ས་གཙོ་བོར་བརྩི་བ། ཐོན་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་འོས་འགན་གཙོ་བོར་འཛིན་པ། འཇོན་མི་སྐྱེད་སྲིང་བྱེད་པ་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ། ཕྱོགས་ཡོངས་ནས་ཁྱབ་ཁོངས་ཆེ་བ་དང་རིམ་པ་མང་བ། ཐབས་ལམ་མང་བ་བཅས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བའི་ལས་སྟེགས་བསྐྲུན་ཏེ། མུ་མཐུད་དུ་ལམ་ཕྱོགས་གསར་བ་འཚོལ་ཞིབ་དང་། བྱེད་ཐབས་གསར་བར་ཤུགས་སྣོན། རྣམ་པ་གསར་བ་གསར་གཏོད་བྱེད་པ་བཅས་རོགས་སྐྱོར་བྱ་བ་སྣ་ཚོགས་ནན་ཏན་སྒོས་སྐུལ་སྤེལ་བཏང་སྟེ་གྲུབ་འབྲས་བཟང་བོ་ཐོབ།
རྩ་འཛུགས་ཀྱི་འགོ་ཁྲིད་ནུས་ཤུགས་ཆེ་རུ་བཏང་སྟེ། བྱ་བའི་ལམ་སྲོལ་མུ་མཐུད་དུ་ཇེ་ལེགས་སུ་བཏང་བ། རང་འགུལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པར་རོགས་ལས་གཞོགས་འདེགས་བྱས་ཏེ། ཁ་གཏད་རོགས་སྐྱོར་བྱ་བ་དངོས་འབེབ་ཡོང་བར་བརྩོན་ལེན་བྱས། ཁ་གཏད་རོགས་སྐྱོར་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་དང་འགན་འཁྲིའི་མ་ལག་འཛུགས་པ་འཐུས་ཚང་དུ་བཏང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་ལོགས་སུ་རོགས་སྐྲུན་བྱ་བའི་ལས་ཁུངས་བཙུགས་པ་དང་། ལས་ཁུངས་དང་མི་སྣ། འགྲོ་གྲོན། གཞུང་སྒྲུབ་ཁང་བཅས་ཚད་ལྡན་དུ་བསྒྲུབ་ནས་གོང་འོག་མཉམ་འགུལ་དང་། གཞོགས་འདེགས་དམ་ཟབ་ཀྱི་བྱ་བའི་རྣམ་པ་ཆགས། དེ་དང་མཉམ་དུ། ང་ཚོས་དུས་ལྟར་ཁ་གཏད་རོགས་སྐྱོར་གྱི་ལས་གཞིའི་དོ་དམ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། མཚོ་སྔོན་ལ་རོགས་རམ་བྱེད་པའི་མ་དངུལ་སྤྱོད་སྟངས་བཅས་འབྲེལ་ཡོད་ལམ་ལུགས་ཚད་ལྡན་དུ་གཏོང་བ་དང་། ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། རོགས་སྐྲུན་ལས་གཞིའི་སྤུས་ཚད་དང་ཕན་འབྲས་ལ་འགན་ལེན་བྱས།
མངོན་གསལ་གྱིས་དམངས་ཚིས་གཞི་རྩ་བྱས་ཏེ། རོགས་སྐྲུན་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་གཞི་རིམ་གྱི་སྤྱི་བའི་ཞབས་ཞུ་མཐོར་འདེགས། གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། ད་དུང་ཕན་ཚུན་བརྗེ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་གཙོ་གནད་ལྔ་ལ་གདོང་གཏད་དེ། རོགས་སྐྲུན་ལས་གཞི་སྣ་ཚོགས་ཉིས་བརྒྱ་དང་ང་བདུན་ལག་བསྟར་བྱས།རོགས་སྐྲུན་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དེས། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་ཆེན་མོའི་བདེ་སྐྱིད་ཀྱི་དྲོད་ཁོལ་དངོས་སུ་ཚོར་ཐུབ་པར་གྱུར་ཞིང་། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་གྱུར།
འཇོན་མི་སྐྱེད་སྲིང་ལ་ཤུགས་སྣོན་བྱས་ཏེ། རོགས་སྐྱོར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ།
སྔ་གཞུག་ཏུ་ཐིན་དང་རྫོང་རིམ་པའི་ལས་བྱེད་མི་སྣ་སུམ་བཅུ་ཅང་སུའུ་ཞིང་ཆེན་ལ་འགན་ཁུར་སྦྱོང་བརྡར་བྱེད་དུ་མངགས། རྗེས་སུ་ཟབ་སྦྱོང་བྱ་བ་ལས་ཁུངས་དང་སྡེ་སྡོད་ལས་བྱེད། རོང་འབྲོག་མང་ཚོགས་བཅས་རིམ་པ་སོ་སོར་སྣུར་སྲིང་བྱས་ཏེ། འཕྲོད་བསྟེན་དང་སློབ་གསོ། ལས་ཞུགས། དོ་དམ་བཅས་ལས་རིགས་ཡོངས་སུ་ཁྱབ་པར་བྱས་ཤིང་། སྔ་གཞུག་ཏུ་ལས་གཞི་སྣ་ཚོགས་ཀྱི་ཟབ་སྦྱོང་སྐབས་སུམ་བརྒྱ་ལྷག་སྤེལ་ཏེ། ནུས་ཡོད་སྒོས་མཚོ་ལྷོའི་ལས་བཟོ་བའི་བྱང་ཚད་མཐོ་འདེགས་ཡོངས་བར་སྐུལ་འདེད་བཏང་། ཁྱད་པར་ཏུ་བསྟུད་མར་སྐབས་གསུམ་ལ་ནན་ཅིན་གྲོང་ཁྱེར་ཅང་ཉིན་སློབ་འབྲིང་གི༼མཚོ་ལྷོ་མི་རིགས་མཐོ་འབྲིང་འཛིན་གྲྭའི༽མཐོ་རྒྱུགས་ཀྱི་གྲུབ་འབྲས་འབུར་ཏུ་ཐོན། ཅང་སུའུ་འབྲིང་རིམ་ལས་རིགས་འཛིན་གྲྭ་ནི་སློབ་མ་སྟོང་གཅིག་གིས་གྲུབ་པ་ཞིག་ཡིན་ལ། དེ་ནི་རང་ཁུལ་གྱི་སློབ་མ་རྣམས་ཀྱིས་ཅང་སུའུ་ཞིང་ཆེན་ཏུ་སློབ་གསོ་བཟང་བོ་མྱོངས་པའི་ཐོན་ཁུངས་ལྟ་བུ་ཡིན། དེ་དང་མཉམ་དུ་ཅང་སུའུ་ཞིང་ཆེན་གྱིས་སྔ་གཞུག་ཏུ་མཐོ་རིམ་སློབ་གྲྭའི་ཞིབ་འཇུག་སློབ་མ་བདུན་ཅུ་ལྷག་རྩ་འཛུགས་བྱས་ཏེ། བསྟུད་མར་ལོ་འགའ་ལ་མཚོ་ལྷོ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དུ་སློབ་སྐྱོར་གྱི་བྱ་བ་རྒྱ་བསྐྱེད་དུ་བཅུག ཁུལ་སྲིད་གཞུང་གིས་པའོ་ཀང་རྣོ་ལྕགས་སྡེ་ཚོགས་དང་གྲོས་མཐུན་མིང་རྟགས་བཀོད་དེ། འཇོན་མི་སྐྱེད་སྲིང་གི་ཡུན་ཕན་ལམ་སྲོལ་འཛུགས་སྐྲུན་བྱས། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བརྒྱབ་སྟེ། ཕན་ཚུན་སྤེལ་རེས་དང་འགྲོ་འོང་གི་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་སྤེལ། ང་ཚོས་རང་འགུལ་གྱིས་རོགས་སྐྱོར་ཕྱོགས་ཁག་དང་ཁྱོན་ཡོངས་ནས་རིམ་པ་མང་བའི་ཕན་ཚུན་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་བྱ་བར་ཤུགས་སྣོན་བྱས། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་སྔ་གཞུག་ཏུ་ཐེངས་བདུན་ལྷག་ལ་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་རུ་སྙན་ཞུའི་འབྲེལ་མཐུད་བྱ་བ་སྤེལ་བར་བསྐྱོད། ཅང་སུའུ་ཞིང་ཆེན་དུ་བསྡོམ་པའི་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དྲུག་ཐེངས་བཅུ་བཞི་དང་ཐིན་རིམ་པའི་མགོ་ཁྲིད་ལས་བྱེད་པ་ཉེར་གཉིས་ཐེངས་སུམ་བཅུ་ལྷག་ལ་མཚོ་ལྷོ་རུ་ཡོང་ནས་ཡུལ་དངོས་བརྟག་དཔྱད་བྱ་བར་མཛུབ་སྟོན་མཛད་ཅིང་། ང་ཚོས་རོགས་སྐྱོར་གྱི་ལམ་ཐིག་འཚོལ་ཞིབ་བྱེད་པར་རོགས་རམ་བྱས་ཏེ། འཕེལ་རྒྱས་ཀྱི་དཔེ་རིས་གསར་བཞེངས་གནང་། འཐུས་ཚང་མིན་པའི་བསྡོམས་རྩིས་ལྟར་ན། མཚོ་ལྷོ་ཁུལ་དང་ཅང་སུའུ་ཞིང་ཆེན། རྒྱལ་ཁབ་པུའུ་ཨུ་དང་ཀྲུང་དབྱངས་ཁེ་ལས་བཅས་ཀྱི་མི་གྲངས་སྟོང་བདུན་དང་ལྔ་བརྒྱ་ལྷག་གིས་རིམ་པ་སོ་སོའི་བར་ཕན་ཚུན་སྤེལ་རེས་ཐེངས་བདུན་བརྒྱ་ལྔ་བཅུ་ལྷག་བྱས་ཏེ། ཁ་གཏད་རོགས་སྐྱོར་གྱི་བྱ་བ་ཁྱོན་ཡོངས་ནས་སྔར་ལས་རིམ་པ་མཐོ་བ་དང་ཁྱབ་ཁོངས་ཆེ་བར་སྐུལ་འདེད་བྱས། དེ་མིན། མཚོ་ལྷོ་ཁུལ་གྱིས་རྩོམ་སྒྲིག་བྱས་པའི་གླུ་གར༼གསེར་གྱི་ཉི་ཟླ༽ཞེས་པ་ནན་ཅིན་དང་ཁྲང་ཀྲུག ཧྲང་ཧེ་བཅས་སུ་དྲིན་གཟོའི་འཁྲབ་སྟོན་བྱས་པར་ས་གནས་སོ་སོའི་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད། མཛེས་པའི་མཚོ་ལྷོའི་མཚན་སྙན་སྔར་ལས་རྒྱས་པར་གྱུར།
ཧུར་ཐག་གིས་ལས་སྟེགས་བསྐྲུན་ཏེ། དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་རྒྱ་བསྐྱེད་བཏང་། ནན་ཅིན་དཔལ་འབྱོར་ཚོང་དོན་ངོ་འཕྲད་ཚོང་གཏམ་གྲོས་མོལ་དང་མཚོ་སྔོན་ཚོ་གཏམ་གྲོས་མོལ་སོགས་ཀྱི་ལས་སྟེགས་བརྒྱུད་དེ། རོགས་སྐྱོར་ཕྱོགས་གཉིས་ཀྱིས་ཐོན་ཁུངས་རྒྱ་བསྐྱེད་དང་ཁྱད་ལྡན་ཐོན་རྫས་གསོ་སྤེལ་མཉམ་ལས་བཅས་འདོད་བློའི་གྲོས་མཐུན་བརྒྱད་ཅུ་ལྷག་ལ་མཉམ་དུ་གན་རྒྱ་བཞག་ཅིང་། གྲོས་མཐུན་གན་རྒྱའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་བཞི་ལྷག་བཏང་། ལོ་རེར་ནན་ཅིན་གྲོང་ཁྱེར་དུ་མཚོ་ལྷོ་ཁུལ་གྱི་ཚོང་ཟོག་འོས་སྦྱོར་འཚོགས་འདུ་བསྡུས་ཤིང་། ཁྱད་པར་དུ་ནན་ཅིན་གྲོང་ཁྱེར་དུ་མཚོ་ལྷོ་ཁུལ་གྱི་ཚོང་ཁང་དང་པོའི་སྒོ་འབྱེད་ཁྱབ་སྒྲོག་ཚོགས་འདུ་རྒྱལ་ཁའི་ངང་བསྡུས་ཏེ། གྲོང་ཁྱེར་དང་ཁུལ་གྱི་ཚོང་ཁང་དངོས་སུ་གཉེར་སྐྱོང་བྱེད་པའི་སྒོ་མོ་ཡོངས་སུ་ཕྱེས། དེ་དང་ཆབ་ཅིག མཚོ་ལྷོ་ཁུལ་སྲིད་གཞུང་དང་ཅང་སུའུ་ཞིང་ཆེན་གྱི་ཀྲུང་ལིའི་ཐེང་ཧུའེ་འོད་ཧྥུ་ཚད་རྩལ་ཚད་ཡོད་ཀུང་སིས་ནན་ཅིན་དུ་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་གྲོས་ཆོད་ལ་གྲོས་མཐུན་བཀོད་ཅིང་། ཀུང་སི་དེས་ད་དུང་གུང་ཧོ་རྫོང་ལ་སློབ་གསོ་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གསུམ་བཏང་བར་མ་ཟད་། མཚོ་སྔོན་གྱིས་ཅང་སུའུ་ལ་གློག་འདོན་སྤྲོད་བྱེད་པའི་གྲོས་ཆོད་ལ་གྲོས་མཐུན་མིང་རྟགས་བཀོད་དེ། ན་ནིང་ལོར་རང་ཁུལ་གྱི་ནུས་ཁུངས་གློག་ཚད་སྟོང་ཝ་དུང་ཕྱུར་ལྔ་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་ནས་ལོ་རེར་བཞིན་ཇེ་མང་དུ་འགྲོ་བ་གཏན་ཁེལ་བྱས་པས། འོད་ཧྥུ་ཁེ་ལས་ཀྱི་གློག་ཤུགས་བསྡུ་ལེན་བྱེད་པའི་ནུས་པ་མཐོ་རུ་འགྲོ་བར་སྐུལ་སྤེལ་གྱི་ནུས་པ་ཐོན།
ཕན་ཚུན་མཉམ་འབྲེལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གྲུབ་འབྲས་མངོན་པར་བྱས། ང་ཚོས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་ཞབས་ཞུའི་བྱ་བ་བཟང་བོར་སྒྲུབ་པ་དང་། ཆབ་སྲིད་ཀྱི་ཡིད་ཆེས་དང་བྱ་བའི་སྙིང་སྟོབས། འཚོ་བའི་བདག་གཉེར། དོ་དམ་གྱི་དགོས་ངེས་ལྟར་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་ནུས་པ་གང་ལེགས་འདོན་སྤེལ་དང་ཡར་རྒྱས་གོང་འཕེལ་འགྲོ་བར་ཆ་རྐྱེན་གང་ལེགས་བསྐྲུན་པས། ཁོ་ཚོའི་བྱ་བའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན་ལ་སྐུལ་འདེད་ཐེབས་ཏེ། ལས་གཞི་སྣ་ཚོགས་གཏིང་ཟབ་ཏུ་སྤེལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣ་ཡོངས་ཀྱི་བྱ་བའི་སྤྲོ་སེམས་དང་འབུར་ཐོན་གྱི་གྲུབ་འབྲས། ཅུང་ལེགས་པའི་རོགས་སྐྱོར་རྣམ་པ་བཅས་ཀྱིས་མཚོ་ལྷོ་ཁུལ་གྱི་ཕྱོགས་སོ་སོའི་འགོ་ཁྲིད་དང་ལས་བྱེད་མི་སྣའི་གཟེངས་བསྟོད་ཐོབ། ཕྱོགས་སོ་སོའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་མི་སྣའི་བསམ་བློའི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་འདུ་ཤེས་སོགས་ཐད་ཀྱི་བསམ་ཕྱོགས་གསར་བ་དང་ལྟ་བ་གསར་བས་ཀྱང་མཚོ་ལྷོ་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པར་སྐུལ་ཁྲིད་དང་མིག་དཔེ་བཟང་པོ་བཞག
ཤུགས་ཆེན་པོས་དྲིལ་སྒྲོག་བྱ་བ་བསྒྲུབས་ཏེ། རོགས་སྐྲུན་ཁོར་ཡུག་ཉིན་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་བཏང་།
ནུས་ཡོད་སྒོས་གནས་ཚུལ་རྒྱུད་སྒྲོག་བྱས་ཏེ། རོགས་སྐྱོར་གྱི་མཁའ་དབུགས་ལེགས་པོ་ཆགས་པར་བྱེད་པ། ང་ཚོས་ཐོག་མཐའ་བར་གསུམ་དུ་ནུས་ཡོད་སྒོས་རྒྱུད་སྒྲོག་ལ་ཤུགས་སྣོན་བྱས་ཏེ། ཁ་གཏད་རོགས་སྐྱོར་མཁན་ལ་སྤྱི་ཚོགས་ཀྱི་གླེང་ཕྱོགས་ལེགས་པོ་ཞིག་ཆགས་པར་བྱ་བའི་ཆ་རྐྱེན་ལྟར། རྒྱུད་སྒྲོག་གི་རྣམ་པ་མང་པོ་བརྩོན་ལེན་གྱིས་མཚོ་ལྷོའི་ཁ་གཏད་རོགས་སྐྱོར་བྱ་བའི་འཕེལ་རྒྱས་གནས་ཚུལ་དང་ཉམས་མྱོང་། གྲུབ་འབྲས་དང་བྱ་བའི་ཁྲོད་ཀྱི་འབུར་ཐོན་བྱས་རྗེས། ལྷག་པར་ཏུ་ན་ནིང་ལོར་ནན་ཅིན་འགྲེམས་ཚོགས་ལྟེ་གནས་སུ་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོགས་སྐབས་ཅང་སུའུ་ཞིང་ཆེན་གྱིས་མཚོ་ལྷོར་ཁ་གཏད་རོགས་སྐྱོར་བྱས་པའི་བྱ་བའི་གྲུབ་འབྲས་འགྲེམས་སྟོན་གྱི་པར་གཞི་ཆེན་པོ་ཞིག་བཟོས་པ་བརྒྱུད། ཅང་སུའུ་ཞིང་ཆེན་གྱི་སྨྱན་བྱད་ལས་རིགས་ཀྱིས་མཚོ་ལྷོའི་ཁ་གཏད་རོགས་སྐྱོར་གྱི་ཆེད་སྒྲིག་དྲིལ་སྒྲོག་པར་གཞི༼ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོར།ང་ཚོས་སེམས་རྩ་གཅིག་སྦྲེལ་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ།༽ཞེས་པ་བསྟུད་མར་འགྲེམས་གཏོང་བྱས།
ལོ་མང་པོའི་ཁ་གཏད་རོགས་སྐྱོར་བྱས་པ་བརྒྱུད། དམངས་ཚིས་ཁྱབ་ཁོངས་སུ་རྨང་གཞིའི་སྒྲིག་ཆས་རྒྱུད་མཐུད་བསྒྱུར་བཅོས་ལ་ཡར་སྐུལ་གྱི་ནུས་པ་བཟང་པོ་ཐོབ་པ་དང་། རང་སྐྱོང་ཁུལ་འཕེལ་རྒྱས་གཏོང་བའི་དགོས་མཁོ་ལྟར། ལས་བྱེད་མང་ཚོགས་ཀྱིས་ཡུན་རིང་བོར་རེ་སྒུག་བྱས་ཀྱང་དངོས་འབེབ་བྱེད་མ་ཐུབ་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སློབ་གསོ། འཕྲོད་བསྟེན། སྨན་བཅོས་སོགས་དམངས་ཚིས་ཕྱོགས་ཀྱི་ལས་གཞི་དག་དངོས་འབེབ་བྱས། འཇོན་མི་སྐྱེད་སྲིང་སོགས་ཀྱི་ནུས་པ་མུ་མཐུད་དུ་ཇེ་མཐོར་བཏང་ནས། རོགས་སྐྱོར་ཕྱོགས་ཀྱི་འཇོན་མི་དང་མ་དངུལ། ལག་རྩལ། དོ་དམ་སོགས་ཀྱི་རྒྱུ་རྐྱེན་དང་མཚོ་ལྷོ་ཁུལ་གྱི་ཟུང་འབྲེལ་ཚད་ཇེ་མགྱོགས་སུ་བཏང་བས། གཉིན་ཕན་མཉམ་རྒྱལ་ཁྲོད་རང་སྐྱོང་ཁུལ་རང་སྟེང་གི་འཕེལ་རྒྱས་ནུས་ཤུགས་མཐོར་འདེགས་སུ་གཏོང་བར་ཡར་སྐུལ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་གྱི་གོམ་སྟབས་ལ་ཕན་ནུས་ལྡན་པའི་སྐུལ་འདེད་བྱས།
རྗེས་ཕྱོགས་ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་འོག་དང་། རོགས་སྐྱོར་ཕྱོགས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་སྔར་ལས་ལྷག་པའི་སྒོ་ནས་བསམ་གཞིགས་གསལ་བོ་བྱེད་པ་དང་། གཙོ་གནད་དམ་འཛིན་བྱེད་པ། དཀའ་གནད་སེལ་བ་བཅས་བྱས་ཏེ། གཅིག་བསྡུས་སྟོབས་ཤུགས་ལ་བསྟེན་ནས་རོང་འབྲོག་པའི་ཐོན་སྐྱེད་འཚོ་བ་དང་སློབ་གསོའི་ལས་ཞུགས། གནས་ཕིགས་དབུལ་སྐྱོར།ཁྱད་ལྡན་ཁྱད་སྟོབས་ཐོན་ལས། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། འཇོན་མི་གསོ་སྤེལ་དང་ནང་འདྲེན་བྱེད་པ། གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་པ་སོགས་མངའ་ཁོངས་ཀྱི་ཁ་གཏད་པའི་དཀའ་ཁག་སྣ་ཚོགས་སེལ་བས། ཁ་གཏད་རོགས་སྐྱོར་གྱི་བྱ་བ་དེ་སྐས་རིམ་གསར་བར་བསྙེགས་པ་དང་། རང་སྐྱོང་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་ཆེད། མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་ཆེན་པོ་བྱས།
ལོ་ཙཱ་བ། རྟ་མགྲིན་སྐྱབས།